2024ལོའི་མཚོ་བྱང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་བྱེད་སྒོའི་མགོ་རྩོམ་མཛད་སྒོ་སྤེལ།


ཟླ8པའི་ཚེས5ཉིན། མཚོ་བྱང་ཁུལ་གྱིས་མདོ་ལ་རྫོང་དུ2024ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་བྱེད་སྒོའི་མགོ་རྩོམ་མཛད་སྒོ་སྤེལ། ཁུལ་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་མཚོ་བྱང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པའམ་ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན་མཛད་སྒོར་ཞུགས་པ་དང་དྲིལ་སྒྲོག་ཟླ་བའི་བྱེད་སྒོའི་མགོ་རྩོམ་པ་ཁྱབ་བསྒྲགས་གནང་། མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པའམ་ཁུལ་དཔོན་གཞོན་པ་ལི་ཞན་རུང་གིས་ཤིས་ཚིག་ཕུལ།

ཐོག་མཐའ་བར་གསུམ་དུ། མཚོ་བྱང་ཁུལ་གྱིས་སྐྱེ་ཁམས་བདེ་འཇགས་དང་མཐའ་བདེ་བོད་བརྟན། མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐད་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་བཟུང་ཡོད་ལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་སྟེ། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་དར་སྤེལ་ཧུར་ཐག་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་བཟོ་སྐྲུན་ནུས་ཤུགས་ཡོད་རྒུས་བཏོད་དེ་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏིང་ཟབ་བཏང་བ།  སྡེ་ཁུལ་དང་སྡེ་བའི"སེའུ་འབྲུའི་གཞིས་ཁྱིམ"འཛུགས་སྐྲུན་བྱེད་པར་མགྱོགས་སུ་བཏང་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་ལག་ལེན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། 2015ལོའི་ཟླ12པར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་བོད་འབྲེལ་ཁུལ་དང་རྫོང་གི"རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་སྒོའི་དཔེ་སྟོན་ཁུལ"ཐོག་མ་དང་། ཞིང་ཆེན་ཡོངས་ཀྱི"རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་སྒོའི་དཔེ་སྟོན་ཁུལ"ཐོག་མའི་མིང་བཏགས་པ་དང་། 2021ལོའི་ཟླ1པོའི་རེས་སྐོར་གཉིས་པར"རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ"ཞེས་མིང་བཏགས་ནས་ཞིང་ཆེན་ཡོངས་དང་། ཐ་ན་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་གཏོང་བར་མཚོ་བྱང་གི་ཉམས་མྱོང་ལེགས་སྐྱེས་སུ་ཕུལ་ཡོད། རྒྱུས་ལོན་པར་གཞིགས་ན། 2025ལོར་མཚོ་བྱང་ཁུལ་གྱིས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་རེས་སྐོར་གསུམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བསྐྱར་ཞིབ་བསྐྱར་བཤེར་བསུ་རྒྱུ་རེད།


མགོ་རྩོམ་བྱེད་སྒོའི་སྟེང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད། མཚོ་བྱང་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དྲིལ་སྒྲོག་སློབ་གསོའི"བསྐྱོད་པ་བཅུ་གཉིས"ཀྱི་སྣེ་ཁྲིད་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་དང་། རྫོང་བཞིའི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལས་བགོས་འགན་གཉེར་རྫོང་དཔོན་གཞོན་པ། མི་རིགས་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་། མདོ་ལ་རྫོང་གི་རྫོང་རིམ་པའི་མགོ་ཁྲིད། ཡུལ་ཚོ་དང་གྲོང་རྡལ། སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། མདོ་ལ་རྫོང་གི་རིགས་སོ་སོའི་མང་ཚོགས་ཀྱིས་ཐུན་མོང་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཡིག་གཟུགས་འགྲེམས་སྟོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བརྗོད་དོན་འཁྲབ་སྟོན་ལ་ལྟད་མོར་བལྟས་པ་དང་། མདོ་ལ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་རྫས་དང་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་ལ་ལྟ་སྐོར་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号