མཚོ་བྱང་ཁུལ་གྱི་ནུས་རྒྱུ་གསར་པའི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ཁུལ་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་སུ་འཚོགས།

ཁུལ་ཡོངས་ཀྱི་ནུས་རྒྱུ་གསར་པའི་ཁྱབ་ཁོངས་ཀྱི་སྤྱི་ཡོངས་སྟོབས་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། ཟླ7པའི་ཚེས་29ཉིན། མཚོ་བྱང་ཁུལ་གྱི་ནུས་རྒྱུ་གསར་པའི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ཁུལ་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་སུ་འཚོགས་མགོ་བརྩམས་པ་དང་། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་མགོ་རྩོམ་མཛད་སྒོར་ཞུགས་ནས་གསུང་བཤད་གནང་། ཞིང་ཆེན་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡོན་ཝུའེ་མིན་གྱིས་ནུས་རྒྱུ་གསར་པའི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་འཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཉིན3ཡིན་ལ། གཅིག་སྡུད་སློབ་སྦྱོང་དང་བསམ་ཚུལ་བརྗེ་རེས་ཞིབ་བསྡུར། ཡུལ་དངོས་ལྟ་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་སྤེལ་བ་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། རྫོང་བཞིའི་ལས་བགོས་རྫོང་དཔོན་གཞོན་པ་དང་འཕེལ་སྒྱུར་ཅུས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་ཚན་ཁག་ལས་བྱེད་པ་སོགས་མི35གསོ་སྦྱོང་ནང་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号