མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཡུལ་དངོས་ཞིབ་འཇུག་རྟེན་གཞིའི་སྒོ་བྱང་མཚོ་བྱང་ཁུལ་དུ་བཀལ།  

ཟླ8པའི་ཚེས6ཉིན། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཡུལ་དངོས་ཞིབ་འཇུག་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་ཁུལ་ཀྲུང་བོད་གསོ་རིག་ཞིབ་འཇུག་བེད་སྤྱོད་ལྟེ་གནས་སུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མིའམ་ཀྲུའུ་རིན་གཞོན་པ། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲང་ཞུའེ་ཧྥེ་མཛད་སྒོར་ཞུགས་ནས་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཡུལ་དངོས་ཞིབ་འཇུག་རྟེན་གཞིའི་སྒོ་བྱང་བཀལ། ཀྲང་ཞུའེ་ཧྥེ་དང་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གཉིས་ཀྱིས་ཤིས་ཚིག་ཕུལ། ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་ཆེད་ལས་སྨན་ཁང་གི་ཡོན་ཀྲང་ངམ་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་དབྱང་ཨའེ་རུང་མཛད་སྒོར་ཕེབས།

ཐེངས་འདིའི་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཡུལ་དངོས་ཞིབ་འཇུག་རྟེན་གཞི་བསྐྲུན་རྒྱུ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། མཚོ་བྱང་གི་མཚོ་འཕགས་སྨི3000ཡན་གྱི་མཐོ་སྒང་གསོ་རིག་ཞིབ་འཇུག་གི་རྨང་གཞིའི་གཞི་གྲངས་བེད་སྤྱོད་ནུས་ལྡན་བྱེད་པ། མཐོ་སྒང་གསོ་རིག་ཡུལ་དངོས་ཞིབ་འཇུག་ཏན་ཏིག་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། མཚོ་བྱང་ཁུལ་གྱིས་མཐོ་སྒང་ས་ཁུལ་གྱི་ནད་ཡམས་སྨན་བཅོས་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བར་ཆུ་ཚད་མཐོ་བའི་སྨན་བཅོས་ཞིབ་འཇུག་སྟེགས་བུ་བསྐྲུན་ཡོད་ལ། སྨན་ཁང་དང་ས་གནས་དབར་ཤེས་ལྡན་མི་སྣ་མཉམ་སྤྱོད་དང་སྒྲིག་ཆས་མཉམ་སྤྱོད། གྲུབ་འབྲས་མཉམ་སྤྱོད་བཅས་མངོན་འགྱུར་བྱུང་བ་བརྒྱུད། སྨན་བཅོས་དང་སློབ་ཁྲིད། ཚན་ཞིབ་བཅས་ཟུང་འབྲེལ་བྱེད་པའི་མཐོ་སྒང་གསོ་རིག་ཞིབ་འཇུག་སྨན་བཅོས་ཀྱི་ཐབས་ལམ་འཚོལ་ཞིབ་སྒོས་བཙུགས་ཏེ་མཐོ་སྒང་མང་ཚོགས་མནར་བའི་དལ་བའི་རང་བཞིན་གྱི་མཐོ་སྒང་ནད་འགོག་བཅོས་ཀྱི་དཀའ་གནད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས་མཐོ་སྒང་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ།

སྒོ་བྱང་གི་འགེལ་བའི་མཛད་སྒོ་མཇུག་སྒྲིལ་རྗེས། བྱེད་སྒོར་ཞུགས་པའི་མགོ་ཁྲིད་དང་སྐུ་མགྲོན་གྱིས་མཚོ་བྱང་ཁུལ་ཀྲུང་བོད་གསོ་རིག་ཞིབ་འཇུག་བེད་སྤྱོད་ལྟེ་གནས་ལ་ལྟ་སྐོར་བྱས་ཏེ་ཡུལ་དངོས་ནས་མཛུབ་ཁྲིད་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号