མདོ་ལ་རྫོང་གིས་རྫོང་ཡོངས་ཀྱི་དྲག་ཆར་འབབ་པའི་གནམ་གཤིས་སྔོན་འགོག་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས།

ཚེས22ཉིན་གྱི་སྔ་དྲོར། ཁུལ་ཡོངས་ཀྱི་དྲག་ཆར་འབབ་པའི་གནམ་གཤིས་སྔོན་འགོག་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་རྗེས། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཧོ་ཧྲེང་ཅེ་ཡིས་འཕྲལ་མར་ཡུལ་ཚོ་དང་གྲོང་རྡལ། འབྲེལ་ཡོད་སྡེ་ཁག་སོ་སོ་རྩ་འཛུགས་བྱས་ཏེ། རྫོང་ཡོངས་ཀྱི་དྲག་ཆར་འབབ་པར་དོགས་ཟོན་བྱེད་པའི་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱེད་པའི་ཚོགས་འདུ་བསྡུས། ཞིང་ཆེན་དང་ཁུལ་གྱི་བཀོད་གཏོང་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཐེངས་འདིའི་དྲག་ཆར་འབབ་པའི་གནམ་གཤིས་སྔོན་འགོག་གི་བྱ་བ་ལེགས་པོར་བསྒྲུབ་པར་ཡང་བསྐྱར་ནན་བཤད་དང་། ཡང་བསྐྱར་བླང་བྱ་བཏོན། “བླ་ན་མེད་པ་གཉིས” ཞེས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་པ་དང་། ཆེས་མི་ཕན་པའི་གནས་ཚུལ་གཞིར་བཟུང་ནས་གྲ་སྒྲིག་གང་ལེགས་བྱེད་པ་དང་། འགན་འཁྲི་ཁག་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། ལས་ཀའི་གཏན་འཁེལ་རང་བཞིན་གྱིས་ཉེན་ཁའི་ངེས་གཏན་མིན་པའི་རང་བཞིན་ལ་ཁ་གཏད་དགོས་ཤིང་། ཚེས20ཉིན་གྱི་དགོང་མོར་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གིས་བཏོན་པའི“ཕྱོགས་བཅུ”གཙོ་གནད་དུ་བཟུང་ནས་ཕྱོགས་ཡོངས་ནས་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱས་ཏེ། ཉིན་ཧྲིལ་བོར་སྔོན་བརྡ་གཏོང་བ་དང་། ཡུལ་ཚོ་གྲོང་རྡལ་དང་སྡེ་བའི་ཚོགས་པས་ཐལ་དྲགས་པའི་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་སོགས་ཀྱི་འཕྲལ་བསྟུན་གྲ་སྒྲིག་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། ཉེན་ཟོན་སྔོན་བརྡ་གཏོང་བའི་ཆ་འཕྲིན་ཡོངས་སྒྲོག་དང་དྲིལ་སྒྲོག་བྱེད་པའི་གནས་ཚུལ་ཟམ་མི་ཆད་པར་ཤུགས་ཆེར་གཏོང་དགོས་ཤིང་། “མི་ཚང་མ་ལས་གནས་སུ་སླེབས་པ་དང་། ཁྱིམ་ཚང་ཡོངས་ཀྱིས་ཤེས་པ། གང་སར་དོགས་ཟོན། དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག”་བྱེད་པར་འགན་ལེན་བྱས་ཏེ། འགོག་སྲུང་རང་འགུལ་གྱི་དམག་འཐབ་དང་། འཕྲལ་བསྟུན་ཉེན་སེལ་འགག་སྒྲོལ་བཅས་ཀྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号