ན་ནིང་ཀན་སུའུ་ནོར་སྲིད་ཀྱིས་ཚན་རིག་ལག་རྩལ་གྱི་འགྲོ་སོང་སྒོར་དུང་ཕྱུར69.2བཏང་།

གསར་འགོད་པས་ཉེ་ཆར་འཚོགས་པའི2025ལོའི་ཀན་སུའུ་ཞིང་ཆེན་ཚན་རྩལ་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་གསལ་ལྟར་ན། 2024ལོར་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་མ་ལག་གིས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་ཆེ་རུ་གཏོང་བར་ཤུགས་བསྣན་ནས། ཚན་རྩལ་སྟོབས་ཆེར་གཏོང་བའི་འགུལ་སྐྱོད་ལ་ཕན་འབྲས་ཐོན་པ་དང་གཏིང་ཟབ་ངང་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ཀྱི་ཚན་རིག་ལག་རྩལ་གྱི་འགྲོ་སྒོ་སྒོར་དུང་ཕྱུར69.2ཟིན་པ་དང་དུས་མཉམ་ལས18.1%འཕར་ཡོད། ཀན་སུའུ་ཞིང་ཆེན་གྱི་ཕྱོགས་བསྡུས་ཚན་རྩལ་གསར་གཏོད་ཀྱི་ཆུ་ཚད་དེ2023ལོ་ལས་བརྒྱ་ཆའི་ཚེག2.9འཕར་བ་དང་འཕར་ཚད་རྒྱལ་ཡོངས་མདུན་གྲལ་གྱི་ཨང་རིམ་བཅུ་པའི་ནང་ཚུད་ཡོད། གྲུབ་འབྲས་ཁག8ལ2023ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཐོབ་ཡོད། ལག་རྩལ་ཁྲོམ་རའི་གསོན་ཤུགས་འཕེལ་ནས་ལག་རྩལ་གན་རྒྱར་མིང་རྟགས་བཀོད་པའི་དངུལ་གྲངས་སྒོར་དུང་ཕྱུར564.7ལ་སླེབས་པ་དང20.6%གི་གོང་འཕེལ་བྱུང་ཡོད། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ཡར་ཐོན་ལ་བྱས་རྗེས་འཇོག་ཚད61%ལ་སླེབས།

གསར་འགོད་པས་ཤེས་གསལ་ལྟར་ན། 2024ལོར། ཀན་སུའུ་ཞིང་ཆེན་གྱིས་གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རིག་ཞིབ་འཇུག་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས། ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ། སྔོན་ཐོན་བཟོ་སྐྲུན། སྐྱེ་དངོས་སྨན་རྫས། སོན་ལས་དར་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། ཞིང་ཆེན་རིམ་པའི་ཚན་རྩལ་རྣམ་གྲངས་གལ་ཆེན་ཁག166ལག་བསྟར་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར2.7བཏང་བ་རེད། ཚན་རིག་ཆེན་པོའི་སྒྲིག་ཆས་ཀྱི་མདུན་ཕྱོགས་ཀྱི་ཞིབ་འཇུག་དང་། ལས་གཞིའི་ཚན་རིག་དང་ཕྱོགས་བསྡུས་སྣོལ་འདྲེས། ཆུ་གློག་བཟོ་སྐྲུན། གཏེར་གཟུགས་གཞི་ཁྱོན་ཆེན་པོས་སྔོག་འདོན་སོགས་ཀྱི་ཕྱོགས་ལ་དམིགས་ནས། རྒྱལ་ཁབ་ཀྱི་རྣམ་གྲངས་ཁག135སྒྲིག་འཛུགས་བྱས་ཏེ། རྒྱལ་ཁབ་ཀྱི་ཚན་ཞིབ་རྣམ་གྲངས་མ་དངུལ་སྒོར་དུང་ཕྱུར22.8དོན་འཁྱོལ་ཡོང་བར་བརྩོན་ལེན་བྱས་པ་དང་། དུས་མཉམ་ལས19.6%འཕར་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号