ཤ་བོ་སྐྱབས་ཀྱིས་རྐང་ཚ་རྫོང་དུ་ཞོད་འགོག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་པ།

ཟླ7པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས"གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས"བཅས་རྒྱུན་འཁྱོངས་བྱས་ཏེ"མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས"ཀྱི་བྱེད་ཐབས་ཐོག་ནས་རྐང་ཚ་རྫོང་དུ་བསྐྱོད་དེ་ཞིད་འགོག་བྱ་བ་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་།

ཤ་བོ་སྐྱབས་ཀྱིས་འོམ་ཆུ་གྲོང་རྡལ་གྱི་གཙོ་གནད་ཆུ་བོ་དང་ཞོད་སྐྱོན་ཕོག་སླ་བའི་ས་ཚིགས། གསེར་ཉའི་གཞིས་ཁྱིམ་ལྗོངས་ཁུལ་བཅས་སུ་ཡུལ་དངོས་ནས་ཞོད་འགོག་ཆུ་རགས་བརྟན་དུ་གཏོང་བ་དང་ཆུ་ལམ་གྱི་ཆུ་ཁ་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་བའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཡུལ་ཚོའི་མཁོ་བསྟུན་གེགས་སེལ་དངོས་ཟོག་གྲབས་གསོག་མཛོད་ཁང་དུ་གྲབས་གསོག་དངོས་ཟོག་གི་སྣ་ཁ་དང་གྲངས་འབོར་ལ་གཟིགས་ཞིབ་གནང་སྟེ་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་གཙོ་བོའི་བྱ་བའི་སྙན་ཞུར་ཉན། ཤ་བོ་སྐྱབས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་གེགས་སེལ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ“མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ”རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས“ཟླ་བདུན་པར་ཆར་འབབ་པ་དང་བརྒྱད་པར་དྲག་ཏུ་འབབ་པའི”འགག་རྩའི་དུས་སྐབས་ལ་ཁ་གཏད་འཇལ་དགོས་ཤིང་། ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་དངོས་ཟོག་གྲབས་གསོག་བྱས་པ་ཆ་ཚང་བ་དང་བྱ་བའི་ལམ་ལུགས་འཐུས་སྒོ་ཚང་བ། མཁོ་བསྟུན་སྔོན་ཇུས་ལག་བསྟར་བྱ་ཆོག་པ། “གོང་འོག་ཕན་ཚུན་མཉམ་འདྲེས་དང་འཕྲེད་ཕྱོགས་མཉམ་འབྲེལ། མཉམ་འཛིན་སྤྱི་སྒྲུབ”བཅས་ཀྱི་ཞོད་འགོག་གི་བྱ་བའི་རྣམ་པ་ཆགས་པར་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རོང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱ་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཁུལ་དང་རྫོང་། ཡུལ་ཚོ་བཅས་རིམ་པ་གསུམ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ཚུགས་གནས་སྔར་ལས་མཐོ་རུ་བཏང་ནས་ཞོད་འགོག་བྱ་བའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་སྟེ། གཅིག་ནས་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་ཐོག་བཏོན་པའི"གཙོ་གནད་བཅུའི"བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་དགོས། འགན་ནུས་སྡེ་ཁག་སོ་སོས་བྱ་བའི་འགན་འཁྲི་གཞིར་བཟུང་དྲ་འཐེན་རྣམ་པའི་ཞོད་འགོག་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱས་ཏེ། མངོན་མེད་རྐྱེན་ངན་གྱི་གསལ་ཐོ་བཟོ་བ་དང་བཅོས་སྒྲིག་བྱ་བའི་གསལ་ཐོ་བཟོས་ཏེ། ཉེན་ཁའི་གནས་གཅིག་ཤེས་རྟོགས་ཐུབ་ན་གནས་དེ་བཅོས་སྒྲིག་བྱས་ནས་ཉེན་ཁ་མེད་པར་བྱས་ཏེ་དྲག་ཆར་མ་བབས་གོང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་སྣང་སྐུལ་བའི་ཉེན་ཁའི་མངོན་མེད་རྐྱེན་ངན་སོ་སོ་དུས་ཐོག་ཏུ་མེད་པར་བཟོ་བར་འགན་ལེན་ཏན་ཏིག་བྱ་དགོས། གཉིས་ནས་ཞོད་འགོག་གི་བྱེད་པོའི་འགན་འཁྲི་དང་ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། མངོན་མེད་རྐྱེན་ངན་གྲལ་བཤེར་དང་མཁོ་བསྟུན་ཐག་གཅོད། མང་ཚོགས་གནས་སྤོ་སོགས་ཀྱི་བྱ་ཐབས་སོ་སོ་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། བུ་ཧ་ཆུ་བོ་དང་མཚོ་འཁྱིལ་ཆུ་བོའི་བཞུར་ཚད་ལ་དོ་ཁུར་ཆེན་པོ་བྱེད་པ་དང་ཁེ་རམས་ཐང་དང་ལྷ་ཆབ་ཁུག་སོགས་ལྗོངས་ཁུལ་གྱི་ཞོད་འགོག་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་དགོས། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་སོ་སོས"མིག་མངས་འགྲིག་སྐོར་གཅིག"གི་བསམ་བློ་བརྟན་པོར་འཛུགས་རྒྱུར་ལྟ་སྐུལ་ནན་ཏན་བྱས་ཏེ། འབྲེལ་གཏུག་རོགས་སྐྲུན་ལ་ཤུགས་སྣོན་པ་དང་གཞོགས་འདེགས་མཉམ་འགུལ་ལ་ཤུགས་བསྣན་ནས་བྱ་བའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། གསུམ་ནས་གཞི་རིམ་གྱི་ཞོད་འགོག་གེགས་སེལ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་གནོད་འཚེ་ཤེས་རྟོགས་དང་གནོད་འཚེ་སྔོན་འགོག གནོད་གཡོལ་གྱི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་རྒྱུར་དོ་སྣང་བྱས་ཏེ། མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཞོད་འགོག་ཉེན་གཡོལ་གྱི་ཤེས་བྱ་སློབ་སྦྱོང་བྱེད་པ་དང་། དྲ་ཐོག་ནས་སྨྱན་སྦྱོར་གསར་པའི་ལས་སྟེགས་སྣ་ཚོགས་ལ་བརྟེན་ནས་སྤྱི་བསྒྲགས་སྤེལ་བ་དང་བརྒྱུད་སྤེལ་སྦྲེལ་མཐུད་སོགས་ཀྱི་རྣམ་པའི་ཐོག་ནས་ཞོད་འགོག་ཤེས་བྱ་ཁྱབ་གདལ་གཏོང་བ། དྲ་ཕྱི་ནས་མངོན་གསལ་དོད་སར་ཞོད་འགོག་གི་སྤྱི་བསྒྲགས་སྦྱོར་བ་དང་བདེ་འཇགས་ངང་ཕྱིར་བསྐྱོད་ལམ་ཐིག་བཟོ་བ། མཁོ་བསྟུན་དུང་སྒྲ་བརྒྱུད་དེ་བཤད་པ། ཁྱིམ་ཚང་དུ་བསྐྱོད་དེ་དྲིལ་སྒྲོག་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ། ཞོད་འགོག་བྱ་བ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་གེགས་འགོག་རང་སྐྱོབ་ནུས་པ་སྔར་ལས་ཆེ་རུ་གཏོང་དགོས། བཞི་ནས་ཆ་འཕྲིན་སྔོན་བརྡ་གཏོང་བ་དང་དངོས་ཟོག་གྲབས་གསོག་ཡག་པོ་བྱེད་དགོས་པ་དང་། གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་གཏོང་བའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་ཡག་པོ་བྱས་ཏེ། ཁུལ་ཡོངས་ཀྱིས་ཞོད་དུས་བརྟན་པོ་དང་བདེ་འཇགས་ངང་སྒྲོལ་རྒྱུར་ཆ་འཕྲིན་གྱི་འགན་ལེན་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དུས་གཅིག་ཏུ་གཙོ་གནད་ས་ཁུལ་གྱི་མི་སྣ་ཁ་འགྲེམ་གནས་སྤོ་ཡག་པོ་བྱས་ཏེ། དངོས་ཟོག་གྲབས་གསོག་འདང་ངེས་དང་དོ་དམ་གོ་རིམ་ལྡན་པ། གཏོང་སྤྲོད་དུས་ཐོག་བཅས་ཡོང་བའི་འགན་ལེན་བྱས་ནས་གེགས་འགོག་གེགས་སེལ་གྱི་བྱ་བ་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱ་དགོས་ཟེར།

ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན་དང་། ཁུལ་ཨུའི་གཞུང་ལས་ཁང་དང་རྐང་ཚ་རྫོང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་ཕེབས་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号