ཀྲང་ཧྲིང་ཡོན་གྱིས་ཁུལ་ཡོངས་ལ་དྲག་ཆར་འབབ་པར་འགོག་ཟོན་དང་ཁ་གཏད་གཅོག་པའི་བྱ་བར་བཀོད་གཏོང་བྱས་པ།

ཟླ7པའི་ཚེས22ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་མཁོ་བསྟུན་བཀོད་འདོམས་ལྟེ་གནས་སུ་བརྟན་སྲུང་བཀོད་འདོམས་བྱས་ཏེ་ཁུལ་ཡོངས་ལ་དྲག་ཆར་འབབ་པར་འགོག་ཟོན་དང་ཁ་གཏད་གཅོག་པའི་བྱ་བར་དུས་ཐོག་ཏུ་བཀོད་གཏོང་བྱས། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལི་ཞན་རུང་དང་། ཁུལ་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཁུལ་གྱི་ཚོགས་ར་གཙོ་བོར་བཀོད་གཏོང་ནང་ཞུགས།    

ཀྲང་ཧྲིང་ཡོན་གྱིས་ཐོག་མར་གནམ་གཤིས་སྡེ་ཁག་གིས་ཚེས22ཉིན་ནས་ཚེས24ཉིན་བར་ཁུལ་ཡོངས་ལ་ཆར་བ་འབབ་ཚད་སྔོན་དཔག་དང་ཉེན་ཁའི་དུས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱས་པའི་གནས་ཚུལ་ལ་ཉན་རྗེས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དྲག་ཆར་འབབ་པར་འགོག་ཟོན་དང་ཁ་གཏད་གཅོག་པའི་གྲ་སྒྲིག་གནས་ཚུལ་ལ་བཀོད་གཏོང་དང་ཁོང་དུ་ཆུད་པར་བྱས། ཁོས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྤྱད་པའི་བྱ་བའི་བྱ་ཐབས་ལ་ཁས་ལེན་གནང་ནས་བསྟན་དོན། ཐེངས་འདིའི་ཆར་བ་འབབ་ཤུགས་ཆེ་བ་དང་ཁྱབ་རྒྱ་ཆེ་བ། ཤུགས་ཚད་ཆེ་བ་བཅས་ཡིན་པས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་ཐེངས་འདིའི་དྲག་ཆར་འབབ་པའི་གནམ་གཤིས་ལ་འགོག་ཟོན་དང་ཁ་གཏད་གཅོག་རྒྱུ་དེ་མིག་སྔའི་བྱ་བའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་པ་དང་། ཆར་བ་བཀའ་རྒྱར་བརྩིས་ནས་མགྱོགས་མྱུར་ངང་འགུལ་སྐྱོད་སྤེལ་ཏེ་ཁྱོན་ཡོངས་ནས་མཁོ་བསྟུན་རྣམ་པར་སླེབས་པ་དང་འགོག་ཟོན་བྱ་ཐབས་སོ་སོ་དོན་འཁྱོལ་བྱས་ཏེ་མི་སྣ་ཤི་རྨས་མི་བྱུང་བའི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་སྲུང་དགོས་ཟེར།

ཀྲང་ཧྲིང་ཡོན་གྱིས་གཅིག་ནས་གནམ་གཤིས་སྔོན་དཔག་དང་ཉེན་བརྡའི་སྔོན་བརྡ་ཡང་བསྐྱར་དུས་ཐོག་དང་གནད་ལ་འཁེལ་བར་བྱས་ཏེ་སྔ་མོ་ནས་ཆར་བ་འབབ་པའི་གཙོ་གནད་ས་ཁུལ་དང་སྡེ་ཁག་ལ་འགོག་ཟོན་དང་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱེད་དགོས་པའི་དྲན་སྐུལ་བྱེད་དགོས། གཉིས་ནས་འགན་འཁྲི་དོན་འཁྱོལ་ཐད་ཡང་བསྐྱར་དམ་འཛིན་ཡག་པོ་བྱེད་དགོས། ཁུལ་དང་རྫོང་། ཡུལ་ཚོ་དང་སྡེ་བ། ཧྲེ་བཅས་རིམ་པ་ལྔའི་འགན་ལེན་འགན་འཁུར་མི་སྣས་འགན་ལེན་ཁུལ་དང་འཐབ་ཕྱོགས་དང་པོའི་ནང་བྱ་བ་དངོས་སྒྲུབ་བྱས་ནས་འགོག་ཟོན་དང་ཁ་གཏད་གཅོག་པའི་གྲ་སྒྲིག་སོ་སོ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། གསུམ་ནས་འགོག་ཟོན་དང་ཁ་གཏད་གཅོག་པའི་གྲ་སྒྲིག་བྱེད་ཐབས་ལ་ཡང་བསྐྱར་ཤུགས་སྣོན་དང་ནན་ཏན་བྱས་ནས་སྔོན་དཔག་ཉེན་བརྡའི་ཆ་འཕྲིན་ཡོངས་སུ་ཁྱབ་པ་དང་མང་ཚོགས་ཀྱིས་ཤེས་རྟོགས་ཐུབ་པར་བྱེད་དགོས། གཙོ་གནད་ས་ཁུལ་གྱི་སྐོར་ཞིབ་འགོག་སྲུང་དང་ཉེན་གཡོལ་གནས་སྤོ་བྱེད་ཤུགས་ཆེ་རུ་གཏོང་དགོས། “གཉིད་ལས་བསླང་ན་སད་པ”དང“བོས་ན་ཨ་ལན་ཡོད་པའི”ལམ་སྲོལ་ནན་ཏན་དུ་བཏང་ནས་ཉེན་ཁ་ཆེ་བའི་ས་ཁུལ་གྱི་མི་སྣ་འཕྲལ་དུ་གནས་སྤོ་བྱེད་དགོས། བཞི་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཡང་བསྐྱར་གྲལ་བཤེར་གནད་འཁེལ་དང་ཞིབ་ཚགས་ཡོང་བར་བྱེད་དགོས་ཤིང་།  དུས་ཐོག་ཏུ་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ནུས་ལྡན་སྤྱད་དེ་མངོན་མེད་རྐྱེན་ངན་མེད་པར་བཟོ་བ་དང་ཉེན་ཁའི་གནས་ཚུལ་མེད་པར་བཟོས་ནས་གནས་གཅིག་ཀྱང་མི་ལུས་པ་དང་ཟུར་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱེད་དགོས། ལྔ་ནས་མཁོ་བསྟུན་རོགས་སྐྱོབ་སྟོབས་ཤུགས་ཡང་བསྐྱར་མདུན་ཕྱོགས་སུ་བཀོད་སྒྲིག་བྱེད་དགོས་པ་དང་། མེ་ཟོན་དང་དམངས་དམག་སོགས་མཁོ་བསྟུན་སྟོབས་ཤུགས་དང་དངོས་ཟོག་སྒྲིག་ཆས་ཆ་ཚང་སྒྲིག་སྦྱོར་བྱས་ནས་བཀའ་རྒྱར་སྒུག་པ་དང་མདུན་ཕྱོགས་སུ་བཅའ་སྡོད་བྱེད་དགོས། སྲུང་སྐར་ཁ་པར་ཆུ་ཚོད24རིང་ཤར་གཏོང་རྒྱུན་འཁྱོངས་བྱས་ནས་དུས་དང་རྣམ་པ་ཀུན་དུ་འཐེན་ཐུབ་པ་དང་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། དྲུག་ནས་བཀོད་འདོམས་བཀོད་གཏོང་བྱེད་ཤུགས་ཡང་བསྐྱར་ཆེ་རུ་བཏང་སྟེ་ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོས་བརྟན་སྲུང་བཀོད་འདོམས་བྱས་ཏེ་གཅིག་གྱུར་བཀོད་གཏོང་དང་མཐུན་སྦྱོར་གཞོགས་འདེགས་བྱས་ནས་རེས་སྐོར་འདིའི་ཆར་བ་འབབ་པའི་གནམ་གཤིས་ལ་ཁ་གཏད་གཅོག་པའི་བྱ་བ་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།    

རྫོང་སོ་སོའི་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་རྫོང་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་རྫོང་སོ་སོའི་ཡན་ལག་ཚོགས་རར་བཀོད་གཏོང་ནང་ཞུགས།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号