ཆིང་ཧྭ་སློབ་ཆེན་སློབ་མའི་སྤྱི་ཚོགས་ལག་ལེན་རྟེན་གཞི་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྒོ་བྱང་བཀལ་ནས་བཙུགས་པ།

ཟླ7པའི་ཚེས11ཉིན། ཆིང་ཧྭ་སློབ་ཆེན་སློབ་མའི་སྤྱི་ཚོགས་ལག་ལེན་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་འཚོགས།  ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུང་ཞུག་ཙུང་དང་། ཆིང་ཧྭ་སློབ་ཆེན་བཟོ་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲང་ཙའོ་གཉིས་ཀྱིས་ཤིས་ཚིག་ཕུལ་བར་མ་ཟད། མཉམ་དུ“ཆིང་ཧྭ་སློབ་ཆེན་སློབ་མའི་སྤྱི་ཚོགས་ལག་ལེན་རྟེན་གཞིའི”སྒོ་བྱང་བཀལ།

སུང་ཞུག་ཙུང་གིས་ཤིས་ཚིག་ཁྲོད་བསྟན་དོན། རྡུལ་ཕྲན་མཁར་དང་ཆིང་ཧྭ་སློབ་ཆེན་དབར་ལོ་རྒྱུས་ཀྱི་འབྱུང་ཁུངས་ཟབ་མོ་ལྡན་ལ།    “མདེལ་གཉིས་སྐར་གཅིག”གི་བྱས་རྗེས་གཟེངས་རྟགས་ཐོབ་མཁན23ཁྲོད། ཀུའོ་ཡུང་ཧོའེ་དང་ཀྲའོ་ཅིག་ཀྲང་། ཝང་ཀན་ཁྲང་སོགས་ཚན་རིག་མཁས་ཅན14ཡིས་ཆིང་ཧྭ་སློབ་ཆེན་དུ་སློབ་སྦྱོང་དང་ཡང་ན་བྱ་བ་སྒྲུབ་མྱོང་ཡོད། ཁོང་ཚོ་ནི་རྒྱལ་ཁབ་ཀྱི་སྤོབས་པ་དང་མི་རིགས་ཀྱི་སྒལ་ཚིགས་ཡིན། ལོ་བརྒྱའི་རིང་ཆིང་ཧྭ་སློབ་ཆེན་གྱིས་ཤེས་བྱ་གསར་གཏོད་དང་ཁྱབ་སྤེལ། སྤྱི་ཚོགས་ལ་ཞབས་ཞུ་དང་སྣེ་ཁྲིད་བཅས་བྱ་རྒྱུར་གཞོལ་ཞིང་། སློབ་སྲོལ་བཟང་པོ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་གང་མང་ཞིག་གསོ་སྐྱོང་བྱས་ཏེ་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་དང་མི་རིགས་དར་རྒྱས། རྒྱལ་ཁབ་འབྱོར་ཕྱུག་བཅས་ཡོང་བར་ཕུལ་དུ་བྱུང་བའི་ལེགས་སྐྱེས་ཕུལ་ཡོད། ཆིང་ཧྭ་སློབ་ཆེན་གྱིས་ལོ་རེར་སློབ་མ་བདམས་མངགས་བྱས་ནས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་དབྱར་ཁའི་གུང་གསེང་གི་སྤྱི་ཚོགས་ལག་ལེན་བྱེད་སྒོ་སྤེལ་ཏེ་དགེ་སློབ་སྔར་ལས་མང་བར་སློབ་སྦྱོང་དང་ལག་ལེན་གྱི་གོ་སྐབས་མཁོ་འདོན་བྱེད་པ་དང་། དུས་མཚུངས་སུ་རིག་གཞུང་ཞིབ་བསྡུར་དང་རིག་གཞུང་བརྗེ་རེས་ཐད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་རྡུལ་ཕྲན་མཁར་གྱི་ལོ་རྒྱུས་རིག་གནས་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཞིབ་འཇུག་དང་ཁྱབ་སྤེལ་ནང་ཧུར་ཐག་ཞུགས་ནས་ང་ཚོ་དང་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་བླ་ན་མེད་པའི་བྱ་གཞག་མདུན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཟེར།

ཀྲང་ཙའོ་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བ་དང་རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་པོ་བདེ་བླག་ངང་འབར་གས་བྱུང་ནས་ལོ60འཁོར་བའི་ལོ་ཡིན་ལ། ཆིང་ཧྭ་སློབ་གྲྭའི་གྲོགས་པོ་དང"མདེལ་གཉིས་སྐར་གཅིག"གི་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཏེང་ཅ་ཞན་སྐུ་འཁྲུངས་ནས་ལོ100འཁོར་བའི་ལོ་ཞིག་ཀྱང་ཡིན་པས་དམིགས་བསལ་གྱི་དུས་ཚོད་འདིར་ཆིང་ཧྭ་སློབ་ཆེན་མཚོ་སྔོན་རྡུལ་ཕྲན་མཁར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བསྐྱོད་པ་དེ་ནི་ལོ་རྒྱུས་ལ་དྲན་གསོ་ཞུ་བ་ཞིག་ཡིན་ལ་མ་འོངས་པར་རེ་བ་བྱེད་པ་ཞིག་ཀྱང་ཡིན། རྗེས་ཕྱོགས་གོ་སྐབས་འདི་དང་བསྟུན་ནས་དགེ་སློབ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་བ་དང་། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མི་རིགས་ས་ཁོངས་ཀྱི་མི་རིགས་སོ་སོ་འདྲ་མཉམ་མཐུན་སྒྲིལ། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་སྤྱིའི་གཏན་ཚིགས་ལ་གོ་བ་སྔར་ལས་ལེགས་པོ་བླངས་ཏེ་མཐོ་རིམ་སློབ་གྲྭ་དང་ས་གནས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དབར་ཕན་ཚུན་མཉམ་འགུལ་བཟང་པོ་ཡོང་བར་བྱ་རྒྱུ་ཡིན་ཟེར།

སྒོ་བྱང་འགེལ་བའི་མཛད་སྒོ་མཇུག་སྒྲིལ་རྗེས། ཆིང་ཧྭ་སློབ་ཆེན་གྱི་གཞོན་ནུ་དགེ་རྒན་དང་ལས་བཟོ་བའི་དབྱར་ཁའི་གུང་གསེང་སྤྱི་ཚོགས་ལག་ལེན་ཚོགས་པས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང596བརྗོད་དོན་ཁྱམས་རིང་ལ་ལྟ་སྐོར་བྱས། དྲན་གསོ་གླིང་གི་དྲན་གསོ་ཚོམས་ཆེན་དུ་དྲན་གསོའི་མཛད་སྒོ་འཚོགས་ནས་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོའི་དྲན་གསོའི་རྡོ་རིང་ལ་མཇལ་ཏེ<<"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ཁྲོད་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས>>ཞེས་པའི་ཆེད་དོན་ཏང་གི་སློབ་ཁྲིད་ལ་ཉན་ཞིང "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་སྐོར་ནས་བཞུགས་མོལ་བརྗེ་རེས་གཏིང་ཟབ་གནང་།

ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་། གུང་གཞོན་ཚོགས་པ་ཁུལ་ཨུ། ཁུལ་སློབ་གསོ་ཅུས། ཆིང་ཧྭ་སློབ་ཆེན་གྱི་ན་གཞོན་དགེ་རྒན་དང་ལས་བཟོ་པའི་དབྱར་ཁའི་གུང་གསེང་སྤྱི་ཚོགས་ལག་ལེན་ཚོགས་པའི་ཁོངས་མི་ཡོངས། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་ལས་བྱེད་པ་དང་ལས་བཟོ་པ་ཡོངས་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号