ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

ཟླ7པའི་ཚེས10ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་སྟེ་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བདུན་ཅུ་པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་ཞིང་འབྲེལ་ཡོད་ཡིག་ཆ་གྲོས་ཞིབ་བྱས།

ཚོགས་འདུའི་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་སྐབས་ཉི་ཤུ་པའི་ཐུན་མོང་སློབ་སྦྱོང་ཐེངས་བཅོ་ལྔ་པ་གཙོ་སྐྱོང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། 《ཏང་ཨུའི(ཏང་ཙུའུ)ཕྱོགས་ཡོངས་ནས་ཏང་གི་བྱེད་པོ་འགན་འཁྲི་ནན་གྱིས་སྐྱོང་བའི་གཏན་འབེབས》ལག་བསྟར་ནན་ཏན་བྱས་ཏེ། ཕྱོགས་ཡོངས་ཀྱི་བླང་བྱ་དང་ནན་མོའི་ཡང་སྙིང་། སྐྱོང་བའི་འདུ་ཤེས་དག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་གཞི་རིམ་གྱི་ཏང་འཛུགས་སྐྲུན་བྱ་བ་གནས་བབ་གལ་ཆེན་དུ་བཞག་ནས་ནུས་མེད་ཟབ་ཟོབ་ཀྱི་སྡེ་བའི་ཏང་རྩ་འཛུགས་དག་ཐེར་སྒྲིག་སྲོལ་མུ་མཐུད་ཇེ་ལེགས་སུ་གཏོང་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི“སྟོབས་ལྡན་སྡེ་བའི”བཟོ་སྐྲུན་དང་སྡེ་བའི(གཞིས་ཁུལ)“བཅུ་ལྡན”བཟོ་སྐྲུན་ཏན་ཏིག་ངང་སྐུལ་སྤེལ་བྱེད་དགོས་ལ། སྡེ་བའི་ལས་བྱེད་པའི“གཅེས་སྐྱོང”བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས། གཞི་རིམ་ཏང་འཛུགས་སྐྲུན“གཅིག་ཅན་དྲུག”གི་བླང་བྱ་དང་། ཞིང་ཆེན་དང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་དཔྱད་བརྗོད་དང་བསམ་འཆར། ལེགས་བཅོས་ལ་དཔེ་བསྡུར་ཚད་འཛིན་བྱས་ཏེ་མཚོ་བྱང་བྱ་བའི་དོན་དངོས་དང་འཚམ་པའི་གཞི་རིམ་ཏང་འཛུགས་སྐྲུན་གྱི་བྱ་བའི་བྱེད་ཐབས་དང་ལམ་ཕྱོགས་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་ཏང་རྩ་འཛུགས་འཛུགས་སྐྲུན་དམ་འཛིན་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་དགོས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཁྲོད་ཀྱི་སྒྲིག་སྲོལ་གྱི་འདུ་ཤེས་དང་སྒྲིག་ལམ་གྱི་བླང་བྱ་སྔོག་འདོན་གཏིང་ཟབ་བྱས་ནས་རྡུལ་ཕྲན་མཁར་དྲན་གསོ་ཁང་དང221རྟེན་གཞིའི་གནའ་ཤུལ། སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི་སོགས་གསར་བརྗེའི་ཐོན་ཁུངས་སློབ་གསོ་ཅན་གྱི་བྱེད་ནུས་ཕུན་སུམ་ཚོགས་པའི་འདོན་སྤེལ་བྱེད་དགོས་པ་དང་། གྱོད་དཔེར་བརྟེན་ནས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བ་མུ་མཐུད་གཏིང་ཟབ་སྒོས་སྤེལ་ཏེ་ངེས་པ་དོན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་སུ་བསྒྱུར་དགོས་ཟེར། 

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་ཀྲུང་དབྱང་གི་ཕྱོགས་ཡོངས་བཅོས་སྒྱུར་གཏིང་ཟབ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ལྔ་པའི་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། གཙོ་གནད་ཁྱབ་ཁོངས་བཅོས་སྒྱུར་བྱེད་ཐབས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། ངེས་པ་དོན་གྱིས་ཏང་ཀྲུང་དབྱང་གི་བཅོས་སྒྱུར་གལ་ཆེན་གྱི་བྱེད་ཐབས་ཞིབ་ཕྲ་དང་དངོས་ཡོད་ཅན་དུ་ཏན་ཏིག་བཏང་སྟེ་གསལ་ཐོ་ཅན་དང་ལས་གཞི་ཅན་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། རྒྱལ་ཁོངས་ཁེ་ལས་ཀྱི་ལམ་སྲོལ་སྒྲིག་གཞི་འཐུས་ཚང་དུ་བཏང་ནས་ཕྱོགས་ཡོངས་ནས་ཁུལ་གཏོགས་རྒྱལ་ཁོངས་ཁེ་ལས17གྱི་དོ་དམ་གཉེར་སྐྱོང་གནས་ཚུལ་མཐིལ་རྟོགས་བྱེད་དགོས་པ་དང་། རྒྱལ་ཁོངས་ཁེ་ལས་བཅོས་སྒྱུར་བྱ་བ་བརྟན་པོའི་ངང་སྤེལ་བ། དུས་བཀག་ལྟར་རྒྱལ་ཁོངས་ཁེ་ལས་དཔལ་འབྱོར་དབྱེ་ཞིབ་ཚོགས་འདུ་འཚོགས་ཏེ་ཁེ་ལས་ཚད་ལྡན་གཉེར་སྐྱོང་དང་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་སྐྱེད་བྱེད་དགོས། ས་ཞིང་གི་གྲངས་འབོར་དང་སྤུས་ཚད། སྐྱེ་ཁམས་ཀྱི“ཕྱོགས་གསུམ་གཞི་གཅིག”གི་སྲུང་སྐྱོབ་ལ་ཤུགས་སྣོན་དགོས་པ་དང་། ས་ཞིང་དང་ཡུན་རིང་རང་བཞིན་གྱི་གཞི་རྩའི་ས་ཞིང་གི་དམར་ཐིག་ནན་སྲུང་བྱེད་པ། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཇེ་མཐོར་བཏང་ནས། རིན་གོང་གི་ཁ་གསབ་དང་ཉེན་སྲུང་སོགས་ཞིང་ཕན་སྲིད་ཇུས་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ་འབྲུ་རིགས་བདེ་འཇགས་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས་ཟེར། 

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། <<ཀྲུང་གོ་གུང་ཁྲན་ཏང་གི་ཚད་ལྡན་མིན་པའི་ཏང་ཡོན་རྩ་འཛུགས་ཀྱི་ཐག་གཅོད་བྱ་ཐབས>>སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་གྱིས"ཚོགས་འདུ་གསུམ་དང་བསླབ་ཚན་གཅིག"། ཏང་གི་བརྗོད་དོན་ཉིན་མོ་སོགས་སྤྱད་དེ་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བླང་བྱ་ཀྲི་པུའུ་ཚང་མ་དང་ཏང་ཡོན་ཚང་མར་དོན་འཁྱོལ་བྱས་ནས། དུས་རྒྱུན་དུ་དོ་དམ་གཟབ་ནན་བྱེད་དགོས། བྱེད་པོའི་འགན་འཁྲི་ནན་གྱིས་འཁུར་བ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་མཐིལ་རྟོགས་བྱས་ཏེ། གནད་དོན་ཤེས་རྟོགས་དུས་ཐོག་དང་ངོ་བོ་གཏན་འཁེལ་གནད་ལ་འཁེལ་བའི་འགན་ལེན་བྱེད་པ། ཚད་ལྡན་མིན་པའི་ཏང་ཡོན་ཐག་གཅོད་བྱེད་པའི་བྱ་བ་གཟབ་ནན་དང་བརྟན་པོའི་ངང་ཡག་པོ་སྒྲུབ་པ། ཚད་ལྡན་མིན་པའི་ཏང་ཡོན་གྱིས་དཔེ་མཚོན་གྱོད་གཞི་ཐག་གཅོད་བྱས་ཚུལ་དུས་ཐོག་ཏུ་ཁྱབ་བརྡ་བཏང་སྟེ་ཉེན་བརྡའི་ནུས་པ་འདོན་སྤེལ་བྱེད་པ། རྒྱ་ཆེའི་ཏང་ཡོན་གྱིས་འོས་འགན་ཡང་དག་པར་སྒྲུབ་པ་དང་། འགན་འཁྲི་འཁུར་བ། སྒྲིག་ཁྲིམས་བརྩི་སྲུང་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས། ཏང་གི་ལུས་ཕུང་བདེ་ཐང་རྒྱུན་མཐུད་ཡོང་བར་བྱེད་དགོས་ཟེར།

ཚོགས་འདུའི་སྟེང་ཀྲུང་དབྱང་གཅིག་སྡུད་བཅོས་སྒྲིག་མགོ་ཁྲིད་ཚན་ཆུང་གི<<རྒྱུན་སྲོལ་ལས་བརྒལ་ནས་གཅིག་སྡུད་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་ལྷོད་གཡེང་མི་བྱེད་པའི་སྐོར་གྱི་བརྡ་ཐོའི>>དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱ་བ་སྤེལ་ཚུལ་ལ་ཉན་ནས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)དང་སྒྲིག་བཤེར་ལྟ་ཞིབ་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་མཇུག་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་གཏོང་པ་དང་ལས་རིགས་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་ཡོ་བསྲང་དང་ཟང་ཟིང་བཅོས་སྒྲིག་གི་བྱ་བ་ཏན་ཏིག་སྤེལ་ནས་གནད་དོན་གྱི་ཁུངས་སྣེ་གྲལ་བཤེར་བཅོས་སྒྲིག་དང་གྱོད་གཞི་ཞིབ་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་དང་ཀྲུང་དབྱང་སྒྲིག་ཨུའི་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གིས་མཚོ་བྱང་དུ་བྱ་བ་སྒྲུབ་པའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། ཁེངས་སྐྱུང་ངང་ལྟ་ཞིབ་མཛུབ་ཁྲིད་དང་ལེན་བྱས་ནས་ཆེད་དོན་བཅོས་སྒྲིག་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུའི་སྟེང་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་ཉེར་གསུམ་པའི་མཚོ་བྱང་ཁུལ་མངའ་ཁོངས་ཀྱི་འགྲན་སྡུར་བྱེད་སྒོའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུར་གསན། རྫོང་བཞིའི་ཏང་ཨུ་དང་སྲིད་གཞུང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས"མིག་མངས་འགྲིག་སྐོར་གཅིག"གི་བསམ་བློ་བརྟན་པོ་བཙུགས་ཏེ་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་དང་། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག འགྲན་སྡུར་ལམ་དུམ་གྱི་བདེ་སྲུང་། ཟས་སྡོད་སྣེ་ལེན་ཞབས་ཞུ། སྨྱན་སྦྱོར་དྲིལ་སྒྲོག་འཕྲིན་སྤེལ་སོགས་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས་བྱ་བའི་འགན་འཁྲི་ནན་དུ་གཏོང་བ། བྱ་བའི་ཇུས་གཞི་ཞིབ་ཚགས་སུ་གཏོང་བ། འགྲན་སྡུར་བྱེད་སྒོའི་ལས་འགན་སོ་སོ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་བཅས་བྱེད་པ། རིམ་པ་སོ་སོའི་སྤྱི་བདེ་དང་འགྲིམ་འགྲུལ་སྡེ་ཁག་གིས་བགྲོད་ལམ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཏེ། ལས་སྒྲུབ་འགན་འཁྲི་བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་མཁོ་བསྟུན་རོགས་སྐྱོབ་ཀྱི་གྲ་སྒྲིག་ཡག་པོ་བྱས་ནས་ཞབས་ཞུ་འགན་ལེན་གྱི་བྱ་བར་དམ་འཛིན་ཡག་པོ་བྱེད་དགོས། རྫོང་སོ་སོས་ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་འགུལ་སྐྱོད་ཟུང་འབྲེལ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ། ལྗོངས་ཁུལ་དང་གཞུང་ལམ་ལམ་རྒྱུད་བཅས་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་དམ་འཛིན་ཏན་ཏིག་བྱེད་དགོས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོས་དངོས་སུ་འདྲི་རྩད་དང་དངོས་སུ་ཇུས་འགོད། དངོས་སུ་བཀོད་སྒྲིག་བཅས་བྱས་ཏེ་ཁྱོན་ཡོངས་ནས་རྩད་ཞིབ་མཐིལ་རྟོགས་བྱས་ནས། བྱ་བ་སོ་སོ་ཞིབ་ཚགས་དང་ཏན་ཏིག་ངང་གནད་ལ་འཁེལ་བར་སྒྲུབ་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས། རིམ་པ་སོ་སོའི་དྲིལ་སྒྲོག་སྡེ་ཁག་གིས་བྱེད་སྒོའི་རྣམ་པ་བཟང་པོ་ཧུར་ཐག་གཏོད་པ་དང་མཚོ་བྱང་གི་ཡུལ་སྲོལ་གོམས་གཤིས་དང་མི་རིགས་ཀྱི་རིག་གནས་དྲིལ་སྒྲོག་ཤུགས་ཆེན་བྱས་ཏེ་མཚོ་བྱང་གི་ལྗོངས་ཁུལ་ཁྱོན་ཡོངས་ནས་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号