“ཀོ་མིང་ཡི་དང་མཉམ་དུ་ལེ་ཧྥིན་ལ་སློབ་སྦྱོང་བྱེད”ཅེས་པའི་བྱེད་སྒོ་མཚོ་སྔོན་རྐང་ཚ་རུ་སྤེལ་བ།

ཟླ5པའི་ཚེས15ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་། “དེང་རབས་ཀྱི་ལེ་ཧྥིན”ཏེ་ཀོ་མིང་ཡིས“གཅེས་སེམས་ཚོགས་པའི”རུ་སྣེ་ཁྲིད་དེ་བོད་མཁར་རྐང་ཚར་བརྟག་ཞིབ་གནང་བར་མ་ཟད་སྤྱི་ཕན་བྱེད་སྒོ་སྤེལ།

སྐབས་འདིའི་མཐོ་སྒང་གི་དཔྱིད་ཀར་སྐྱེ་དངོས་ཡོད་ཚད་ལ་ཚེ་སྲོག་རྒྱས་པ་དང་། “ཀོ་མིང་ཡིའི་གཅེས་སེམས་ཚོགས་པ”འཁོར་དང་བཅས་པ་སྔ་གཞུག་ཏུ་རྐང་ཚ་རྫོང་གྲོང་གསར་ལམ་ཆེན་དུ་སྡོང་འཛུགས་ནགས་སྐྲུན་གྱི་ཡུལ་དངོས་སུ་བསྐྱོད་དེ་སྡོང་ཕྲུག13000ལྷག་ཞལ་འདེབས་སུ་ཕུལ་ཞིང་། རྐང་ཚ་རྫོང་གི་ལས་བྱེད་ལས་བཟོ་བ་བརྒྱ་ལྷག་དང་མཉམ་དུ་སྡོང་འཛུགས་ནགས་སྐྲུན་གྱི་ལས་ཀར་ཞུགས། ཁོ་ཚོས་ལག་ཏུ་ལྕགས་ཁེམ་བཟུང་ནས་ས་དོང་བརྐོས་ཤིང་སྡོང་ཕྲུག་བསྐྱོར་ཏེ་ཆུ་གཏོང་བ་སོགས་ལས་རིམ་ཞིབ་ཚགས་དང་གོ་རིམ་ལྡན་པའི་སྒོ་ནས་ཐུང་མོང་གི་འབད་བརྩོན་ལས་གྲལ་དག་པའི་སྡོང་ཕྲུག་བཙུགས་པ་རེད།

ཧྲུའུ་ཅིའི་ཞབས་རྗེ་འཚོལ་བ་དང་བསམ་བློའི་སྙིང་སྟོབས་དར་སྤེལ། གསར་བརྗེའི་གཞི་རྒྱུ་རྒྱུན་མཐུད་བྱེད་པ། འབད་འབུངས་སྟོབས་ཤུགས་ཚུར་ལེན་བྱ་དགོས།  མཐར། “ཀོ་མིང་ཡིའི་གཅེས་སེམས་ཚོགས་པ”འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་བསྐྱོད་དེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོའི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད། ཚང་མས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་གིས་ཕ་ཡུལ་གྱི་བརྩེ་སེམས་ཡིད་ལ་བཅངས་ནས་ལག་གདང་མཉམ་སྦྲེལ་གྱིས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། བདེ་སྐྱིད་བཅས་ཀྱི་གཞིས་ཁྱིམ་མཉམ་དུ་བསྐྲུན་རྒྱུའི་ཆོད་སེམས་བསྟན།

“མིའི་ཚེ་སྲོག་ལ་ཚད་ཡོད་ཀྱང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཚད་མེད་པ་ཞིག་ཡིན།” བརྟག་ཞིབ་མཇུག་སྒྲིལ་རྗེས་ཀོ་མིང་ཡིས་མི་སྒེར་གྱི་མྱོང་ཚོར་དང་ཟུང་འབྲེལ་བྱས་ཏེ་རྫོང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཁོངས་མི་སོ་སོ་དང་། རྫོང་ཡོངས་ཀྱི་ཁོའོ་རིམ་པ་གཞོན་པ་དང་དེ་ཡན་གྱི་ལས་བྱེད་པ། རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་། རྫོང་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་རྫོང་ཨུ་དང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ལས་བཟོ་ལས་བྱེད་པ་ཡོངས་དང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་སོགས་ཀྱི་འབྲེལ་ཡོད་མི་སྣར་འཆད་ཁྲིད་བྱས། འཆད་ཁྲིད་ཧྲིལ་པོར་གསར་བརྗེའི་གླུ་གཞས་དང་ལེགས་བཤད་གྲགས་ཅན་གྱི་ཚིག་རྒྱན་གྱིས་སྤྲས་ཏེ་ལས་བྱེད་ལས་བཟོ་བའི་བསམ་བློའི་བློ་ཁར་སྐུལ་སློང་ཆེན་པོ་བྱས།

འཆད་ཁྲིད་མཇུག་རྫོགས་རྗེས་ཀོ་མིང་ཡིས་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི། དེ་མིན་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་དང་བླངས་ཞབས་ཞུའི་རུ་མི་ཁག་གཅིག་ལ་མི་སྒེར་གྱི་གསུང་རྩོམ《བདེ་སྐྱིད་དེ་འདྲའི་སྟབས་བདེ་ཞིག》ཅེས་པ་ཞལ་འདེབས་སུ་ཕུལ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号