"རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"ལྷག་རིམ་འགྲན་སྡུར་ཆེན་མོ་མཚོ་བྱང་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་འཚོགས་པ།

ཟླ་ལྔ་པའི་མཚོ་བྱང་ནི་སྐྱེ་སྟོབས་ཀྱི་དཔལ་འབར་ལ། ཟླ་ལྔ་པའི་འཇུ་ལག་ནི་རྩྭ་ཐང་སྔོ་ལྗང་ལྗང་། ཟླ5པའི་ཚེས25ཉིན། "རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"ལྷག་རིམ་འགྲན་སྡུར་ཆེན་མོ་ལས་མཚོ་བྱང་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་དེ་འཇུ་ལག་རྫོང་མི་རིགས་ལུས་རྩལ་ར་བ་རུ་སྤེལ། ཧྲིན་ཀྲང་གཞོན་པ་ཧོ་ལུའུ་ཁྲུན་འགྲན་སྡུར་གྱི་མགོ་རྩོམ་མཛད་སྒོར་ཕེབས་པ་དང་འགྲན་སྡུར་མགོ་བརྩམས་པ་ཁྱབ་བསྒྲགས་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཕུལ། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་གཞོན་པ་ལི་ཧུང་ཞུས་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ཏང་ཙུའུ་ཧྲུའུ་ཅི་ཏུང་ཧྥུའུ་ཧའེ། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིན་གྱི་ཏང་ཙུའུ་ཁོངས་མི་ཝང་ཏ་ཅོན། ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཧའེ་ཉིང་། ཞིང་ཆེན་ཚོང་དོན་ཐིན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཀྲང་གཡོད་ཅོན། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་གྲོང་དཔོན་གཞོན་པ་ཞོ་ཞང་ཏུང་། མཚོ་སྔོན་ཞིང་ཕྱུགས་ཚན་རྩལ་ལས་རིགས་སློབ་གླིང་གི་གླིང་གཙོ་གཞོན་པ་རྡོ་རྗེ་དང་། ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན། ཝང་ཞིན་ཧུའེ། ཀརྨ་ཚེ་རིང་། མ་རུའུ་ཞང་། ལུང་ཡུང་ཧྲིན་བཅས་འགྲན་ཚོགས་ལ་ཕེབས་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་ཧི་པིན་གྱིས་གཙོ་སྐྱོང་གནང་།

ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་གནང་སྐབས། "རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"ལྷག་རིམ་འགྲན་སྡུར་ཆེན་མོའི་མཚོ་བྱང་འགྲན་ཁུལ་གྱི་འགྲན་མགོ་བརྩམས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུས་རྩལ་དང"ཞིང་གསུམ"བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དང་མཆན་འགོད་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་མཚོ་བྱང"མདུན་གྲལ་དུ་བསྐྱོད་པ་གསུམ"གྱི་དམིགས་ཚད་བླང་བྱ་ལག་བསྟར་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་དང་། ཁུལ་ཡོངས་སུ"243"འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་གཞི་ཚུགས་ནས་ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས་བཅས"ལས་རིགས་ལྔ"མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་ཡིན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས"ཆས་རྟགས་རྐང་གྲུག་སྤོ་ལོའི་འགྲན་བསྡུར་གྱི་བྱ་བ+ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང+ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་འགྲེམས་དངོས་འགྲེམས་སྟོན+ཁྱད་ལྡན་རིག་རྩལ་ལེ་ཚན་འཁྲབ་སྟོན+དྲ་ཐོག་དྲ་ཕྱིའི་དྲིལ་སྒྲོག་ཁྱབ་གདལ"བཅས་ཀྱི་བྱ་ཐབས་བརྒྱུད་ཕྱོགས་ཡོངས་དང་རྣམ་པ་མང་བ། ཟློས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་མཚོ་བྱང་གི་རང་བྱུང་ཡུལ་ལྗོངས་དང་ཡུལ་སྲོལ་གོམས་གཤིས། ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱས་ཏེ“མཚོ་བྱང་གི་སྤུས་ལེགས་ཐོན་རྫས”ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད་ནུས་ལྡན་གཏོང་དགོས་པ་དང་། “མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཀྱི་སྙན་པ་ཇེ་མཐོར་བཏང་ཏེ“རྐང་གྲུག་སྤོ་ལོ་ཆུང་ཆུང”གིས“ཐོན་ལས་ཆེན་པོར”སྐུལ་ཁྲིད་བྱེད་རོགས། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས། རོང་འབྲོག་ཁུལ་དར་སྤེལ་དང་རོང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་མཚོ་བྱང་གི"ཞིང་གསུམ"བྱ་བའི་སྤུས་ཚད་མཐོ་བའི་ལེའུ་གསར་པ་ཞིག་རྩོམ་དགོས་པའི་རེ་བ་བཏོན་ལ། འགྲན་ཞུགས་རུ་ཁག་གིས་མཚོ་བྱང་འགྲན་ཁུལ་དུ་རྩེར་སོན་གྱི་རྩལ་ནུས་མངོན་པ་དང་མཛའ་མཐུན་གྱི་སྤེལ་རེས་ཟབ་ཏུ་གཏོང་བ། གཟི་བརྗིད་ཀྱི་གྲུབ་འབྲས་བླངས་སྟེ་རྐང་གྲུག་སྤོ་ལོའི་ཡིད་དབང་འཕྲོག་ཤུགས་དེ་མཚོ་བྱང་འགྲན་ཁུལ་དུ་དེ་བས་མཚར་སྡུག་གིས་མངོན་པའི་རེ་བ་ཡོད་ཟེར།

འགྲན་སྡུར་མགོ་བརྩམས་པའི་མཛད་སྒོའི་སྔོན། ཞིང་ཆེན་དང་ཁུལ་གྱི་མགོ་ཁྲིད་ཀྱིས་སྐུ་མགྲོན་དང་མཉམ་དུ་མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་དང་ཁྱད་ལྡན་ཟས་མཆོག་སོགས་འགྲེམས་སྟོན་ཁུལ་ལ་གཟིགས་སྐོར་གནང་། ཉིན་དེར། ལས་བྱེད་པ་དང་མང་ཚོགས་ཁྲི2ལྷག་ཙམ་འགྲན་སྡུར་མགོ་བརྩམས་མཛད་སྒོར་ཞུགས་ཏེ་མཉམ་དུ་འགྲན་བསྡུར་ལ་བལྟས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号