ལྔ་གཅིག་རིང་། མདོ་ལ་རྫོང་གིས་ཡུལ་སྐོར་བ་ཁྲི2.29སྣེ་ལེན་བྱས།

ཟླ5པའི་ཚེས6ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྔ་གཅིག་རིང་མདོ་ལ་རྫོང་གིས་ཁྱོན་ཡུལ་སྐོར་བ་ཁྲི2.29སྣེ་ལེན་བྱས་ནས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི1124.61སླེབས་ཡོད། དེ་དུས་མཚུངས་ལས7.8%དང12.83%འཕར་ཡོད། དེའི་ནང་ལྟེ་བའི་ལྗོངས་ཁུལ་གྱིས་ཁྱོན་ཡུལ་སྐོར་བ་ཁྲི2.25ལ་སྣེ་ལེན་བྱས་པར་ལས་གཉེར་ཡོང་འབབ་སྒོར་ཁྲི74.42བྱུང་ཡོད། 

ལྔ་གཅིག་གུང་གསེང་གི་སྔ་གཞུག་ཏུ་མདོ་ལ་རྫོང་གིས་སྐད་འཕྲིན་དང་ཁྱུག་དབྱིངས་སོགས་སྟེགས་བུ་བརྒྱུད་དེ་རིག་གནས་ཡུལ་སྐོར་གྱི་དྲིལ་སྒྲོག་ཆ་འཕྲིན་དང་བརྙན་ཐུང་ཁྱབ་བསྒྲགས་བྱས་ཏེ"ལྷ་ཡུལ་མདོ་ལའི"རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ཁྱབ་གདལ་ཤུགས་ཆེན་བཏང་བ། ལྟེ་བའི་ལྗོངས་ཁུལ་གྱི་འཛིན་བྱང་གི་གཟིགས་སྐྱོང་སྲིད་ཇུས་དང<<བདེ་འཇགས་དང་དཔལ་ཡོན་ངང་ཡུལ་སྐོར་བྱེད་པའི་བརྩེ་སེམས་དྲན་སྐུལ།>> <<དཔལ་ཡོན་ལྡན་པའི་ཡུལ་སྐོར་གྱི་གྲོས་འདོན་ཡི་གེ>>ཁྱབ་བསྒྲགས་བྱས་ནས་མགྲོན་པོ་མདོ་ལར་འདྲེན་བསུ་བྱས། དེ་དང་ཆབས་ཅིག  རབ་མཛེས་མཚོ་སྔོན·མཐོ་སྒང་རྐང་རྩེད་སྤོ་ལོའི"ལྷག་རིམ་མཉམ་འགྲན་མཚོ་བྱང་འགྲན་ཁུལ(མདོ་ལ)གྱི་ཞོར་སྦྱོང་གདན་ཞུའི་འགྲན་སྡུར་དང་མདོ་ལ་རྫོང་གི"མཚོ་སྔོན་གྱི་ལིང་གྱོ་རྒྱ་རྟགས་མའི"མདོ་ལ་རིང་མོའི་མཚོ་སྔོན་གྱི་ལིང་གྱོ་རྒྱ་རྟ་རྒྱུག་འགྲན་སྡུར། མདོ་ལ་རྫོང་གིས་ལྔ་གཅིག་རྫོགས་ལྡན་ཡུལ་སྐོར་དུས་ཚིགས་བསུ་བའི་རིག་རྩལ་འཁྲབ་སྟོན་ལྗོངས་ཁུལ་དུ་འཁྲབ་པ་སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号