ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པ་འཚོགས།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་།

ཟླ4པའི་ཚེས30ཉིན། ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པ་འཚོགས་ཤིང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩིས་བཤེར་བྱ་བའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཐེངས་ལྔ་པའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། 2023ལོའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བ་སྒྲུབ་ཚུལ་ཁྱབ་བརྡ་བཏང་ནས《2024ལོའི་རྩིས་བཤེར་ལས་གཞིའི་འཆར་གཞི》ལ་གྲོས་ཞིབ་བྱས་ཏེ་གོམ་སྟབས་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན་ཚོགས་འདུར་ཞུགས།

ཤ་བོ་སྐྱབས་ཀྱིས་བསྟན་དོན། ན་ནིང་ནས་བཟུང་ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་དང་ཁུལ་ཡོངས་ཀྱི་རྩིས་བཤེར་ཁོངས་གཏོགས་ཀྱིས་དཔལ་འབྱོར་ལྟ་སྐུལ་གྱི་གནས་བབ་ལ་གཞི་ཚུགས་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ཡོངས་ལ་དམ་པོར་དམིགས་ནས་རྩིས་བཤེར་ཁྱབ་ཁོངས་ཀྱི་བྱ་བ་གལ་ཆེན་གཅིག་གྱུར་འཆར་འགོད་དང་རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་རྩིས་བཤེར་ལྟ་སྐུལ་གྱི་འགན་འཁྲི་ནན་ཏན་བསྒྲུབས་ཏེ་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོབ་དང་། མགོ་ཁྲིད་ཐབས་ཇུས་ལ་ཞབས་འདེགས་ཞུ་བ། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ། སྲིད་དོན་གཙང་སྐྱོང་ལ་སྐུལ་འདེད། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་འགན་ལེན་བཅས་བྱེད་པའི“རིམས་འགོག་མ་ལག”གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པས་བྱ་བ་སོ་སོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཆབ་སྲིད་ཐོག་ནས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་དང་རྩིས་བཤེར་བྱ་བའི་ཁ་ཕྱོགས་དམ་པོར་འཛིན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩིས་བཤེར་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་དུས་བབ་གསར་པའི་འོག་རྩིས་བཤེར་བྱ་བའི་འགན་ནུས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཞིབ་ཕྲའི་བླང་བྱ་ཐོག་གཅིག་གྱུར་ཏན་ཏིག་བྱ་དགོས། “དཔལ་འབྱོར་གྱི་གཟུགས་བཤེར”ལ་དམིགས་ཏེ་རྩིས་བཤེར་ལྟ་སྐུལ་གྱི་འཇུག་སྒོ་ཡང་དག་འཚོལ་བ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་བྱ་བར་དམ་པོར་དམིགས་ཏེ་ཞིབ་འཇུག་རྣམ་པའི་རྩིས་བཤེར་གཏིང་ཟབ་སྤེལ་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཉེན་ཁ་ཚབས་ཆེན་དོགས་ཟོན་སེལ་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས། དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ཐད་ལ་དམིགས་ནས་རྩིས་བཤེར་ལྟ་སྐུལ་ལ་ཤུགས་བསྣན་ཏེ་རྒྱུན་རྣམ་ཅན་གྱི“དཔལ་འབྱོར་གྱི་གཟུགས་བཤེར”བྱ་བ་ཡག་པོར་བསྒྲུབ་དགོས། སྒོ་རྒྱག་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་རྩིས་བཤེར་བཅོས་སྒྲིག་གི་གྲུབ་འབྲས་སྲ་མོ་གཏོད་པ། རྩིས་བཤེར་གྱི་ཚུར་ལན་གནད་དོན་ལ་དམིགས་ནས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས“གཟེར་འདེབས”སྙིང་སྟོབས་དར་སྤེལ་བཏང་ནས་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་དོན་མཐུན་སྦྱོར་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྩིས་བཤེར་བཅོས་སྒྲིག་གི་མཉམ་ཤུགས་སྔར་བས་ནུས་ལྡན་ཆགས་པར་བྱ་དགོས། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ནས་རྩིས་བཤེར་དཔུང་ཁག་གི་འཐབ་འཛིང་ནུས་པ་ཆེ་རུ་གཏོང་བ། ཁུལ་ཡོངས་ཀྱི་རྩིས་བཤེར་སྡེ་ཁག་གི“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་དམིགས་ཚད་དང“ལས་བྱེད་པས་བྱ་བ་སྒྲུབ་པ་དང་། བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བཅས་བྱེད་པའི”བྱ་བའི་བླང་བྱར་དམིགས་ནས“རྒྱལ་ཁབ་རྩིས་བཤེར”གྱི་གསེར་གྱི་མིང་བྱང་སྲུང་སྐྱོབ་ཡག་པོ་བྱས་ཏེ་རྩིས་བཤེར་བྱ་གཞག་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས་ཟེར།

ཁུལ་དུ་བསྡད་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་སོ་སོ། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ་སོ་སོ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། རྫོང་བཞི་དང་ཞིང་ར་གཅིག་གི་ཏང་ཨུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号