ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་སྡེ་ཁག་བཞིའི་ཏང་རྩ་འཛུགས་མཚོ་བྱང་ཁུལ་གྱི221རྟེན་གཞིའི་གནའ་ཤུལ་དུ་ཡོང་ནས་མཉམ་འབྲེལ་ཐོག་ཏང་གི་བརྗོད་དོན་ཉིན་མོའི་བྱེད་སྒོ་སྤེལ་བ།

ཟླ4པའི་ཚེས15ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཏང་ཨུ་དང་། གསར་གཏོད་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཨུ། མཚོ་སྔོན་སྤྱི་ཁྱབ་ས་ཚིགས་ཀྱི་ཏང་ཨུ། སྤྱི་ཁྱབ་གསར་འགྱུར་ལྟེ་གནས་རྒྱང་སྒྲོག་པུའུ་ཏང་ཀྲི་པུའུ་སོགས་ལས་ཁུངས་ཀྱི་ཏང་ཡོན60ལྷག་ཙམ་གྱིས་ནུབ་མཚོ་གྲོང་རྡལ་དུ་ཐུན་མོང་ཐོག“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་དང“སྲུང་སྐྱོང་གཉིས”ཀྱི་རུ་བསྟར་དང་པོ་ལག་ལེན་ཡག་པོ་བྱེད་པའི”མཉམ་འབྲེལ་ཏང་གི་ཉིན་མོའི་བརྗོད་དོན་བྱེད་སྒོ་སྤེལ། 


ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཁྲིན་ཧྥུའུ་ཧྲིན་དང་། སྤྱི་ཁྱབ་ལས་ཁུངས་གསར་གཏོད་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཀྲང་ལི་ཧྲིན། སྤྱི་ཁྱབ་ལས་ཁུངས་གསར་གཏོད་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཞུང་ཁྲོན་ཀང་། སྤྱི་ཁྱབ་ལས་ཁུངས་གསར་གཏོད་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་སུའུ་ཞའོ་ཁྲུན་དང་སྤྱི་ཁྱབ་ལས་ཁུངས་ཀྱི་ཏང་ཨུའི་འགན་འཁུར་བློ་མཐུན་བཅས་བྱེད་སྒོར་ཞུགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་དོན་ཨུ་ལྷན་གྱི་ཁོངས་མི་ཧྥིན་ཆིང་དབྱི། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་སུང་ཞུག་ཙུང་བཅས་ཀྱིས་ཕེབས་རོགས་བྱས།

བྱེད་སྒོའི་ནང་ཞུགས་པའི་ཏང་ཡོན་ལས་བྱེད་པ་ཡོངས་ཐོག་མར་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དུ་ཡོང་ནས་གཅིག་སྡུད་ཐོག་ལྟ་སྐོར་སློབ་སྦྱོང་དང་འགྲེལ་བཤད་ལ་ཉན་པ་བརྒྱུད། ཚན་རྩལ་ལས་སྒྲུབ་རྒན་རབས་པ་ཚོས"གནམ་ས་འགུལ་བའི་བྱ་བ་སྒྲུབ་པ་དང་རུས་མིང་སྦས་པའི་མི་བུ་བྱེད་པའི"བརྩེ་སེམས་རླབས་ཆེན་ལ་ཤེས་རྟོགས་བྱས། སྙན་འཇེབས་ལྡན་པའི་འགྲེལ་བཤད་ནང་ཚང་མས་སྤྲོ་སེམས་རབ་ཏུ་འཁོལ་བའི་ལོ་ཟླ་དེར་ཕྱིར་ལོག་བྱས་ཏེ། གསར་བརྗེའི་སྔོན་བྱོན་པ་ཚོས་བློ་བརྟན་འགྱུར་མེད་ངང་འབད་འཐབ་དང་འགག་སྒྲོལ་དཀའ་སེལ་བྱས་ནས་ཐུན་མོང་ཐོག་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པའི་འོད་སྟོང་འཕྲོ་བའི་དུས་སྐབས་མཉམ་དུ་བསྐྱར་དྲན་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱིས་སྟོབས་ཆེའི་དགྲ་བོར་མི་སྐྲག་པར། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ། ཤུགས་སྐྱེད་སྟོབས་སྤེལ་བཅས་ཀྱི་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྔར་ལས་གཏིང་ཟབ་དང་། ཏང་ཡོན་ལས་བྱེད་པས་ཏང་གི་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་ཏན་ཏིག་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སྐུལ་སློང་བྱས། 

དེའི་རྗེས། ཏང་ཡོན་ལས་བྱེད་པ་ཡོངས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་ཕེབས་ནས་རིམ་པ་བཞིན"མདུན་ཕྱོགས་ཚོམས་ཆེན་དང་ཤར་ཕྱོགས་སྒྲ་ཆེན། མཛད་རྗེས་རྡོ་རིང་། ལོ་རྒྱུས་གདམ་ག སྤྲོ་སེམས་ལོ་ཟླ། ཡང་རྩེར་འཛེགས་པ། རླབས་ཆེན་གྲུབ་འབྲས། ཕུགས་འདུན་བསྐྱར་བསྐྲུན"བཅས་ཀྱི་འགྲེམས་ཁང8ལ་གཟིགས་སྐོར་གནང་པ་དང་། ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོའི་འོད་སྟོང་འབར་བའི་ལོ་རྒྱུས་དང་འོད་སྟོང་འབར་བའི་གྲུབ་འབྲས། མདེལ་གཉིས་ཀྱི་བྱས་རྗེས་ཆེན་པོ་འཇོག་མཁན་དང་རྒྱ་ཆེའི་ཚན་རྩལ་ལས་བྱེད་མི་སྣས་གསེར་དངུལ་རྩྭ་ཐང་དུ། མདེལ་གཉིས་ཞིབ་བཟོ་བྱེད་ཆེད་དཀའ་སྡུག་ལ་མི་སྐྲག་པ་དང་དཀའ་སྤྱད་འབད་འཐབ་ཀྱི་བླ་ན་མེད་པའི་བསམ་ཚུལ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་དངོས་སུ་མྱོང་ཚོར་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་ལས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ"མེས་རྒྱལ་ལ་དགའ་ཞེན་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་འཐབ། མཉམ་ལས་ཤུགས་ཆེན། ཡང་རྩེར་འཛེགས་ཕོད་པ"བཅས་ཀྱི"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་པ་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་རྒྱུ་ཡིན་ཟེར།

བྱེད་སྒོའི་མཇུག་ཏུ། ཏང་ཡོན་ལས་བྱེད་པ་ཡོངས་དེ་སྔའི221རྟེན་གཞིའི་འགད་གཏོར་ཚོད་ལྟའི་ར་བར་ཡོང་ནས་རྟེན་གཞིའི་ལས་རྟགས་ལ་ལྟ་སྐོར་བྱས་པ་དང "221བརྟན་སྲུང"གི་ཏང་གི་སློབ་ཚན་ལ་ཉན་ནས་ཐུན་མོང་ཐོག་མེ་ཏོག་ཕུལ་བ་དང་མདེལ་གཉིས་ཀྱི་བྱས་རྗེས་འཇོག་མཁན་ལ་གུས་འདུད་ཞུས་ཤིང་ཡང་བསྐྱར་ཏང་ཞུགས་དམ་བཅའ་བཞག ཏང་ནང་ཞུགས་པའི་དམ་བཅའི་ཚིག་རེ་རེ་ཡིས་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་བྱ་བའི་ཁྲོད་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལག་བསྟར་བྱས་ཏེ་ཏང་ཡོན་གྱི་འོས་འགན་དང་འགན་འཁྲི་སྒྲུབ་པའི་ཆོད་སེམས་མཚོན་ཡོད། 

བྱེད་སྒོར་ཞུགས་པའི་ཏང་ཡོན་ལས་བྱེད་པས་ཐེངས་འདིའི་སློབ་སྦྱོང་ནི་སེམས་ཁམས་དྭངས་གཙང་གི་ཡུལ་སྐོར་ཞིག་དང་སྙིང་སྟོབས་འཕེལ་བར་བསྐྱོད་པའི་འགྲུལ་བཞུད་ཅིག་ཡིན་ལ། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་ཤིང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པ། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱས་ནས་དཀའ་ངལ་ཁྱད་བསད་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་དེ་ཚན་རིག་པ་རྣམས་ཀྱི་དཀའ་སྡུག་ལ་མི་འཛེམ་པར་རྒྱལ་ཁབ་ཀྱི་དོན་དུ་གཟི་བརྗིད་བརྩོན་ལེན་བྱེད་པའི་སྙིང་སྟོབས་དེ་བྱ་བ་དང་སློབ་སྦྱོང་གི་ཁྲོད་དུ་བསྒྱུར་བ། དེ་ཉིད་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་བརྩིས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་སྟེ་བསམ་པའི་རྨང་གཞི་བརྟན་པོ་བཏིང་ནས་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུ་ཡིན་ཟེར།

མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར་རྩོམ་སྒྲིག་ཚན་ཆུང་གིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号