མཚོ་བྱང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་པ།

ཟླ4པའི་ཚེས15ཉིན་ནས་ཚེས17ཉིན་བར། མཚོ་བྱང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་པ་དང་། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་དང་། ཁུལ་ཨུའི་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན། ཁུལ་ཐད་གཏོགས་ལས་ཁུངས། མང་ཚོགས་ཚོགས་པ་སོ་སོའི་ཏང་ཙུའི(ཏང་ཨུ)ཧྲུའུ་ཅི་དང་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ། ཁུལ་སྒྲིག་ཨུའི་མངགས་སྡོད་བྱས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་སོ་སོའི་ཚན་གཙོ་བཅས་ཞུགས།  རྫོང(ཞིང་ར)སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་། སྒྲིག་ཨུའི་ཧྲུའུ་ཅི། རྩ་འཛུགས་པུའུ་ཀྲང་བཅས་དཔེ་ཀློག་འཛིན་གྲྭ་འཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས། དཔེ་ཀློག་འཛིན་གྲྭས་སློབ་སྦྱོང་སྣེ་ཁྲིད་དང་གྲོས་བསྡུར་གཏམ་བཤད། ཚན་ཆུང་ཁག་བགོས་རང་སྦྱོང་བྱེད་པ།  བརྙན་ལམ་ཟུར་ཁྲིད། ཉེན་བརྡའི་སློབ་གསོ་སོགས་ཀྱི་བྱ་ཐབས་སྤྱད་དེ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་སློབ་སྦྱོང་གཏིང་ཟབ་བྱས།      

ཤ་བོ་སྐྱབས་ཀྱིས་དཔེ་ཀློག་འཛིན་གྲྭ་འཚོགས་མགོ་རྩོམ་པའི་མཛད་སྒོའི་ཐོག་བསྟན་དོན། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་ཐོག་མཐའ་གཅིག་ཏུ་གཅིག་གྱུར་བྱེད་དགོས་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་གཏིང་ཟབ་བླངས་ཏེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་དང་། སྒྲིག་ཁྲིམས་ནན་མོར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དང་ཧྲུའུ་ཅི་ཁྲིན་ཀང་གི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་ཡག་པོ་བྱས་ཏེ།  “ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”དང“མཚོ་བྱང་ལྔ”འཛུགས་སྐྲུན་བྱེད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས་ཟེར། ནན་གྱིས་བསྟན་དོན། ཧྲུའུ་ཅི་ཁྲིན་ཀང་གི་འབྲེལ་ཡོད“ཅི་ཞིག་སྦྱོང་དགོས་པ”དང“གཙོ་གནད་སྦྱོང་བ” “ཇི་ལྟར་སྦྱོང་བ” “སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ”བཅས་ཕྱོགས་བཞིའི་སྐོར་གྱི་བླང་བྱ་གཞིར་བཟུང་སློབ་སྦྱོང་གི་དམིགས་སའི་རང་བཞིན་ཆེ་རུ་བཏང་སྟེ་གཏིང་ཟབ་ཏུ་གཏོང་བ་དང་ནང་སྒྱུར། དྲག་སྒྱུར། འཕོ་འགྱུར་བཅས་ཀྱི་ཐད་འབད་བརྩོན་ཏན་ཏིག་བྱས་ཏེ་ངེས་པར་དུ་ཇི་མ་ཇི་བཞིན་སློབ་སྦྱོང་དང་དཔེ་བསྡུར་ཚད་འཛིན་སྒོས་སྦྱོང་བ། གཙོ་གནད་འབུར་ཐོན་སྒོས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་སྒོས་སློབ་སྦྱོང་བཅས་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བར་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་དུ་བསྒྱུར་ཏེ“མཚོ་བྱང་ལྔ”འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཟེར།     

ཤ་བོ་སྐྱབས་ཀྱིས་དཔེ་ཀློག་འཛིན་གྲྭ་སློབ་མཇུག་སྒྲིལ་བའི་མཛད་སྒོའི་ཐོག་བསྟན་དོན། ཐེངས་འདིའི་དཔེ་ཀློག་འཛིན་གྲྭའི་བརྗོད་དོན་མངོན་གསལ་དོད་པ་དང་བཀོད་སྒྲིག་ཚགས་དམ་ལ་སློབ་སྲོལ་བཟང་བས་ཚང་མས་སློབ་སྦྱོང་ཆ་ཚང་བ་དང་བརྒྱུད་རིམ་ལྡན་ལ་ནན་ཏན་བྱས་པས་སྔོན་དཔག་གི་ཕན་འབྲས་ཐོན་ནས་ཁུལ་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་མགོ་ཡག་པོ་ཞིག་བཙུགས་ཡོད་ཟེར། ནན་གྱིས་བསྟན་དོན། ཇི་མ་ཇི་བཞིན་དང་ཡིག་འབྲུ་རེ་རེ་བཞིན<<སྲོལ་ཡིག>>གསར་རྙིང་དཔེ་བསྡུར་སྒོས་བརྒྱུད་རིམ་ལྡན་པའི་ངང་ཞིབ་ཀློག་དང་ཡང་ཡང་ཞིབ་ཀློག་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་ཆུད་རྒྱུར་སྐུལ་འདེད་གཏོང་དགོས། ཉེན་ཟོན་སློབ་གསོར་ཤུགས་བསྣན་ནས་ཏང་ཡོན་ལས་བྱེད་པར་དོགས་ཟོན་དང་མ་མཐའི་མཚམས་ཐིག་གསལ་རྟོགས། གུས་ཤིང་སྐྲག་པ་ཤེས་སུ་འཇུག་པ་བཅས་བྱས་ཏེ་ཉེན་ཟོན་སློབ་གསོ་སེམས་ལ་ཟུག་པར་སྐུལ་འདེད་གཏོང་དགོས། སྦྱོང་བརྡར་ལ་བརྟེན་ནས་སློབ་སྦྱོང་ལ་རོགས་འདེགས་ཡག་པོ་བྱས་ཏེ་སློབ་དེབ་དང་སློབ་ཚན་སྤུས་ལེགས་ཁག་ཅིག་གསར་སྤེལ་བྱེད་པ་དང་རིམ་པ་དང་རིགས་དབྱེ་སྟེ་མི་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་འགྲེལ་བཤད་གསོ་སྦྱོང་ནུས་ལྡན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། 221རྟེན་གཞིའི་གནས་རྙིང་སོགས་གསར་བརྗེའི་ཐོན་ཁུངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཏང་གཤིས་བློ་སྦྱོང་སྦྱོང་བརྡར་ཁྲོད་ཀྱི་བློ་འགུག་ནུས་པ་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གསར་བརྗེའི་ཐོན་ཁུངས་གང་ལེགས་སྤྱོད་པར་སྐུལ་འདེད་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དུས་ཐོག་ཏུ་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་གཏན་འཁེལ་བྱས་ཏེ་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་རྒྱུན་རྣམ་དང་ཕུགས་ཕན་ལ་སྐུལ་འདེད་གཏོང་དགོས། གནད་དོན་བཅོས་སྒྲིག་དང་དོན་འཁྱོལ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་དང་བསྡུར་བ། ཞིབ་བཤེར་དང་བཅོས་སྒྲིག་བཅས་བྱས་ཏེ་ཞིབ་བཤེར་བཅོས་སྒྲིག་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་སྙིང་སྟོབས་ཀྱི་བཙན་ས་གཏོད་པ། ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཁུལ་ཡོངས་ཀྱི་ལྟེ་བའི་བྱ་བར་དམིགས་ནས་ནུས་ཤུགས་ཡོད་རྒུས"ཚོང་འགུགས་མ་འདྲེན་ལོ"དང"བཟོ་ལས་མཐོར་གཏོང་ལོའི"སྐྱེ་ཁམས་ཕྱུགས་ལས་ཀྱི"གཅིག་ཅན་དགུའི"བཟོ་སྐྲུན་ཆ་ཚང་། སྡེ་བ་དང་ཧྲེའི"བཅུ་ལྡན"བཟོ་སྐྲུན་དང་ལྗང་མདོག་རྩིས་རྒྱག་ནུས་པ། དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་ལ་དམ་འཛིན་ཡག་པོ་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་གསོའི་གྲུབ་འབྲས་དངོས་དང་ཕན་འབྲས་དངོས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས"མཚོ་བྱང་ཤེས་པ་དང་། མཚོ་བྱང་ལ་དགའ་བ། མཚོ་བྱང་དར་རྒྱས་གཏོང་བ"བཅས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཟེར།

ཀྲང་ཧྲིང་ཡོན་གྱིས་དཔེ་ཀློག་འཛིན་གྲྭ་འཚོགས་མགོ་རྩོམ་པར་གཙོ་སྐྱོང་གནང་སྐབས"སློབ་སྦྱོང"འབུར་དུ་ཐོན་པར་བྱས་ནས་སེམས་ལྷོད་ལ་བབས་ཏེ"གཅིག་སྡུད་སློབ་ཚན"ལ་ཡག་པོར་ཞུགས་པ་དང་། ཐེངས་འདིའི་གཅིག་སྡུད་སློབ་སྦྱོང་བྱས་པ་བརྒྱུད<<སྲོལ་ཡིག>>གི་དོན་སྙིང་གཙོ་བོ་དང་གཏན་འབེབས་ཀྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་གཏམ་སྤྱོད་ཀྱི་ཚད་གཞིར་འགྱུར་བར་བྱེད་དགོས་ཤིང་། "བསམ་བློ"འབུར་དུ་ཐོན་པར་བྱས་ནས"ཞིབ་བསྡུར་སློབ་ཚན"ཡག་པོ་ཁྲིད་པ་དང་དཔེ་མཚོན་གཏིང་ཟབ་ཀྱི་གྱོད་དཔེ་སྤྱད་དེ་ཉེན་བརྡའི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། "བེད་སྤྱོད"འབུར་དུ་ཐོན་པར་བྱས་ནས་དོན་དངོས་དང་ཟུང་འབྲེལ་གྱིས"ལག་ལེན་སློབ་ཚན"ཡག་པོ་ཁྲིད་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ"མཚོ་བྱང་ལྔ"འཛུགས་སྐྲུན་ནང་ཞུགས་པ་དང་ནུས་ཤུགས་ཡོད་རྒུས་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་བྱེད་པ། ཞིང་ཆེན་ཡོངས་ཀྱི་བསམ་པའི་བཙན་ས་གཏོད་པ་སོགས་ཀྱི་འཕེལ་རྒྱས་དམིགས་ཚད་དང་ཟུང་འབྲེལ་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེད་ཐབས་ཚང་མ་ལྟེ་བའི་བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་བླང་བྱ་བཏོན།

དཔེ་ཀློག་འཛིན་གྲྭ་འཚོགས་པའི་སྐབས་སུ། སློབ་མ་ཡོངས་ཀྱིས《སྲོལ་ཡིག》ཀློག་པ་དང་སློབ་སྦྱོང་། ཞིབ་འཇུག་གཏིང་ཟབ་དང་རྟོགས་ཞིབ་བྱས་པ་བརྒྱུད། ཚན་ཆུང་ཁག་བགོས་ཀྱིས་རང་སྦྱོང་ནན་ཏན་བྱེད་པ་དང་བགྲོ་གླེང་བརྗེ་རེས་གཏིང་ཟབ་བྱེད་པ། བརྙན་ལམ་ཟུར་ཁྲིད་སློབ་ཁྲིད་ལ་ཉན་ཞིང་། མཚོ་བྱང་ཁུལ་ཏང་སྲོལ་སྲིད་དོན་གཙང་སྐྱོང་གི་ཉེན་བརྡའི་སློབ་གསོའི་རྟེན་གཞི་དང་། མདའ་བཞི་རྫོང་དུས་རབས་ཀྱི་མིག་དཔེའི་དྲན་གསོ་ཁང་། སྐལ་བཟང་གི་གཞིས་རྙིང་སོགས་སུ་ཉེན་བརྡའི་སློབ་གསོ་དང་ཏང་གཤིས་སློབ་གསོ་དང་ལེན་བྱས་ཏེ་སློབ་སྦྱོང་གི་ལས་འགན་སོ་སོ་ལེགས་གྲུབ་བྱུང་ནས་བསམ་བློའི་ངོས་འཛིན་གཏིང་ཟབ་དང་སྒྲིག་ཁྲིམས་སྒྲིག་ལམ་ལ་ཤུགས་སྣོན་པའི་སྔོན་དཔག་དམིགས་ཡུལ་གྲུབ་ཡོད། 《སྲོལ་ཡིག》ལ་སློབ་སྦྱོང་དང“ལས་བྱེད་པས་བྱ་བ་སྒྲུབ་པ། བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་ལེན་བྱེད་རྒྱུ་གཉིས་ཟུང་འབྲེལ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ཐོག་གཅིག་གྱུར་ནན་ཏན་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་མཚོ་བྱང་གི་ལག་ལེན་གྱི་གྲུབ་འབྲས་དངོས་སུ་བསྒྱུར་རྒྱུ་ཡིན་པར་བཤད།

དཔེ་ཀློག་འཛིན་གྲྭའི་སློབ་མཇུག་སྒྲིལ་བའི་མཛད་སྒོའི་ཐོག་ཀྲང་ཧྲིང་ཡོན་དང་། དབྱང་ཧེ་ལུང། མགོན་པོ་ཚེ་བརྟན། ཨ་ཁྱུང་། ལའེ་མིན། ཁྲང་ལིན་བཅས་བློ་མཐུན་དྲུག་གིས“ཏང་གི་སྒྲིག་ཁྲིམས་སློབ་པ་དང་འགྲིག་ལམ་གསལ་བ། ཏང་གཤིས་བསྐྱེད་པ”བཅས་ཀྱི་བརྗོད་དོན་ལ་དམིགས་ནས་བརྗེ་རེས་གཏམ་བཤད་སྤེལ།

རྫོང་བཞིའི་རྫོང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཅིག་རྗེས་གཉིས་མཐུད་ངང་གཉེར། རྫོང་སོ་སོའི་རྫོང་ཨུའི་དཔེ་ཀློག་འཛིན་གྲྭ་སོ་སོས་ཀློག་པ་དང་སློབ་སྦྱོང་། གྲོས་བསྡུར་གཏམ་བཤད་དང་ཚན་ཆུང་ཁག་བགོས་རང་སྦྱོང་། ཉེན་བརྡའི་སློབ་གསོ་སོགས་ཀྱི་རྣམ་པ་བརྒྱུད་ཁྱོན་ཡོངས་ནས《སྲོལ་ཡིག》ལ་སློབ་སྦྱོང་གཏིང་ཟབ་དང་། ཆབ་སྲིད་ལ་བརྟག་དཔྱད་ཆེན་པོ་དང་བསམ་བློའི་ཉམས་སད་ཆེན་པོ། བསམ་བློའི་སྦྱོང་བརྡར་ཆེན་པོ་བཅས་དང་ལེན་ཐེངས་གཅིག་བྱས།

མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར་རྩོམ་སྒྲིག་ཚན་ཆུང་གིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号