མདོ་ལ་རྫོང་གིས“ཧྥེང་ཆའོ་ཉམས་མྱོང”ལ་བརྟེན་ནས་སེམས་ནུས་ཡོད་རྒུས་འགལ་བ་དང་རྩོད་གཞི་སེལ་ཐབས་བྱས་པ།
ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཤིང་། རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་བླང་བྱ་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྔོན་འགོག་བྱེད་པ་དང་མཐུན་སྦྱོར་སྔོན་འགྲོ། ཁྲིམས་སྐྱོང་བེད་སྤྱོད། ས་གནས་ནས་ཐག་གཅོད་རྒྱུན་འཁྱོངས་སྒོས་དུས་རབས་གསར་བའི“ཧྥེང་ཆའོ་ཉམས་མྱོང”ས་གནས་ཅན་གྱི་བྱེ་བྲག་ལག་ལེན་དུ་གསར་གཏོད་འཕེལ་རྒྱས་བཏང་ཞིང་། འགལ་ཟླ་དང་རྩོད་གཞི་ཚད་མཐོན་པོའི་ངང་གཞི་རིམ་ནས་སེལ་བ་དང་། གསར་འབུས་རྩ་བ་ནས་ཐག་གཅོད་བྱས་ནས་རྫོང་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་རྒྱུན་མཐུད་བྱུང་།
མཐུན་སྦྱོར་མཉམ་བཅོས་རྒྱུན་འཁྱོངས་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། སྣ་མང་ཅན་གྱི་འགལ་བ་དང་རྩོད་གཞིར་གྲལ་བཤེར་དང་སེལ་བའི་མ་ལག་འཐུས་ཚང་དུ་བཏང་བ་དང་། མི་དམངས་འདུམ་འགྲིག་དཔུང་ཁག་སོ་སོ70བཙུགས་པ། ཆེད་ལས་རང་བཞིན་གྱི་འདུམ་འགྲིག་རྩ་འཛུགས་སོ་སོ12བཙུགས་པ། “ཧྲུའུ་ཅི་རྒན་པ”དང“ཨ་ཞང”སོགས་ཁྱད་ལྡན་ཆས་རྟགས་འདུམ་འགྲིག་ཁང5བཏོད་ཡོད། “དྲ་མིག་ཅན་གྱི་དོ་དམ་དང་ཞིབ་ཚགས་ཅན་གྱི་ཞབས་ཞུ། སྤྱི་ཚོགས་ཅན་གྱི་མཉམ་སྐྲུན”བཅས་ཀྱི་གཞི་རིམ་བཅོས་སྐྱོང་ལམ་སྲོལ་གསར་བ་ཧུར་ཐག་གིས་བཙུགས། རྫོང་ཡོངས་ཀྱི་རིམ་པ་དང་པོའི་དྲ་མིག7དང་། རྨང་གཞིའི་དྲ་མིག89། ཡན་ལག་དྲ་མིག417བཅས་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་ནས་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་དངོས་གཞི་ཅན་དང་གནད་སྨིན་ཅན། ཕན་འབྲས་ཅན་བཅས་མངོན་འགྱུར་བྱས་ཡོད། “ལས་གནས་སྟོང་དང་སོ་བ་ཁྲི+གྲངས་ཀའི་སོ་དམག” “དམངས་དོན་དྲ་མིག་མྱུར་སྒྲུབ”སོགས་གཞི་རིམ་བཅོས་སྐྱོང་ལས་སྟེགས་གསར་གཏོད་བྱས་ནས“བྱ་བ་དང་ལེན་དང་སྒྲུབ་པའི”ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ཡོད།
ཚད་ལྡན་འཛུགས་སྐྲུན་རྒྱུན་འཁྱོངས་དང་ཐོན་ཁུངས་སྡེབ་སྒྲིག་ལ་སྐུལ་འདེད་བཏང་། རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དངོས་གཞི་ཅན་དང་ཚད་ལྡན་ཅན་གྱི་འཁོར་སྐྱོད་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱས་ཤིང་། འདུམ་འགྲིག་དང་འདུམ་གཅོད། གཏུག་བཤེར་སོགས་རིགས་དབྱེ་འདུམ་འགྲིག་མི་སྣའི་སྟོབས་ཤུགས་བཀོད་སྒྲིག་བྱས་ནས“བཅར་འདྲི+བདག་སྤྲོད+རྩིས་སྤྲོད+རྗེས་འདེད”བཅས་ཀྱི་གདུབ་ཟུམ་བྱ་བའི་ལམ་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་། མི་དམངས་ཀྱི་འདུམ་འགྲིག་དང་། སྲིད་འཛིན་གྱི་འདུམ་འགྲིག ཁྲིམས་འཛིན་གྱི་འདུམ་འགྲིག་བཅས“འདུམ་གསུམ་མཉམ་འགུལ”གྱི་བྱ་བའི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། དོགས་གནད་འགལ་བ“མཉམ་འབྲེལ་ཐག་གཅོད”དང་། སྤྱིར་བཏང་གི་རྩོད་གཞི“དུས་གཏན་མཐུན་སྦྱོར”། རྩོད་གཞི་ཆུང་ཙག“ལས་ཞོར་དུ་སྒྲུབ་པའི”བྱ་བའི་བྱེད་ཐབས་ལག་བསྟར་བྱས་ཏེ། འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པར“སྒོ་གཅིག་ལས་མི་འཛུལ་བ་དང་། ཆེས་མང་ན་ཐེངས་གཅིག་ལས་མི་རྒྱུག་པ”མངོན་འགྱུར་བྱས། ད་ལོ་ཚུན་དུ་འགལ་བ་དང་རྩོད་གཞི་སྣ་ཚོགས77གྲལ་བཤེར་བདག་སྤྲོད་བྱས་པ་དང་། གྱོད་གཞི77ཐག་གཅོད་བྱས་པས་སེལ་ཐུབ་ཚད100%ལ་སླེབས་ཡོད། ཡིག་བསྐུར་ངོ་བཅར་གྱོད་གཞི8ཞིབ་གཅོད་མཇུག་སྒྲིལ་བྱས།
ཕྱོགས་གཉིས་ཤུགས་འདོན་རྒྱུན་འཁྱོངས་དང་འདུམ་འགྲིག་ཕན་ནུས་མཐོ་རུ་བཏང་། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དེ་ཐོག་མཐའ་བར་གསུམ་དུ་འདུམ་འགྲིག་གི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པ་རྒྱུན་འཁྱོངས་བྱས་ཤིང་། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་དང་། ནག་སེལ་ངན་འཇོམས། གློག་འཕྲིན་དྲ་རྒྱའི་མགོ་སྐོར། བཅའ་ཁྲིམས་རོགས་སྐྱོར་སོགས་ཁྲིམས་སྐྱོང་དྲིལ་སྒྲོག་བྱེད་སྒོ་ཧུར་ཐག་སྤེལ་ནས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཐག་གཅོད་བྱས་ཟིན་པའི་འགལ་ཟླ་དང་རྩོད་གཞིར་རྗེས་འདེད་བཅར་འདྲི་དང་། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་གདེང་འཇོག འདུམ་འགྲིག་ཕན་འབྲས་ལ་དཔྱད་དཔོག་བརྒྱུད་་དེ་རིམ་སྤོར་ཡང་ན་སླར་ཐོན་གྱི་རྩོད་གཞི་ལ་ཆེད་དོན་འཛིན་གྲྭ་བཙུགས་ནས“ཕྱིར་ལོག”འདུམ་འགྲིག་བྱས་ཤིང་། གྱོད་གཞི་འདུམ་འགྲིག་ཐག་གཅོད་གཅིག་བྱས་ན་ཐོ་བསུབ་གཅིག་བྱས་པའི་ཕན་འབྲས་བཟང་པོ་ཐོན་པ་བྱས་ཡོད། མིག་སྔར་རྫོང་ཡོངས་ཀྱི“བརྒྱད་མེད་དྲུག་ལྡན”གྱི་བདེ་འཇགས་དཔེ་སྟོན་སྡེ་བ་གསར་སྐྲུན་ཚད70%དང་། དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ་གསར་སྐྲུན་ཚད98%ལ་སླེབས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注