ཤ་བོ་སྐྱབས“སྨྱུང་གྲོལ་དུས་ཆེན”སླེབས་ལ་ཉེ་སྐབས་འཚམས་འདྲིར་བསྐྱོད།

ཟླ4པའི་ཚེས9ཉིན་ཏེ། སྨྱུང་གྲོལ་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་གི་དབྱི་སི་ལན་ཆོས་ལུགས་བྱེད་སྒོ་སྤེལ་སར་ཆོས་ལུགས་ལས་རིགས་ཀྱི་མི་སྣར་འཚམས་འདྲི་གནང་པ་དང་། ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཚན་ཁག་ཆེན་པོ་བཞིའི་ཚབ་བྱས་ནས་ཁུལ་ཡོངས་ཀྱི་ཧུའེ་རིགས་དང་ས་ལར་རིགས་སོགས་གྲངས་ཉུང་མི་རིགས་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུས།

ཤ་བོ་སྐྱབས་ཀྱིས་བྱེད་སྒོ་སྤེལ་ཡུལ་གྱི་ཨ་ཧོང་དང་། ཡུལ་ཚོ་དང་གྲོང་རྡལ། སྡེ་ཁུལ་གྱི་འགན་འཁུར་བློ་མཐུན་བཅས་ལ་བྱམས་བརྩེའི་ངང་བཞུགས་མོལ་བརྗེ་རེས་བྱས་ནས་འཚོ་བའི་གནས་ཚུལ་དང་ཆོས་ལུགས་བྱ་ཡུལ་གྱི་རྒྱུན་ལྡན་སློབ་སྟོན་བྱ་བར་གླེང་མོལ་ཞིབ་ཕྲ་བྱས་ཏེ་དབྱི་སི་ལན་ཆོས་ལུགས་ཀྱི་ལས་རིགས་མི་སྣས་མི་རིགས་ཆོས་ལུགས་ཀྱི་འཆམ་མཐུན་ཀུན་འགྲིག་ལ་སྲུང་སྐྱོང་དང་། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་ནས་བསྟན་དོན། ཆོས་ལུགས་ལས་རིགས་ཀྱི་མི་སྣ་ནི་ཏང་དང་སྲིད་གཞུང་གིས་དད་ལྡན་མང་ཚོགས་ལ་འབྲེལ་བ་དང་མཐུན་སྒྲིལ། སློབ་གསོ་བཅས་བྱེད་པའི་ཟམ་པ་ཡིན་ལ། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ས་ཁུལ་འཕེལ་རྒྱས་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཀྱང་ཡིན། དུས་ཡུན་རིང་པོའི་ནང་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་དང་དད་ལྡན་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་ལ་བློ་གཅིག་སེམས་གཅིག་ངང་དཀའ་སྡུག་མཉམ་མྱོང་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཁྲོད་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལྷིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ཆོས་ལུགས་ལས་རིགས་མི་སྣས་རང་ངོས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་དང་ཕན་ཚུན་སྦྲེལ་ཟམ་བསྐྲུན་པ། ཐབས་འདོན་ཇུས་འབུལ་ཧུར་ཐག་བཏོན་ནས་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་། གྲོང་གསེབ་དར་སྤེལ་སོགས་གཙོ་གནད་བྱ་བ་མུ་མཐུད་དུ་གནད་ལ་འཁེལ་བའི་སྒོ་ནས་གཅིག་སྡུད་སྟོབས་ཤུགས་འདོན་རྒྱུའི་རེ་བ་ཡོད་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ། ཆོས་ལུགས་འཚམ་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས། ངེས་པ་དོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་མི་རིགས་མཐུན་སྒྲིལ་དགོན་སྡེར་བསྐྱོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ཆོས་ལུགས་སོ་སོའི་དགེ་རྒན་དང་ལས་བཟོ་བའི་ཕན་ཚུན་བར་འགྲོ་འོང་དང་སློབ་སྦྱོང་། དགེ་ལེན་སྐྱོན་སེལ་བཅས་བྱས་ནས་མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་རྒྱ་ཆེའི་དད་ལྡན་མང་ཚོགས་མཐུན་སྒྲིལ་དམ་ཟབ་ཀྱིས་ཏང་གི་མཐའ་འཁོར་དུ་གོང་བུ་གཅིག་ཏུ་སྒྲིལ་ཏེ་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་ལས་སྲ་བརྟན་དང་ཐུན་མོང་རེ་འདུན་ལེགས་འགྲུབ་བྱ་དགོས། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ། ཐོབ་དཀའ་བའི་བདེ་སྐྱིད་ཀྱི་འཚོ་བ་དང་འཆམ་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་ལ་སྔར་ལས་གཅེས་སྤྲས་བྱས་ནས། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་ལས་བརྟན་པོ་ཡོང་བར་བྱ་དགོས་ཟེར།

ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་དང་། ཁུལ་དང་རྫོང་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་སྡེ་ཁག་གི་འགན་འཁུར་བློ་མཐུན་མི་སྣས་ཕེབས་རོགས་བྱས།

ཀླུ་མགོན་རྒྱལ་གྱིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号