མཚོ་བྱང་ཁུལ་གྱི་སྲིད་ཁྲིམས་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ།

ཟླ3པའི་ཚེས27ཉིན། མཚོ་བྱང་ཁུལ་གྱི་སྲིད་ཁྲིམས་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་ཁུལ་སྤྱི་བདེ་ཅུས་ཉེན་རྟོག་ལས་དོན་སྦྱོང་བརྡར་རྟེན་གཞིར་འཚོགས་ལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན། ཁུལ་གྱི་མགོ་ཁྲིད་ལི་ཞུ་ཀྲེན་དང་། ཚོ་ཅི་ཆང་། པོ་ཀྲེང་ཆིང་། མ་ཝུན་ཆོན། ཁྲིན་ཡུང་ཅེ་བཅས་སྒོ་བྱང་འགལ་བའི་མཛད་སྒོར་ཞུགས། ཀྲང་ཧྲིང་ཡོན་དང་ཧྲི་ཧུང་ཀྲན་གྱིས་མཉམ་དུ་སྒོ་བྱང་བཀལ་བ་དང་། ཚོ་ཅི་ཆང་གིས་མཛད་སྒོར་གཙོ་སྐྱོང་གནང་ལ། ཧྲི་ཧུང་ཀྲན་གྱིས་ཤིས་ཚིག་ཕུལ།    

མཚོ་བྱང་ཁུལ་སྲིད་ཁྲིམས་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་ནི་མཚོ་བྱང་ཁུལ་ཉེན་དོན་སྦྱོང་བརྡར་རྟེན་གཞིར་བརྟེན་ནས་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ15000ཟིན་པ་དང་། སོ་སོར་ལུས་ཕུང་སྦྱོང་བརྡར་ལྟེ་གནས་དང་སྙན་ཞུ་ཁང་། ཟ་ཁང་། ཉལ་ཁང་བཅས་སུ་དབྱེ་ཡོད་ལ། དངོས་འཐབ་སྦྱོང་བརྡར་ཁུལ་དང་ཕྱོགས་བསྡུས་སྦྱོང་བརྡར་། ནུས་མང་ཚོམས་ཆེན། ཟ་ཁང་། ཉལ་ཁང་། དཔེ་མཛོད་ཁང་། བྱ་འགུལ་ཁང་། མཁོ་བསྟུན་གསོག་འཇོག་དངོས་ཟོག་མཛོད། སློབ་ཁྲིད་ཁང་། སྲིད་འཛིན་གཞུང་ལས་ཁང་སོགས་བཙུགས་ཡོད་ཅིང་། དུས་གཅིག་ཏུ་མི100ཡི་གསོ་སྦྱོང་བྱ་བ་སྤེལ་ཆོག་པས་ཁུལ་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་སྤྱིའི་ཆུ་ཚད་ནུས་ལྡན་སྒོས་མཐོ་རུ་བཏང་ཡོད།     

ཧྲི་ཧུང་ཀྲན་གྱིས་ཤིས་ཚིག་ཁྲོད་བསྟན་དོན། མཚོ་བྱང་ཁུལ་སྲིད་ཁྲིམས་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་འཛུགས་རྒྱུ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་སྲིད་ཁྲིམས་བྱ་བའི་ཁྱོན་ཡོངས་ལ་དམིགས་པ་དང་། དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་ཧྲག་དམག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་སྲིད་ཁྲིམས་ལས་བྱེད་པའི་བྱང་ཚད་མཐོ་རུ་གཏོང་ཆེད་བཀོད་སྒྲིག་གལ་ཆེན་བྱས་པ་ཞིག་ཡིན་པས། བདེ་འཇགས་མཚོ་བྱང་དང་ཁྲིམས་སྐྱོང་མཚོ་བྱང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་སྟོབས་ཤུགས་དབུལ་ཐུབ་ངེས་ཡིན་ཟེར།

ཧྲི་ཧུང་ཀྲན་གྱིས་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་དང་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་སྲིད་ཁྲིམས་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ་དེ་མགོ་རྩོམ་ས་གསར་པ་ཞིག་ཏུ་བཟུང་ནས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་མཚོ་བྱང་གི་སྙིང་སྟོབས་ཀྱི་བཙན་ས་གཏོད་རྒྱུར་དམིགས་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་གསར་བརྗེའི་སློབ་གསོའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་། རྒྱལ་ཡོངས་ཀྱི་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གི་སྔོན་ཐོན་དཔེ་མཚོན་མདའ་བཞི་རྫོང་གསེར་ཐང་ཡུལ་ཚོའི“ཆུང་བ་དྲུག”གི་བྱ་བའི་བྱེད་ཐབས་ཚབ་མཚོན་ཡིན་པའི་སྤྱི་ཚོགས་བཅོས་སྐྱོང་གི་ཆས་རྟགས་གཏོད་པ་དང་སྔོག་འདོན་བྱེད་པ། སྤུས་ལེགས་སློབ་ཚན་ཇུས་འགོད་ཞིབ་ཚགས་བྱས་ནས་གསོ་སྦྱོང་ལྟེ་གནས་དེ་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་བླ་སྲོག་གཙང་སྒྱུར་དང་དད་སེམས་བརྟན་དུ་གཏོང་བའི་བསམ་པའི་བཙན་ས་ཞིག་ཏུ་ཏན་ཏིག་བསྐྲུན་ནས་ཁུལ་ཡོངས་ཀྱི་གསར་བརྗེའི་ཉམས་ཞིབ་ཐོན་ལས་འཕེལ་རྒྱས་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་དབུལ་དགོས་ཟེར།    

སྒོ་བྱང་འགེལ་བའི་མཛད་སྒོ་མཇུག་སྒྲིལ་རྗེས། ཚོགས་ཞུགས་མགོ་ཁྲིད་ཀྱིས་མཚོ་བྱང་ཁུལ་གྱི་སྲིད་ཁྲིམས་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་སྐོར་དང་མཛུབ་ཁྲིད་གནང་།    

དབང་ཆེན་དོན་འགྲུབ་ཀྱིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号