ཤ་བོ་སྐྱབས་ཀྱིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་མཚོ་སྔོན་སྤྱི་ཁྱབ་ས་ཚིགས་ལ་མཇལ་འཕྲད་གནང་པ།

ཟླ3པའི་ཚེས25ཉིན། ཁུལ་ཨུའི་ཧྲུའི་ཅི་ཤ་བོ་སྐྱབས་ཀྱིས་སྣེ་ཁྲིད་དེ་ཟི་ལིང་གྲོང་ཁྱེར་དུ་བསྐྱོད་དེ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་མཚོ་སྔོན་སྤྱི་ཁྱབ་ས་ཚིགས་ལ་མཇལ་འཕྲད་གནང་ལ། ཏང་ཨུའི་ཧྲུའུ་ཅི་ཞུང་ཁྲོན་ཀང་དང་མཉམ་དུ་སྤྱི་ཁྱབ་ས་ཚིགས་དང་མཚོ་བྱང་ས་གནས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཞུགས་མོལ་བརྗེ་རེས་བྱས་ཤིང་། ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ལེ་དང་མཚོ་སྔོན་སྤྱི་ཁྱབ་ས་ཚིགས་སྤྱི་ཁྱབ་རྩོམ་སྒྲིག་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།    

བཞུགས་མོལ་ཚོགས་འདུའི་ཐོག ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་མཚོ་སྔོན་སྤྱི་ཁྱབ་ས་ཚིགས་ཀྱིས་དུས་ཡུན་རིང་པོའི་ནང་མཚོ་བྱང་འཕེལ་རྒྱས་ལ་ཐུགས་ཁུར་རྒྱབ་སྐྱོར་བྱས་ཤིང་། ཟུར་ཚད་མང་བ་དང་ཕྱོགས་མང་པོ། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་ཕྱི་ཕྱོགས་ལ་མཚོ་བྱང་གི་མཚན་སྙན་བརྒྱུད་སྒྲོག་དང་མཚོ་བྱང་གི་གཏམ་རྒྱུད་ཡག་པོར་བཤད་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས། ཁོས་ཉེ་བའི་ལོ་ཤས་རིང་མཚོ་བྱང་གིས“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་ཚད་གལ་ཆེན་ལ་དམིགས་ཏེ་རང་འགུལ་ངང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འཐབ་ཇུས་བཀོད་སྒྲིག་དང་མཉམ་འདྲེས་བྱས་པས་སྐྱེ་ཁམས་ཀྱི་བཙན་ས་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་།  ཐོན་ལས་ཀྱི“གནས་བཞི”གཏོད་ཚད་ཁྱོན་ཡོངས་ནས་མགྱོགས་སུ་ཕྱིན་ཞིང་། གསར་བརྗེའི་སློབ་གསོ་དང་ཚོགས་སྦྱོང་ཐོན་ལས་ཀྱི་གཞི་ཁྱོན་རགས་ཙམ་ཆགས་ལ། གྲོང་གསེབ་དར་སྤེལ་ལ་གྲུབ་འབྲས་ཐོན་ནས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་ཤུགས་ཆེ་རུ་ཕྱིན་ཡོད། 2023ལོར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་རིམ་པ་སོ་སོའི་ལས་སྟེགས་ཀྱིས་མཚོ་བྱང་གི་གསར་འགྱུར372བརྒྱུད་སྒྲོག་བྱས་པ་དང་། “དག་སྣང་མཚོ་བྱང”གི་མཚན་སྙན་ཞིང་ཆེན་ཕྱི་ནང་དུ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པས། མཚོ་སྔོན་སྤྱི་ཁྱབ་ས་ཚིགས་ཀྱིས་གཙོ་རྒྱུག་སྨྱན་སྦྱོར་གྱི་སྤྱི་ཚོགས་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་འདོན་སྤེལ་བྱས་ནས་མཚོ་བྱང་གི་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ་གཅིག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བྱང་ལ་གཟིགས་ཞིབ་གནང་ནས་ལོ་གསུམ་འཁོར་བ་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བཏོན་ཏེ་ལོ25འཁོར་བར་རྗེས་དྲན་བྱེད་པ། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ། གསར་བརྗེའི་ཉམས་ཞིབ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་དྲིལ་སྒྲོག་ཤུགས་ཆེན་དང་འོས་སྦྱོར་ཤུགས་ཆེན་བྱས་ཏེ་མཚོ་བྱང་གི་བཅོས་སྒྱུར་འཕེལ་རྒྱས་ལ་གླེང་ཕྱོགས་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་དེ་མཚོ་བྱང་གི་སྐད་གྲགས་ཆོད་ཚད་དང་སྙན་པ་སྔར་ལས་ཆེ་རུ་གཏོང་དགོས།    གཉིས་ནས་གསེར་ཉ་ཡར་འགྲོ་ཐད་གཏོང་དང “རྐང་བགྲོད། ལྕགས་རྟ། རྟ་རྒྱུག མདའ་འཕེན”སོགས་ཀྱི་འགྲན་བསྡུར་འཕེལ་རྒྱས་ཡག་པོ་གཏོང་བ་དང་། མཚོ་སྔོན་པོ་དང་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ས་ཚིགས་འཛུགས་སྐྲུན། གནའ་མཁར་གྱི་རྗེས་ཤུལ་དང་གཟུགས་འདས་ཤུལ་བཞག་རིག་གནས་སྔོག་འདོན་དང་ཆུ་ཚན་སོགས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཁྱབ་གདལ་དང་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་དྲིལ་སྒྲོག་གི་ཕན་འབྲས་ཆེ་རུ་བཏང་སྟེ་རྒྱ་ཆེའི་མང་ཚོགས་ཀྱི་ཡོང་སྒོ་འཕར་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཟེར།       

ཞུང་ཁྲོན་ཀང་གིས་སྤྱི་ཁྱབ་ས་ཚིགས་ཀྱི་གཞི་རྩའི་གནས་ཚུལ་དང2023ལོར་མཚོ་བྱང་ཁུལ་གྱི་གསར་འགྱུར་རྩོམ་ཡིག་གཅིག་གྱུར་འཆར་འགོད་དང་རྩོམ་སྒྲིག་སྟོན་གཏོང་དང་གོང་འབུལ་བྱས་ཚུལ་བཅས་ངོ་སྤྲོད་བྱས། མཚོ་བྱང་ཁུལ་གྱི་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ<<ཀྲུང་གོའི་ས་གཞི་ཆེན་པོའི་ཐོག་སྐྱོད་ཞོར་མཆོང་ཞོར>>དང<<"རྫོང"གི་ཚུལ་མཐུན་རླབས་རྒྱུན>>སོགས་ལེ་ཚན་ཇུས་འགོད་ཞིབ་ཚགས་བྱས་ནས་མཚོ་བྱང་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཁྱད་ལྡན་ཐོན་རྫས། ལུས་རྩལ་འགྲན་བསྡུར་བཅས་དྲིལ་སྒྲོག་ཡག་པོ་བྱ་རྒྱུ་དང་། ལྷག་པར་དུ་གསེར་ཉ་ཡར་འགྲོ་ཐད་གཏོང་སོགས་ཆས་རྟགས་ལེ་ཚན་དེ་སྤྱི་ཁྱབ་ལས་ཁུངས་ཀྱི་ལོ་འཁོར་མོའི་དྲིལ་སྒྲོག་གི་བརྗོད་དོན་ནང་བཅུག་ནས་ཐད་གཏོང་ཞབས་ཞུ་དེ་མདའ་བཞི་རྫོང་སོགས་ལ་རྒྱ་སྐྱེད་དེ། མཚོ་བྱང་དུ་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་པར་རོགས་རམ་བྱ་རྒྱུ་ཡིན་ཟེར། དེ་དང་ཆབས་ཅིག ཕྱོགས་གཉིས་ཀྱིས་མཚོ་བྱང་དུ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁངས་ཀྱི་གུང་ཁྲན་ཏང་མིའི་བསམ་པའི་ལག་ལེན་སློབ་གསོའི་རྟེན་གཞི་དང་ཉམས་ཞིབ་འཛིན་གྲྭ་གཉེར་བའི་འབྲེལ་ཡོད་བྱ་བར་ཐོག་མའི་བསམ་འཆར་བཏོན།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། རྐང་ཚ་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་དང་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་འཇུ་ལག་རྫོང་གི་ཁག་བགོས་དོ་དམ་གྱི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号