མཚོ་བྱང་ཁུལ་གྱི་རྫོང་རིམ་པའི་ཞིང་འཕྲུལ་ལས་རིགས་གསོ་སྦྱོང་སློབ་གྲྭ་ཐོག་མ་སྒོ་བྱང་བཀལ།

ཟླ3པའི་ཚེས22ཉིན། མཚོ་བྱང་ཁུལ་གྱི་རྫོང་རིམ་པའི་ཞིང་འཕྲུལ་ལས་རིགས་གསོ་སྦྱོང་སློབ་གྲྭ་ཐོག་མ་དེ་མདའ་བཞི་རྫོང་དུ་དངོས་སུ་སྒོ་བྱང་བཀལ་བ་དང་། དེ་ནི་མཚོ་བྱང་ཁུལ་གྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཞིང་འཕྲུལ་ལས་རིགས་གསོ་སྦྱོང་སློབ་གྲྭ་ཐོག་མ་དེ་བཙུགས་རྗེས་གསར་དུ་བསྣན་པའི་རྫོང་རིམ་པའི་ཞིང་འཕྲུལ་ཁ་ལོ་བའི་སློབ་གྲྭ་ཞིག་ཡིན་ལ། དེས་མཚོ་བྱང་ཁུལ་གྱི་ས་ཁུལ་དང་གྲོང་ཁྱེར་རིམ་པ། རྫོང་རིམ་པའི་ཞིང་འཕྲུལ་ལས་རིགས་གསོ་སྦྱོང་སློབ་གྲྭར་ལེ་ལག་གཉིས་ལྡན་བྱུང་བ་མཚོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་འཕྲུལ་ལས་རིགས་གསོ་སྦྱོང་སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི7.77ཟིན་པ་དང་སློབ་མའི་སློབ་ཁང་ཁང་ཤར2ཡོད་ཅིང་། སློབ་ཁྲིད་བྱ་ཡུལ་སྨི་གྲུ་བཞི་མ་ཁྲི5ཟིན། ཞིང་འཕྲུལ་ཆེ་འབྲིང་གི་སློབ་ཁྲིད་སྒྲིག་ཆས(མཉམ་འབྲེལ་ཞིང་འབྲེག་འཕྲུལ་འཁོར་དང་འདྲུད་འཐེན་འཕྲུལ་འཁོར་སོགས)10ལྷག་ཙམ་ཡོད་པ་དང་མཐོ་རིམ་གོ་མིང་ཆེད་བསྐོས་དགེ་རྒན4། ཞིང་འཕྲུལ་བཟོ་བཀོད་པ5། དངོས་ཁྲིད་དགེ་རྒན10བཀོད་སྒྲིག་བྱས་ཏེ་ལོ་འདིའི་ནང་གསོ་སྦྱོང་གི་གཞི་ཁྱོན་མི་ཐེངས900ཡན་བསྡུས་ནས་མདའ་བཞི་རྫོང་གི་ཞིང་འཕྲུལ་ལག་ལེན་བཀོལ་སྤྱོད་ཀྱི་རྒྱུགས་ལེན་དཔང་ཡིག་གི་དགོས་མཁོ་ཁྱོན་ཡོངས་ནས་སྐོང་རྒྱུ་རེད།

ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་གཞོལ་ནས་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བས། ཁུལ་ཡོངས་ཀྱི་རྫོང་བཞིས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རིགས་སོ་སོའི་ཞིང་ཕྱུགས་ལས་ཐོན་ལས་ཁུལ་དང་དཔེ་སྟོན་ཁུལ་རྒྱལ་ཁའི་ངང་བཏོད་པ་དང་། འཇུ་ལག་རྫོང་གིས་ཞིང་ལས་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་དཔེ་སྟོན་རྫོང་རྒྱལ་ཁའི་ངང་བཏོད་ཡོད། 2023ལོར་ཁུལ་ཡོངས་ཀྱིས་འབྲུ་རིགས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི34ཟིན་པ་དང་། སྣུམ་རྒྱུའི་ལོ་ཏོག་གི་ས་ཞིང་མུའུ་ཁྲི42། ཚབ་གཉེར་ཞབས་ཞུ་མུའུ་ཁྲི17། གཟན་རྩྭ་འདེབས་འཛུགས་མུའུ་ཁྲི21.9། ཁུལ་ཡོངས་ཀྱི་ཞིང་འཕྲུལ་འགན་ལེན་ཚད་ཁྲི1.7ལྷག་ཙམ་ཟིན་ནས་རྨོ་འདེབས་བསྡུ་ལེན་གྱི་ཕྱོགས་བསྡུས་འཕྲུལ་ཆས་སྤྱོད་ཚད90%ཡན་ཟིན་ཡོད། ཞིང་ཕྱུགས་ལས་ཀྱི་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་གྱི་དཔེ་སྟོན་ཁུལ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་ཆབས་ཅིག་ཞིང་ཕྱུགས་ལས་ཀྱི་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་སོང་པ་དང་། རྩལ་ཤུགས་ཆེ་བ་དང་ནུས་པ་མཐོ་བ། རང་འགུལ་ཅན་གྱི་འཕྲུལ་ཆས་ཀྱི་དགོས་མཁོ་ཇེ་མང་དུ་སོང་ནས་ཁ་ལོ་བར་སྔར་ལས་མཐོ་བའི་ཁ་ལོ་བའི་རེ་བ་བཏོན་པ་དང་ཆེད་ལས་གསོ་སྦྱོང་དང་ལེན་བྱས་ཏེ་ལག་ཁྱེར་འཁྱེར་ནས་ལས་གནས་ཐོག་བསྐྱོད་རྒྱུ་དེ་རྒྱ་ཆེའི་ཞིང་འཕྲུལ་ལས་ཞུགས་མི་སྣའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཏུ་གྱུར་ཡོད། དེར་བརྟེན་མཚོ་བྱང་ཁུལ་གྱིས་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཁ་ལོ་བའི་སློབ་གྲྭ་དང་པོ་སྣེ་ཁྲིད་དུ་བྱས་ཏེ་ཆ་རྐྱེན་ཅུང་འཛོམས་པའི་མདའ་བཞི་རྫོང་བཅས་ཕྱོགས་གསུམ་པས་མཚོ་བྱང་གི་རྫོང་རིམ་པའི་ལས་རིགས་གསོ་སྦྱོང་སྒྲིག་གཞི་ཐོག་མ་འཛུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་མདའ་བཞི་རྫོང་གི་ཞིང་འཕྲུལ་སློབ་མའི་གསོ་སྦྱོང་གི་དགོས་མཁོ་བསྐང་བ་དང་རོང་འབྲོག་མང་ཚོགས་ཐག་ཉེ་སར་སློབ་གྲྭར་ཞུགས་རྒྱུར་སྟབས་བདེ་བསྐྲུན་པ། སྒོ་འགྲམ་དུ་རྒྱུགས་སྤྲད་དཔང་ཡིག་ལེན་པ་བཅས་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་དུས་ཚོད་ཀྱི་མ་གནས་དང་དངོས་པོའི་མ་གནས་གྲོན་ཆུང་ཆེན་པོ་བྱས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号