དེབ་གསར«མཚུར་ལུགས་རྩིས་ཀྱི་དགོངས་རྒྱན་གོ་ལའི་རང་སྒྲ»

ཉེ་ཆར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་འཛུབ་སྟོན་དགེ་རྒན། མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི«མཚུར་ལུགས་རྩིས་ཀྱི་དགོངས་རྒྱན་གོ་ལའི་རང་སྒྲ»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

དཔེ་དེབ་འདི་ཉིད་ནི་སྐར་རྩིས་རིག་པའི་བྱུང་བ་བརྗོད་པ་དང་སྐར་རྩིས་ཀྱི་སྔོན་འགྲོ། བསྟན་རྩིས་བཤད་པ། དཔལ་ལྡན་བྱེད་པའི་ལྔ་བསྡུས། རྣམ་དག་གྲུབ་པའི་ལྔ་བསྡུས། ལེགས་ལྡན་གཟའ་ལྔའི་སྐོར། རྩིས་ཕྲན་འགའ་ཞིག་གི་སྐབས། མགྱོགས་རྩིས་ཀྱི་སྐབས། རྒྱ་རྩིས་ཀྱི་སྐབས། ལོའི་རྣམ་བཤད་ཀྱི་སྐབས། ཟླ་བའི་རྣམ་བཤད་ཀྱི་སྐབས། དབྱངས་འཆར་ཀྱི་འབྲས་རྩིས་ཐོར་བུའི་སྐབས། དུས་སྦྱོར་རྩ་བའི་རི་མོའི་ལག་ལེན་གྱི་སྐབས། ཉི་འཛིན་དང་ཟླ་འཛིན་གྱི་རྣམ་བཤད་སྐབས། རྒྱ་ནག་གླང་རྩིས་སྐབས། ཉེར་མཁོ་བུམ་བཟང་གི་འབྲས་རྩིས་ཀྱི་སྐབས། རྒྱ་རྩིས་སྐར་ཁྱིམ་ཉེར་བརྒྱད་ཀྱི་རྣམ་བཤད་སྐབས། བོད་མི་རྒན་པོའི་མྱོང་རྩིས་སྐབས། ཞག་གསུམ་རྣམ་པར་དབྱེ་བའི་སྐབས། གནམ་ས་གོ་ལའི་རྣམ་བཤད་ཀྱི་སྐབས། རྣམ་དག་གྲུབ་པའི་བསྐལ་ལིའི་རེའུ་མིག དཔལ་ལྡན་བྱེད་པའི་བསྐལ་ལིའི་རེའུ་མིག གྲུབ་པའི་རིལ་ཆའི་བསྐལ་ལིའི་རེའུ་མིག་དམར་ནག་འཁར་མ། བོད་ཀྱི་ལོ་ཐོའི་ནང་གི་གནད་ཚུལ་འགའ་ཞིག་གསལ་བཤད་བཅས་ལེའུ་ཉི་ཤུ་ལྷག་གིས་གྲུབ་ཡོད་དོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号