ཁྲིམས་འཛིན་པུའུ་ཡིས་བཅའ་ཁྲིམས་རོགས་སྐྱོར་གྱི“བློ་བདེའི་འགུལ་སྐྱོད”སྤེལ་བར་བཀོད་སྒྲིག་བྱས།
ཉེ་ལམ། ཁྲིམས་འཛིན་པུའུ་ཡིས《ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་རོགས་སྐྱོར་གྱི“བློ་བདེའི་འགུལ་སྐྱོད”སྤེལ་བའི་སྐོར་གྱི་བརྡ་ཐོ》 པར་འགྲེམས་བྱས། 《བརྡ་ཐོའི》ནང་དམངས་འཚོར་ཞབས་ཞུ་འགན་སྲུང་དང་། ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། འགལ་བ་དང་རྩོད་གཞི་སེལ་བ། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བཅས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་པ་དང་། ཞིང་བ་ཞོར་ལས་པ་དང་ལས་ཞུགས་རྣམ་པ་གསར་པའི་མི་སྣ་སོགས་ངལ་རྩོལ་པས་ཆེས་སེམས་ཁྲལ་བྱེད་པ་དང་ཆེས་ཐད་ཀར། ཆེས་དངོས་ཡོད་ཀྱི་གནད་དོན་ལ་དམིགས་ཏེ། ངལ་རྩོལ་པའི་ལས་ཞུགས་ཀྱི་ལས་རིགས་སོ་སོ་དང་ཁེ་དབང་སྲུང་སྐྱོང་བྱེད་པའི་བརྒྱུད་རིམ་སོ་སོར་ཡང་དག་པ་དང་སྟབས་བདེ་བ། སྤུས་ལེགས་པ་བཅས་ཀྱི་བཅའ་ཁྲིམས་རོགས་སྐྱོར་གྱི་ཞབས་ཞུ་འདོན་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན་ཡོད།
《བརྡ་ཐོའི》ནང་ངལ་རྩོལ་འབྲེལ་བར་དམིགས་ཏེ། བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དང་བཅའ་ཁྲིམས་བློ་འདྲི་སོགས་ཀྱི་བྱེད་ཐབས་བརྒྱུད། འབྲེལ་བ་ཡོད་སྲིད་པའི་བཅའ་ཁྲིམས་ཀྱི་གནད་དོན་གསལ་བཤད་བྱས་ཏེ། ངལ་རྩོལ་པར་ངལ་རྩོལ་གན་རྒྱའི་གྲོས་མཐུན་འཇོག་པ་ཚད་ལྡན་དུ་གཏོང་བར་རོགས་རམ་བྱེད་པ་དང་། ངལ་རྩོལ་གྱི་ཐོབ་ཆར་དམིགས་ཏེ་བཅའ་ཁྲིམས་ཞབས་ཞུའི་དྲ་བའི་ནུས་པ་ལེགས་བསྒྱུར་དང་། ངལ་རྩོལ་ཐོབ་ཆ་ཚུར་ལེན་པའི་རེ་ཞུ་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ། ལས་ཞུགས་རྣམ་པ་གསར་པའི་མི་སྣར་དེའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཞབས་འདེགས་ཞུ་དགོས་པ་གསལ་བོར་བཏོན་ཡོད།
《བརྡ་ཐོའི》ནང་ད་དུང་དུས་ཐོག་ཏུ་རོགས་སྐྱོར་གྱི་དགོས་མཁོ་དང་ལེན་བྱེད་པ་དང་། བཅའ་ཁྲིམས་རོགས་སྐྱོར་གྱི་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ། ཆེད་ལས་ཞབས་ཞུའི་དཔུང་སྡེ་འཛུགས་པ། བཅའ་ཁྲིམས་རོགས་སྐྱོར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་སོགས་བྱ་སྤྱོད་བྱེད་ཐབས་ཁག་བདུན་བཏོན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注