“ཁུལ་ཡོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོ་ལག་ལེན་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་སྒྲུབ་དགོས།”

——ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པའམ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རིན་འོས་མི་ཆོས་རྒྱལ་དང་ཉེ་བར་བཅར་བ།

ཟླ1པོའི་ཚེས17ཉིན། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་རིང་གསར་འགོད་པས་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པའམ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རིན་འོས་མི་ཆོས་རྒྱལ་ལ་བཅར་འདྲི་བྱས་ལ། ཁོང་གིས“ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དང་། བསམ་བློ་གཅིག་གྱུར་དང་ངོས་འཛིན་གཅིག་མཐུན། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་པའི་ཚོགས་འདུ་ཞིག་རེད། ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱི་གསུང་བཤད་དེ་མིག་རྒྱང་རིང་ལ། མིག་སྔར་འཕྲད་པའི་འགྲན་སློང་དང་གོ་སྐབས་ལ་དབྱེ་ཞིབ་བྱས་པ་གཏིང་ཟབ་པས། མ་འོངས་པའི་བྱ་བ་བཀོད་སྒྲིག་ཐད་བསམ་ཕྱོགས་གསལ་པོ་དང་ཁ་ཕྱོགས་གསལ་པོ། ནང་སྙིང་ཟབ་མོ་བཅས་ཡོད་ཅིང་། ལྷག་པར་དུ‘སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་གཏོད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ’བཅས་ཕྱོགས་གསུམ་ཐད་ནས་ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པའི་མངོན་གསལ་དོད་པའི་གནས་བབ་གལ་ཆེན་བཏོད་དེ་ང་ཚོས་ཁུལ་ཡོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོ་ལག་ལེན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡིད་ཆེས་འཕེལ་བ་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད”ཅེས་བཤད།


རྗེས་ཕྱོགས་ཀྱི་བྱ་བའི་སྐོར་གླེང་སྐབས་ཆོས་རྒྱལ་གྱིས2024ལོར་ང་ཚོས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཁུལ་ཡོངས་ཀྱི་མི་རིགས་ཆོས་ལུགས་ཁོངས་གཏོགས་ཀྱི་ཏང་ཡོན་མགོ་ཁྲིད་དང་ལས་བྱེད་ལས་བཟོ་བ་ཡོངས་སྐུལ་སློང་བྱས་ཏེ་བསམ་པའི་ངོ་བོར་གོ་བ་ནན་ཏན་ལེན་པ་དང་ལྟེ་བའི་དོན་སྙིང་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དྲིལ་སྒྲོག་སློབ་གསོའི“གཅིག་ཅན་བཅུ་གསུམ”དང“བསྐྱོད་པ་བཅུ་གཉིས”ཀྱི་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་ངང་སྤེལ་བའི་རྨང་གཞིའི་ཐོག་དྲིལ་སྒྲོག་སློབ་གསོའི་གཞི་རྟེན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་དང་། འགྲོ་འོང་བརྗེ་རེས་མཉམ་འདྲེས་ལས་སྟེགས་ཀྱི་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཁྲིམས་ལྟར་མི་རིགས་ཆོས་ལུགས་ལས་དོན་བཅོས་སྐྱོང་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དཔེ་སྟོན་ལས་ཁུངས་འཛུགས་སྐྱོང་བྱེད་པའི་ཐད་བྱ་ཐབས་དངོས་འདོན་པ་དང་ཕན་འབྲས་ཐོན་པ། དཔེ་སྟོན་བྱེད་པ་བཅས་བྱས་ཏེ་གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་ལས་གཞི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། 《ཁུལ་ཡོངས་སུ་མི་རིགས་མཐུན་སྒྲིལ“སེ་འབྲུའི་ཁྱིམ་གཞིས”གཏོད་པའི་བྱེད་སྒོ་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་། 《མཚོ་བྱང་ཁུལ་གྱི་མི་རིགས་སོ་སོའི་རིག་གནས་བརྗེ་རེས་དང་མཉམ་འདྲེས་ཀྱི་འགུལ་སྐྱོད་ཁག་བཅུ་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཇུས་གཞི》སོགས་གསར་གཏོད་བྱ་བའི་བྱ་ཐབས་དོན་འཁྱོལ་བྱས་ཏེ། རྩ་ཆེའི་ཐོན་ཁུངས་གང་ལེགས་སྒོས་སྤྱོད་པ་དང་། མཚོ་བྱང་གི་ལོ་རྒྱུས་དུས་སྐབས་སོ་སོའི་མི་རིགས་སོ་སོ་དབར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་དར་སྤེལ་གཏིང་ཟབ་གཏོང་བ། ནུབ་མཚོ་ཅུན་དང་འཇུ་ལག་གྲོང་རྡལ། མཁར་དམར་གནའ་མཁར་སོགས་གནའ་མཁར་གྱི་རྗེས་ཤུལ་དང་རིག་གནས་ཤུལ་བཞག དེ་བཞིན་གཟུགས་འདས་རིག་གནས་ཤུལ་བཞག་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོའི་ལག་ལེན་རྟེན་གཞི་བཙུགས་ནས“མཚོ་བྱང་གི་སྐད་སྒྲའི”ཐོག་ནས“མཚོ་བྱང་གི་གཏམ་རྒྱུད”ལེགས་པོར་བརྗོད་པ་དང་། “མཚོ་བྱང་ལྔ”འཛུགས་སྐྲུན་གྱི་དམིགས་ཚད་བླང་བྱར་དམིགས་ནས་མཚོ་བྱང་གིས་ནུས་ཤུགས་ཡོད་རྒུས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོའི་ལག་ལེན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号