མཚོ་བྱང་ལྔའི་འཛུགས་སྐྲུན་ལ་སྲ་ཞིང་བརྟན་པའི་རང་བྱུང་ཐོན་ཁུངས་ཀྱི་འགན་ལེན་མཁོ་སྤྲོད་བྱེད་དགོས།

——ཁུལ་རང་བྱུང་ཐོན་ཁུངས་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཅུས་ཀྲང་བློ་བཟང་དང་ཉེ་བར་བཅར་བ།

ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པས2023ལོའི་བྱ་བར་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང2024ལོའི་ལས་འགན་བཀོད་སྒྲིག་བྱས། གྲུབ་འབྲས་ཕྱིར་དྲན་བྱས་པ་ཕྱི་རོལ་ཡུལ་དང་མཐུན་ཞིང་ཆ་ཚང་བ། བྱ་བར་ཕྱོགས་བསྡོམས་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་པ། བླངས་ཟིན་པའི་གྲུབ་འབྲས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས།  ཚང་འཛོམས་གྲོས་ཚོགས་རྒྱལ་ཁའི་ངང་འཚོགས་པ་དེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་གང་ལེགས་མཚོན་ཡོད། བློ་མཐུན་ཤ་བོ་སྐྱབས་ཀྱི་སྙན་ཞུ་དང་བློ་མཐུན་ཀྲང་ཧྲིང་ཡོན་གྱི་གསུང་བཤད་ཀྱིས་ངར་ཤུགས་འཕེལ་བ་དང་མི་སེམས་ལ་སྐུལ་མ་ཐེབས་པར་བྱས་ཅེས་པའི་སྐད་ཆ་འདི་ནི2024ལོའི་ཟླ1པོའི་ཚེས17ཉིན་མཚོ་བྱང་ཁུལ་རང་བྱུང་ཐོན་ཁུངས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅིའམ་ཅུས་ཀྲང་བློ་བཟང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།


བློ་བཟང་གིས“འདས་ཟིན་པའི་ལོ་གཅིག་རིང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཁུལ་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ཁོངས་གཏོགས་ཀྱིས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་འགག་སྒྲོལ་དཀའ་སེལ་གྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་རྒྱུ་གཙོ་རྐང་དུ་བྱས་ནས‘གཅིག་གྱུར་གཉིས’ཀྱི་ལྟེ་བའི་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ་གཙོ་གནད་བྱ་བ་སོ་སོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་ཐུབ་ཡོད”ཅེས་བཤད།


རྗེས་ཕྱོགས་ཀྱི་འཕེལ་རྒྱས་སྐོར་གླེང་སྐབས་བློ་བཟང་གིས་གདེང་ཚོད་ཡོད་པའི་སྒོ་ནས“ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པ་དང“བཅུ་ཅན་བཞི་ལྔའི”འཆར་འགོད་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད། རང་བྱུང་ཐོན་ཁུངས་སྡེ་ཁག་གིས་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས‘ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ’བཅས་ཀྱི་བླང་བྱ་ལག་བསྟར་བྱས་ནས‘མདུན་གྲལ་དུ་སྐྱོད་པ་གསུམ’དམིགས་ཚད་བླང་བྱར་དམིགས་ཏེ་བྱ་བ་སྒྲུབ་པ་དང་། འབད་བརྩོན་བྱེད་པ། ལག་ལེན་བྱེད་པ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་དམིགས་ཚད་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱས་ནས‘མཚོ་བྱང་ལྔ’བསྐྲུན་ཆེད་སྲ་ཞིང་བརྟན་པའི་རང་བྱུང་ཐོན་ཁུངས་ཀྱི་འགན་ལེན་འདོན་སྤྲོད་བྱེད་དགོས་ཏེ། གཅིག་ནས་གནད་ཆེའི་རྒྱུ་རྐྱེན་གྱི་འདེགས་སྐྱོར་གཅིག་གྱུར་འཆར་འགོད་བྱས་ནས་འཕེལ་རྒྱས་འགན་སྲུང་བྱེད་པའི་ཐད་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་ཡིན། འཆར་འགོད་ལག་བསྟར་དང་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་རྒྱལ་ཁབ་མངའ་ཁོངས་བར་མཐོངས་འཆར་འགོད་ཀྱི་ཚེ་སྲོག་ཧྲིལ་པོའི་དུས་འཁོར་གྱི་སྒོ་རྒྱག་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་འཆར་འགོད་དེ་སྒྲིག་ཁོངས་ནས་ལག་བསྟར་དོ་དམ་བར་འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་བཏང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་ཆེད་བར་མཐོངས་འགན་ལེན་ཡག་པོ་བྱེད་སྲིད། གཉིས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་གསར་སྤེལ་དང་བེད་སྤྱོད་བྱས་ཏེ་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་ཐད་རྒྱུན་འཁྱོངས་ལྷོད་མེད་བྱ་རྒྱུ་ཡིན། རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱེད་པ་སབ་། བཟུང་སྤྱོད་ཀྱི་ཁ་གསབ་དོ་སྙོམས་ཚད་ལྡན་དུ་གཏོང་བ། རྨོ་ཞིང་གི་དམར་ཐིག་བརྟན་སྲུང་མཐའ་གཅིག་ཏུ་བཅས་བྱེད་སྲིད། འཆར་ཅན་གྱི་ལྟ་ཞིབ་བཅོས་སྒྲིག་བྱ་བར་སྐུལ་འདེད་ཧུར་ཐག་བཏང་ནས་གཏེར་ལས་དབང་ཆ་རིགས་དབྱེ་ཐག་གཅོད་དང་ཁ་གསབ་མ་དངུལ་གཏོང་སྤྲོད། སྲིད་འཛིན་གཏུག་བཤེར་སོགས་རྗེས་མཐུད་བྱ་བ་ཁྱོན་ཡོངས་ནས་ལེགས་སྒྲུབ་སྟེ། ཙོང་ཆུའི་འབབ་རྒྱུད་ཀྱི་རི་ཆུ་རྣམ་གྲངས་ཀྱི་ལོ་འཁོར་མོའི་དམིགས་ཚད་དང་ལས་རྗེས་ལེགས་འགྲུབ། མ་དངུལ་བེད་སྤྱོད་སོགས་ཀྱི་གནས་ཚུལ་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་བྱ་བར་ཤུགས་སྣོན་སྲིད། གསུམ་ནས་མི་དམངས་ནི་བླ་ན་མེད་པར་བརྟན་སྲུང་བྱས་ཏེ། དམངས་འཚོ་ལེགས་བཅོས་བྱེད་པའི་ཐད་ལ་ཕན་འབྲས་ཐོན་ཡོད།‘སྦྲེལ་དྲ+གཏན་འཇགས་རྒྱུ་ནོར་ཐོ་འགོད’བྱེད་སྟངས་རྣམ་པ་ཧུར་ཐག་འཛུགས་པ། གཏན་འཇགས་རྒྱུ་ནོར་ཐོ་འགོད་དང་དཔྱ་ཁྲལ། ཉོ་འཚོང་བཅས་ཀྱི་སྒེའུ་ཁུང་གཅིག་ནས་སྒྲུབ་པ། ཆུ་དང་གློག་རླངས་མཉམ་སྒུལ་རྒྱུ་བདག་བརྗེ་བའི་ཆ་འཕྲིན་མཉམ་སྤྱོད་བྱ་བར་འཚོལ་ཞིབ་དང་སྐུལ་འདེད་གཏོང་པ། ཆུ་མཛོད་ཆེ་འབྲིང་གི་གནས་སྤོས་ཡུལ་མི་བཀོད་སྒྲིག་བྱེད་པའི་དུས་མཇུག་གི་རོགས་སྐྱོར་བྱ་བ་སོ་སོ་ལེགས་སྒྲུབ་བྱེད་རྒྱུ། ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་གནད་རང་བྱུང་གནོད་འཚེ་ཕྱོགས་བསྡུས་འགོག་བཅོས་མ་ལག་འཛུགས་སྐྲུན་ལས་གཞི་དོན་འཁྱོལ་ཐུབ་པར་བརྩོན་ལེན་བྱས་ནས‘མིའི་སྔོན་འགོག+ལག་རྩལ་གྱིས་སྔོན་འགོག’བཅས་ཀྱི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་ནུས་པ་འཛུགས་སྐྱོང་ལ་ཤུགས་བསྣན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་སྲིད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号