འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་རྒྱུ་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་སྲིད།

—— རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲིན་ཆིན་དང་ཉེ་བར་བཅར་བ།

ཟླ1པོའི་ཚེས17ཉིན། མཚོ་བྱང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་འཚོགས་སྐབས་རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲིན་ཆིན་གྱིས་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས“ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ནི་འགག་རྩའི་དུས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་བ། དམིགས་ཚད་གཏན་འཁེལ་ཡང་དག་པ། བྱ་བའི་བཀོད་སྒྲིག་ཏན་ཏིག་ཡིན་པ། འཐབ་རྩོད་ཀྱི་སྙིང་སྟོབས་ལྡན་པ། དམངས་ལ་བཅངས་པའི་བརྩེ་སེམས་ཟབ་ཅིང་།  མཐོ་ཚད་གསར་པའི་ཐོག‘མཚོ་བྱང་ལྔའི’འཛུགས་སྐྲུན་སྐུལ་སློང་གི་དུང་བརྡ་ཇེ་མགྱོགས་སུ་བཏང་བ་ཞིག་ཡིན་ལ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཀྱང་ཡིན་པས་ང་ཚོས་འགྲན་སློང་ལ་ཁ་གཏད་ཐུབ་པ་དང་འགན་འཁྲི་འཁུར་ཕོད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་བཏང་ཡོད”ཅེས་བཤད།


ཀྲུའུ་ཁྲིན་ཆིན་གྱིས་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྣེ་ཁྲིད་དུ་བཟུང་ནས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་། བསམ་ཕྱོགས་གསལ་བ།  རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་ཁྲིད་སྟོན་མངོན་གསལ་དོད་པོ་རྒྱུན་འཁྱོངས་ཀྱིས་དུས་ནམ་ཡིན་ཡང“བྱ་བ་སྒྲུབ་འདོད་དང་སྒྲུབ་ཕོད་པ།  སྒྲུབ་ཤེས་པ”བཅས་ཀྱི་བསམ་པའི་འཁྱེར་ཕྱོགས་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་ཀྱིས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་འཐབ་ཇུས་ཀྱི་ཚུགས་ཤུགས་རྒྱུན་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཅས་བྱས་ཏེ་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཤད། 


ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཇི་ལྟར་བྱ་རྒྱུའི་ཐད་ཀྲུའུ་ཁྲིན་ཆིན་གྱིས་གཙོ་གནད་ཕྱོགས་དྲུག་གི་ཐད་ནས་རྒྱས་བཤད་གནང་བ་སྟེ། གཅིག་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་གཞི་རིམ་གྱི་བཙན་རྫོང་སྟོབས་ཆེར་གཏོང་རྒྱུ་ཡིན། “གཅིག་ཅན་དྲུག”གི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། “ལྟེ་བ་གཅིག་རུ་ཁག་ལྔ་ཡིས་དར་སྤེལ་སྐུལ་འདེད་གཏོང་བ”དང“སྣེ་ཁྲིད་གཅིག་དང་རིམ་འཕར་བཞི།” “ཐིན་གཉིས་ས་ཚུགས་བཞི”སོགས་ཏང་འཛུགས་སྐྱོང་གི་ཆས་རྟགས་དམ་འཛིན་ཏན་ཏིག་བྱས་ཏེ་ཀྲི་པུའུ་ཡག་པོ་འཛུགས་པ་དང་ཧྲུའུ་ཅི་གསོ་སྐྱོང་ཡག་པོ་བྱེད་པ།  གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་འགན་ཁུར་དང་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་སྐུལ་སློང་བྱེད་དགོས། སྤྱོད་ཚུལ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ངར་ཤུགས་དང་སེམས་ཤུགས་བརྟན་པོས“སྤྱོད་ཚུལ་བཞི”བཅོས་བསྒྲིགས་དམ་འཛིན་ལྷོད་མེད་བྱེད་པ། “རྒྱུན་ལྡན”དང“ཡུན་རིང”གི་བརྟན་ཤུགས་སྲུང་འཛིན་བྱེད་པ།    ཡང་དག་པའི་མི་འདེམས་མི་སྤྱོད་ཀྱི་ཁྲིད་ཕྱོགས་བཙུགས་ཏེ“མི་རུལ་པ་གསུམ”ལ་མཉམ་དུ་སྐུལ་འདེད་བཏང་སྟེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་སྲ་བརྟན་དུ་གཏོང་སྲིད། གཉིས་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་ཀྱི་བཙན་ས་འཛུགས་སྐྲུན་བྱ་རྒྱུ་ཡིན། ཚད་གཞི་སྔར་བས་མཐོན་པའི་ཐོག་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་ཆུའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་བཏོན་པའི་གནད་དོན་བཅོས་སྒྲིག་ཏན་ཏིག་བྱེད་པ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་ལོ་གསུམ་གྱི་བྱ་སྤྱོད་ནུས་ཤུགས་ཡོད་རྒུས་སྲ་བརྟན་དང་མཐོ་རུ་གཏོང་བ།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལམ་ལུགས་མ་ལག་དང་རོང་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།  རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་ཧུར་ཐག་གཏོད་སྲིད།  གསུམ་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་དམངས་འཚོའི་བདེ་སྐྱིད་ཇེ་ཆེར་གཏོང་རྒྱུ་ཡིན། སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། ཞིང་ཕྱུགས་ལས་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་གསར་གཏོད་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་པ། སྤྱི་ཚོགས་རྒན་གསོ་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། “མི་བརྒྱའི་འཆར་གཞི་ཁག་གསུམ”མུ་མཐུད་ལག་བསྟར་བྱེད་པ། ལས་གཏོད་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་ཡག་པོ་བྱེད་པ།  རྐང་ཚ་རྫོང་སྤྱི་པའི་སྦྱོང་བརྡར་རྟེན་གཞི་འཛུགས་རྒྱུའི་བརྩོན་ལེན་བྱེད་པ། ཞིང་ཕྱུགས་དང་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས།  ཁེ་ལས་ཆུང་འབྲིང་ཁྲོད་ཀྱི་ལས་ཞུགས་ལས་གནས1200ལྷག་ཙམ་བེད་སྤྱོད་ཡག་པོ་བྱེད་པ། སློབ་ཆེན་མཐར་ཕྱིན་སློབ་མ་དང་རོང་འབྲོག་མང་ཚོགས། ཕུལ་བྱུང་ན་གཞོན་སོགས་ཀྱི་ལས་གཏོད་ལས་ཞུགས་ཀྱི་བྱ་བ་དམིགས་སུ་བཀར་ནས་ལེགས་པར་བསྒྲུབས་ཏེ་ཤེས་ལྡན་པ་སྣ་ཚོགས་ཀྱི་འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྒུལ་ཤུགས་ཟམ་མི་ཆད་པར་སློངས་ཏེ་སློབ་གསོ་དང་ལས་ཞུགས། སྨན་བཅོས། རྒན་གསོ།  མང་ཚོགས་ཀྱི་ཡོང་འབབ་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ནས་ཉིན་བཞིན་གོང་དུ་འཕེལ་བའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་སྲིད། བཞི་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་ཐོན་ལས་ཀྱི་མ་ལག་འཛུགས་གྲུབ་བྱ་རྒྱུ་ཡིན། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ཡང་དག་བྱས་ཏེ་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ནོར་གནག་ཁྲི་དང་བོད་ལུག་ཁྲི། ནོར་གནག་སྟོང་དང་བོད་ལུག་སྟོང་བཅས་གཞི་ཁྱོན་ཅན་གྱི་གསོ་སྤེལ་རྟེན་གཞི་བཙུགས་ཏེ་ཁྱོན་མ་དངུལ་སྒོར་ཁྲི3000བཏང་བའི་ཕྱུགས་རིགས་གསོན་པོ་ཉོ་ཚོང་ཁྲོམ་ར་དང་གྲང་སྦྲེལ་ཟོག་འགྲེམས་རྟེན་གཞིའི་ལས་གཞི་ལེགས་སྒྲུབ་བྱེད་པ་པ་དང་གཟན་རྩྭ་དང་གཟན་ཆས་ལས་སྣོན། ནོར་ལུག་བཤས་གཏོང་སོགས་ཀྱི་ཁེ་ལས་རྒྱུན་མཐུད་སྐྱེད་སྲིང་བྱས་ནས“ཐོན་སྐྱེད་དང་ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཅན”གྱི་ཞིང་ཕྱུགས་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མ་ལག་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན། རྒྱལ་ཁབ་ཀྱི་ནུས་རྒྱུ་ཆན་ཝ་ཁྲི120ཟིན་པའི་འོད་ཤུགས་ལས་གཞི་ཁྱོན་ཡོངས་ནས་བསྐྲུན་ཏེ་བེད་སྤྱོད་གཏོང་མགོ་བརྩམས་པ་དང་ཀྲུང་གོ་ཉིང་རྡུལ་ནུས་འདུས་ནུས་རྒྱུའི་ཆན་ཝ་ཁྲི100ཡི་འཕར་གྲངས་མཉམ་བཅོས་དང་རྡོ་སོལ་སྔོག་འདོན་ནུབ་ཁུལ་ཆན་ཝ་ཁྲི15སོགས་ཀྱི་ལས་གཞི་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས“ལྗང་མདོག་དང་ཐཱན་ཉུང་། ནུས་ལྡན”བཅས་ཀྱི་སྤུས་ཚད་མཐོ་བའི་ནུས་རྒྱུ་གཙང་མའི་ཐོན་ལས་མ་ལག་བསྐྲུན་ཡོད། 2024ལོར་དཔལ་དགེ་དགོ་དམར་ཚན་རྩལ་ཁྱབ་གདལ་ཉམས་ཞིབ་རྟེན་གཞི་དང་ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུག་སོགསA3ལྗོངས་ཁུལ་དུ་བསྐྲུན་ནས་ཁྱད་ལྡན་བོད་ཟས་བཟའ་བཏུང་ཆས་རྟགས་བཏོད་དེ“དགའ་སྤྲོའི་ཡོ་ལང་། ལས་དོན་དར་རྒྱས། བརྩེ་བའི་རྐང་ཚ”སོགས་ཀྱི་རིག་གནས་གསར་རྩོམ་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱས་ནས“ལྗོངས་རྣམ་ཡག  མི་ནི་མཛེས་ཤིང་བརྩེ་བས་ཕྱུག”བཅས་ཀྱི་སྤུས་ཚད་མཐོ་བའི་ཡུལ་སྐོར་ཞབས་ཞུའི་མ་ལག་བསྐྲུན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་དང་གཏིང་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་སྲིད། ལྔ་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་རྒྱུ་ཡིན། “མི་རིགས་མཐུན་སྒྲིལ་ཡར་ཐོན+”གསར་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོའི་བྱ་བ་གཏིང་ཟབ་སྤེལ་བ། “སེའུ་འབྲུའི་ཁྱིམ་གཞིས”8རྒྱུན་མཐུད་ངང་འཛུགས་བསྐྲུན། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་བཟོ་སྐྲུན་དང“མི་རིགས་ཀྱི་གཞིས་ཁྱིམ”བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། རིག་གནས་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་ཡག་པོ་བྱེད་པ།   ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཆམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་པ།  མི་རིགས་ཁག་དབར་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་སྲིད། དྲུག་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་བདེ་འཇགས་དང་བརྟན་ལྷིང་འགན་སྲུང་བྱེད་རྒྱུ་ཡིན། བདེ་འཇགས་མཚོ་སྔོན་གྱི“གཅིག་ཅན་བཅུའི”གཙོ་གནད་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ“ནག་སེལ་ངན་འཇོམས་བྱེད་པའི”རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་གོང་སྤེལ་བཏང་སྟེ། ཡིག་སྐུར་ངོ་བཅར་གྱི་འགལ་བ་འདུམ་སེལ་བྱེད་པའི་བྱ་བ་རྒྱུན་མཐུད་ངང་ལེགས་པར་བསྒྲུབ་ནས“སྡེ་སྲོལ་དམངས་ཆིངས”དང“གྲོང་མིའི་སྤྱི་ཆིངས།” “དགོན་སྡེའི་སྒྲིག་སྲོལ་གྱི་དགེ་འདུན་པའི་ཆིངས་ཡིག”བཅས་ལག་བསྟར་ནུས་ལྡན་བྱེད་རྒྱུར་སྐུལ་འདེད་བཏང་ནས་གོམས་སྲོལ་བསྒྱུར་རྒྱུར་སྐུལ་སྤེལ་ཤུགས་ཆེ་བཏང་སྟེ་རོང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་སྤེལ་རྒྱུར་ཤུགས་སྣོན་བྱེད་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་གཏིང་ཟབ་བྱས་ནས་འགྲིམ་འགྲུལ་བདེ་འཇགས་དང་སློབ་གྲྭའི་བདེ་འཇགས། ཐོན་སྐྱེད་བདེ་འཇགས་སོགས་ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་ནས་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་དང་མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་འགན་ལེན་བྱ་སྲིད་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号