ཀྲུང་གུང་མཚོ་བྱང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་པ།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་གསུང་བཤད་གནང་།



ཟླ1པོའི་ཚེས17ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་བྱང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ། དེ་བཞིན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས། 2023ལོའི་ཁུལ་ཡོངས་ཀྱི་བྱ་བར་ཕྱོགས་སྡོམ་དང་།  མིག་སྔའི་གནས་བབ་ལ་དབྱེ་ཞིབ། 2024ལོའི་བྱ་བ་བཀོད་སྒྲིག་བཅས་བྱས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས2023ལོའི་བྱ་བའི་སྙན་ཞུ་ཕུལ་པ་དང2024ལོའི་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས2023ལོའི་དཔལ་འབྱོར་སྤྱི་ཚོགས་བྱ་བར་ཕྱོགས་སྡོམ་བྱས་པ་དང་། 2024ལོའི་བྱ་བ་བཀོད་སྒྲིག་བྱས། ཁུལ་ཨུའི་རྒྱུན་ཨུ་མགོན་པོ་ཚེ་བརྟན་དང་། ཝང་ཡུང་ཁྲང་། ཨ་ཁྱུང་། སུང་ཞུག་ཙུང་། སངས་འབུམ། ལའེ་མིན། སི་ཅི་ཧྲིན་བཅས་ཚོགས་འདུར་ཕེབས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་ཚོགས་འདུར་ཞུགས།    

ཚོགས་འདུས2023ལོའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་བྱ་བར་ཁས་ལེན་གང་ལེགས་གནང་ལ། འདས་ཟིན་པའི་ལོ་གཅིག་ནང་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ལ། “243”གྱི་འཕེལ་རྒྱས་བཀོད་སྒྲིག་ལ་དམིགས་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་འཕྱུགས་མེད་བྱས་ལ། “ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ།  “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”གྱི་འགན་འཁྲི་འཁུར་སེམས་ཐོག་ནས་ཁུལ་ཡོངས་ཀྱི་གོང་འོག་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་བྱ་བ་དངོས་སྒྲུབ་ནས་མདུན་སྐྱོད་བྱས་ཤིང“མཚོ་བྱང་ལྔ”འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད། ཁུལ་ཨུས་ནུས་ཤུགས་གཅིག་ཏུ་བསྡུས་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བཏོད་དེ་རྒྱལ་ཁབ་སྤྱི་གླིང་གཉིས་འཛུགས་སྐྲུན་བྱེད་པའི་ཐད་དོན་དངོས་ཀྱི་གོམ་སྟབས་སྤོས་ནས་མི་ཚང་མས་སྐྱེ་ཁམས་ལ་ཐུགས་ཁུར་དང་རྒྱབ་སྐྱོར། གཅེས་སྐྱོང་བཅས་བྱེད་པའི་རྣམ་པ་སྔར་ལས་ཟབ་ཏུ་བཏང་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་མཚོ་བྱང་འདི་ཉིད་ཞིང་ཆེན་ཡོངས་ཀྱི་ས་མཐོའི་བོད་ལུག་དང་ནས། ལོག་དཀར་བཅས་མཁོ་འདོན་བྱེད་པའི་རྟེན་གཞི་ཆེ་ཤོས་སུ་གྱུར་ནས“མདོ་ལ་རི་ཡིས་ཕྱུག་པ་དང་རྐང་ཚ་མཚོ་ཡིས་ཕྱུག་པའི”མཚན་སྙན་གང་སར་ཁྱབ་ཏུ་བཅུག་ཡོད་ཅིང་། ནུབ་མཚོ་ཅུན་དང་གངས་ལུང་བྲག་ཕུག་དགོན་སོགས་ཀྱི་རིག་གནས་རྗེས་ཤུལ་སྤྱད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དྲིལ་སྒྲོག་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་བྱུང་ཡོད་པ་དང་། བློ་གཅིག་སེམས་གཅིག་གིས་བརྩེ་སེམས་ལ་བརྟེན་ནས་དམངས་འཚོའི་བདེ་སྐྱིད་ཇེ་ལེགས་སུ་བཏང་བ་དང་གྲོང་གསེབ་དར་སྤེལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ལ། སྤྱི་ཚོགས་ཀྱི་བྱ་གཞག་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་སུ་བཏང་བ་དང་། དམངས་འཚོར་ཞབས་འདེགས་ཞུ་བའི་དྲོད་ཚད་དང་སྤུས་ཚད་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་བཏང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་དང་བསམ་བློ་རིག་གནས་དྲིལ་སྒྲོག་གི་བྱ་བར་ཤུགས་བསྣན་ནས་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས། ཚན་རིག་མཁས་ཅན་གྱི་སྙིང་སྟོབས། དར་གོས་ཚོང་ལམ་གྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ལ། “1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ལམ་ལུགས་བཙུགས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་ནན་མོ་བཏང་བས་ཁུལ་ཡོངས་ཀྱི་བྱ་གཞག་སོ་སོར་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད་པར་བསྟན།    

ཚང་འཛོམས་གྲོས་ཚོགས་ཐོག2023ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་བྱ་བར་ཕྱིར་དྲན་དང་ཕྱོགས་སྡོམ་གནང་ལ། 2023ལོར་དཀའ་ཚེགས་ཆེ་ལ་ལས་འགན་ལྕི་བའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལས་འགན་མདུན་དུ་ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་དང་ནུས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ། ཐོན་ལས་ཀྱི“གནས་བཞི”གང་མགྱོགས་སྒོས་སྐྲུན་པ། ཐོན་ལས་ཀྱི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ལྗང་མདོག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསོག་འཇོག་བྱེད་པ། མཐུན་སྦྱོར་འཕེལ་རྒྱས་རིམ་བཞིན་ཇེ་ལེགས་སུ་གཏོང་བ། དམངས་འཚོ་འགན་ལེན་སྔར་བས་ནུས་ལྡན་བྱེད་པ། བདེ་འཇགས་ཀྱི་རྨང་གཞི་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ་བཅས་བྱས་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཐོན་ཡོད་པར་བསྟན། 

ཚོགས་འདུའི་ཐོག“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་རྒྱུན་འཁྱོངས་ཀྱིས་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་བྱ་བ་སོ་སོར་སྤྱི་འདོམས་བྱས་ཏེ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འགྲན་སློང་དང་གོ་སྐབས་སྟངས་འཛིན་བྱེད་མཁས་པ་དང་། རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་འཐབ་ཇུས་ནང་མཉམ་འདྲེས་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཧུར་ཐག་འཇལ་བ་བཅས་བྱས་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་དགོས་པར་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག་ད་ལོའི་བྱ་བའི་སྤྱིའི་བླང་བྱ་བཏོན་པ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་ལྟར་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ཡང་དག་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མགྱོགས་མྱུར་སྒོས་ཞུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། “མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་ཚད་ལ་དམིགས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། “ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་བསྟར་ཧུར་ཐག་བྱེད་པ། གསར་འབྱེད་གསར་གཏོད་དང་འབད་འབུངས་ཡར་བརྩོན་བཅས་བྱས་ནས“མཚོ་བྱང་ལྔའ”འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་ཧུར་ཐག་སྒོས་བརྩམ་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། མགོ་རྩོམ་ས་གསར་པའི་ཐོག་འགྲེང་སྟེ་དངོས་དོན་སྒྲུབ་པ་དེ་ཆེས་མངོན་གསལ་གྱི་ཐུན་མོང་ངོས་འཛིན་དུ་བརྩིས་ནས"མཚོ་བྱང་ལྔ"འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་གཏོང་དགོས། "གནས་བཞིའི"ཐོན་ལས་ནན་གྱིས་བསྒྲུབས་ཏེ་སྐྱེ་ཁམས་ཕྱུགས་ལས་ཀྱི"གཅིག་ཅན་དགུ"ཡི་བཟོ་སྐྲུན་ཆ་ཚང་ཚད་འདེགས་རྒྱ་སྐྱེད་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། "123"Aརིམ་པའི་ལྗོངས་ཁུལ་གཏོད་རྒྱུར་ཤུགས་སྣོན་དགོས་ལ། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ནང་ཁུལ་གྱི་འབྲུ་གུ་དགོན་ལུང་བ་སོགས་ས་ཁོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་གཉེར་སྐྱོང་ས་ཚིགས་གསར་སྤེལ་འཛུགས་སྐྲུན་བྱ་རྒྱུའི་བརྩོན་ལེན་ཧུར་ཐག་བྱས་ཏེ་དག་གཙང་ནུས་རྒྱུ་གསར་སྤེལ་གྱི་བཀོད་པ་དང་བེད་སྤྱོད་ཀྱི་གཞི་ཁྱོན་ལུགས་མཐུན་ངང་འཆར་འགོད་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་འབུར་ཐོན་འཇོག་པ་དང་འབྱོར་ཕྱུག་མཚོ་བྱང་འཛུགས་སྐྲུན་བྱེད་པའི་སྟེང་ཐོད་བརྒལ་གསར་པ་བརྩོན་དགོས། བསམ་པའི་བཙན་ས་བསྐྲུན་དགོས་པ་དང་། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། མཚོ་བྱང་གི་གསར་བརྗེའི་ཉམས་ཞིབ་ཆས་རྟགས་གྲགས་ཅན་ཁྱོན་ཡོངས་ནས་འདོན་མགོ་བརྩམས་ཏེ་དཔལ་ཡོན་མཚོ་བྱང་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་ལེན་དགོས། དཀའ་གནད་དང་འགག་གནད་མངོན་གསལ་དོད་པོའི་དམ་འཛིན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ནས་ཉེན་ཁར་དོགས་ཟོན་དང་སེལ་ཐབས་ཏན་ཏིག་བྱས་ཏེ་འཆམ་མཐུན་མཚོ་བྱང་འཛུགས་སྐྲུན་ཐད་རྣམ་པ་གསར་པ་གཏོད་དགོས། སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱགས་ཀླུང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དཔེ་མཚོན་གྱོད་དཔེ་དང་བཏོན་པའི་གནད་དོན་བཅོས་སྒྲིག་བྱ་བར་དམ་འཛིན་ནན་མོ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས་མཛེས་སྡུག་ལྡན་པའི་མཚོ་བྱང་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས། དམངས་འཚོར་ཞབས་ཞུ་དང་འགན་ལེན་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་མཉམ་སྐྲུན་མཉམ་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་ཁུལ་མི་དམངས་སྨན་ཁང་གཉིས་པའི་རིམ་གསུམ་སྨན་ཁང་གཏོད་རྒྱུར་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ་བདེ་སྐྱིད་མཚོ་བྱང་འཛུགས་སྐྲུན་ཐད་འཕེལ་རྒྱས་གསར་པ་ཡོང་བར་བྱེད་དགོས་ཟེར། 

ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་ནམ་ཡང་ལམ་དུ་ཡོད་པའི་འགྱུར་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་འཛུགས་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས། ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་མུ་མཐུད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཏང་གཤིས་བློ་སྦྱོང་མཐོ་རུ་གཏོང་བ་དང་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་དགོས་པ་དང་། སྡེ་བའི(གཞིས་ཁུལ)"བཅུ་ལྡན"བཟོ་སྐྲུན་གསར་གཏོད་དང་སྐུལ་འདེད་བཏང་ནས་ནུས་མེད་ཟབ་ཟོབ་ཀྱི་སྡེ་བའི་ཏང་རྩ་འཛུགས་གྲལ་བཤེར་བཅོས་སྒྲིག་རྒྱུན་རྣམ་ཅན་དུ་འགྱུར་བར་བྱས་ཏེ་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱ་ཐབས་སྐོར་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱེད་དགོས། སྲིད་གཙང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་རིགས་ཀྱི་རང་བཞིན་དང་མ་ལག་གི་རང་བཞིན། ས་ཁོངས་ཀྱི་རང་བཞིན་བཅས་ལྡན་པའི་རུལ་སུངས་ཀྱི་གནད་དོན་ཆེད་དམིགས་བཅོས་སྒྲིག་བཅོས་སྐྱོང་རྒྱུན་ལྡན་ཅན་དུ་སྤེལ་དགོས་པ་དང་། ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། སྤྱོད་གཙང་གཟི་བརྗིད་དང་འདོད་རྔམ་ངོ་ཚ་ཡིན་པ་དང་ཡར་རྒྱས་དགེ་སྒྲུབ་ཀྱི་སྤྱི་ཚོགས་དར་སྲོལ་ཆགས་པར་སྐུལ་འདེད་གཏོང་དགོས་ལ། སྤྱོད་ཚུལ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མགོ་ཁྲིད་ལས་བྱེད་པ6གི་གྱོད་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་གནད་དོན་འབུར་ཐོན་གྱི་ཆེད་དོན་བཅོས་སྒྲིག་ལ་ཤུགས་བསྣན་ནས“སྤྱོད་ངན་བཞི“བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས། དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་ཆེན་དང་སྲིད་གཞུང་། སྲིད་གྲོས་བཅས་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། མང་ཚོགས་ཚོགས་པ་དང་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་བྱ་བར་གཅིག་གྱུར་གྱིས་ལེགས་པར་སྒྲུབ་པ་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་དགོས་ཟེར། 

ཚང་འཛོམས་གྲོས་ཚོགས་ཐོག་རིམ་པ་སོ་སོའི་ཏང་ཙུའུ(ཏང་ཨུ)དང་རྒྱ་ཆེའི་ལས་བྱེད་པས་ད་ལོར་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་ལ་རྩེ་གཅིག་ཏུ་དམིགས་ནས་རང་འགུལ་གྱིས་བྱས་རྗེས་འཇོག་པ་དང་། བྱ་བ་སྒྲུབ་པའི་རང་འགུལ་རང་བཞིན་དང་གདོང་མཆོང་སྙིང་སྟོབས། འགན་འཁྲི་ལྗིད་པོ་འཁུར་བའི་སྙིང་རུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ལས་བྱེད་པས་བྱ་བ་བྱེད་པའི་ཐད་ཀུན་སྤྱོད་མངོན་པར་བྱ་དགོས། ཁྱོན་ཡོངས་ལ་ལྟ་བ་དང་ཆ་ཤས་ནས་ཁྱོན་ཡོངས་ལ་ལྟ་ཞིབ་བྱེད་མཁས་པ་དང་། ཁུལ་ཡོངས་དང་ཐ་ན་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ནས་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་མཁས་པ་བཅས་བྱས་ཏེ་བསམ་ཕྱོགས་གསལ་པོའི་ཐོག་ནས་གནས་ཚད་གནད་ལ་འཁེལ་བ་འཚོལ་དགོས། མ་མཐའི་མཚམས་ཐིག་བརྟན་སྲུང་བྱས་ཏེ་སྲིད་སྐྱོང་གི་ཀུན་སྤྱོད་རྒྱུན་དུ་སྦྱོང་བ་དང་། འདོད་རྔམ་གྱི་གནོད་འཚེ་རྒྱུན་དུ་དྲན་པ། རང་གཅུན་གྱི་བསམ་པ་རྒྱུན་དུ་འཆང་བ་བཅས་བྱས་ཏེ་རང་གཅུན་ནན་མོའི་ཐོག་ནས་མིག་དཔེ་ཡག་པོ་སྟོན་དགོས་པའི་བླང་བྱ་བཏོན།

ཚང་འཛོམས་གྲོས་ཚོགས་ཐོག ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཡིད་ཆེས་བརྟན་པོ་དང་འབད་འབུངས་ཡར་བརྩོན། དཀའ་སྤྱད་འབད་འཐབ། ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་གཏོད་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་གནང་།

ཚོགས་འདུའི་རྗེས་སུ། ཚོགས་ཞུགས་མི་སྣས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་ཁུར་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་དཔྱད་བསྡུར་བྱས་ནས2023ལོའི་ལོ་འཁོར་མོའི་ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་བྱ་བ་དང་ལོ་འདིའི་ནང་གསར་དུ་གོ་གནས་སྤར་ནས་བསྐོ་སྤྱོད་བྱས་པའི་མགོ་ཁྲིད་ལས་བྱེད་པར་དམངས་གཙོའི་དཔྱད་འཇོག་བྱས།    

ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ཚོགས་འདུར་ཞུགས་ལ། ཁུལ་ཨུའི་ཨུ་ཡོན་དང་ཁུལ་ཨུའི་རྗེས་སྣོན་ཨུ་ཡོན་མིན་པའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཁུལ་སྒྲིག་ཨུའི་རྒྱུན་ཨུ་དང་ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། རྫོང་དང་ཞིང་ར་སོ་སོའི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་ཙུའུ(ཏང་ཨུ)མང་ཚོགས་ཚོགས་པ་སོ་སོའི་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཁོངས་གཏོགས་ཀྱི་ཁེ་ལས་དང་དོན་ལས་ལས་ཁུངས་སོ་སོ། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཁག་ཅིག ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུའི་འགན་འཁུར་བློ་མཐུན། ཁུལ་དུ་བཅའ་སྡོད་བྱས་པའི་གསར་འགྱུར་སྨྱན་སྦྱོར་གྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号