དངོས་དོན་སྒྲུབ་ཅིང་འགན་འཁྲི་ཁུར་ནས་ཁུལ་ཨུའི་འཆར་གཞི་ཡག་པོ་དེ་གསོན་ཉམས་ལྡན་པའི་དོན་དངོས་སུ་བསྒྱུར་དགོས།
----ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་སུང་ཞུག་ཙུང་དང་ཉེ་བར་བཅར་པ།
“ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གནང་བའི་སྙན་ཞུ་དང་གསུང་བཤད། ཁུལ་དཔོན་ཀྲང་ཧྲིང་ཡོན་གྱི་གསུང་བཤད་ལ་ཉན་རྗེས་བློ་སྒོ་ཆེན་པོ་ཕྱེ་བ་དང་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། སྙན་ཞུ་དང་གསུང་བཤད་ནང་གྲུབ་འབྲས་ཕྱོགས་སྡོམ་བྱས་པ་དོན་དངོས་དང་མཐུན་པ་དང་། གནས་བབ་ལ་དབྱེ་ཞིབ་བྱས་པ་གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པ། བྱ་བའི་བཀོད་སྒྲིག་གི་བསམ་ཕྱོགས་ཁ་གསལ་བ་བཅས་ཡིན་པས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ལ་འཕྲད་པའི་གནས་བབ་ཀྱི་གཞི་རྩའི་བརྡར་གཅོད་ཚད་མཐོ་བ་དང་བསམ་གཞིགས་ཀྱི་མིག་རྒྱང་རིང་ཞིང་། བསམ་བློ་གཏིང་ཟབ་པ། དམ་འཛིན་གནད་ལ་འཁེལ་བ་བཅས་བྱུང་ཡོད།”ཅེས་པའི་སྐད་ཆ་འདི་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཚོགས་འདུའི་སྐབས་ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་སུང་ཞུག་ཙུང་གིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་དྲིལ་སྒྲོག་ཡག་པོ། ལག་བསྟར་ཡག་པོ་བཅས་བྱེད་དགོས་པའི་སྐོར་ངེད་ཚགས་པར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད་བྱུང་།
སུང་ཞུག་ཙུང་གིས་བཤད་རྒྱུར། སྙན་ཞུ་དང་གསུང་བཤད་ཀྱིས་ད་ལོ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བྱ་བའི་བཀོད་སྒྲིག་གི་གཙོ་གནད་མངོན་གསལ་དོད་པ་དང་བྱ་ཐབས་ནུས་ལྡན་ཡིན་པ། ཁུལ་ཡོངས་ཀྱི་འཕེལ་རྒྱས་བྱ་བའི་འགག་རྩའི་ལྷུ་ཚིགས་དམ་འཛིན་ཏན་ཏིག་བྱས་པ་དང་མཚོ་བྱང་གི་གསར་བརྗེའི་ཁུལ་འཛུགས་སྐྲུན་དང་སྐྱེ་ཁམས་ཁུལ་འཛུགས་སྐྲུན། ཞིང་ལས་ཡུལ་སྐོར་དར་རྒྱས་ཀྱི་ཁུལ་བཙུགས་པའི་ཁྱད་ཆོས་ཕུན་སུམ་ཚོགས་པའི་སྒོ་ནས་འབུར་དུ་ཐོན་ཡོད་ལ། ཁུལ་ཨུས་གནས་བབ་ལ་བརྡར་ཤ་གསལ་པོ་བཅད་པ་དང་སྤྱི་ཡོངས་ལ་སྟངས་འཛིན་ནུས་ལྡན་བྱས་པ་ཕྱོགས་ཡོངས་ནས་མཚོན་ཡོད་པ་དང་། མཚོ་བྱང་གི་མ་འོངས་པའི་འཕེལ་རྒྱས་དམིགས་ཚད་གསལ་སྟོན་བྱས་ཤིང་། ཁུལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པར་གནས་ཚད་དང་ངེས་གནས་གནད་ལ་འཁེལ་བར་འཚོལ་བ་དང་། བསམ་ཕྱོགས་དང་བྱེད་ཐབས་ཇུས་འགོད་བྱས་པས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི“བྱ་བ་སྒྲུབ་འགྲིག་པ་དང་སྒྲུབ་ལེགས་པ། སྒྲུབ་འགྲུབ་པ”བཅས་ཀྱི་ལས་དོན་སོ་སོ་སྒྲུབ་པའི་ཡིད་ཆེས་ཇེ་ཆེར་བཏང་ཡོད་ཟེར།
“ཁུལ་ཨུས་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད་པས་འཇུ་ལག་རྫོང་གིས་འགན་འཁུར་ནས་བསམ་བློ་གཏོང་དགོས་པ་དང་། ཁུལ་ཨུའི་རྗེས་སུ་དམ་པོར་འབྲངས་ཏེ་བྱ་བ་སྒྲུབ་པ་དང་ལྟེ་བར་དམ་པོར་དམིགས་ནས་ལས་དོན་སྤེལ་རྒྱུ་ཡིན་པར”བསྟན། རྗེས་ཕྱོགས་ཀྱི་འཕེལ་རྒྱས་སྐོར་གླེང་སྐབས། སུང་ཞུག་ཙུང་གིས་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་གཙོ་བོ་གཤམ་གསལ་ཕྱོགས་འགའི་ཐད་ནས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས་སློབ་སྦྱོང་དང་དྲིལ་སྒྲོག་ལ་དམ་འཛིན་ནན་ཏན་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་མགྱོགས་མྱུར་འཕྱུར་བར་བྱེད་རྒྱུ་ཡིན་པ་དང་། ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཐོས་བསམ་སྒོམ་གསུམ་དང་ཤེས་སྤྱོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རབ་མཛེས་འཇུ་ལག་སྤྱོད་སྣེ་དང་འཇུ་ལག་མཉམ་འདྲེས་སྨྱན་སྦྱོར་གྱི་སྐད་འཕྲིན་བརྙན་ཨང་། རོང་འབྲོག་པའི་མཚན་མོའི་སློབ་གྲྭ་སོགས་ཀྱི་གཡུལ་སའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“དྲ་ཐོག་+དྲ་ཕྱིའི”དྲིལ་སྒྲོག་བྱེད་སྟངས་སྤྱད་དེ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་ལ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་ཟབ་མོ་བྱས་ཏེ་རྫོང་ཡོངས་ཀྱི་གོང་འོག་ཚང་མར་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཧུར་ཐག་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་ཡིན། གཉིས་ནས་རང་རྟོགས་ངང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལ་སྣང་ཆེན་བྱས་ཏེ་ཆབ་སྲིད་ཀྱི་སྒྲིག་ལམ་ནན་མོ་མཐའ་གཅིག་ཏུ་སྲུང་རྒྱུ་ཡིན། གཞི་རིམ་ཏང་འཛུགས་སྐྱོང་གི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“བཅུ་ལྡན”བཟོ་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང“‘རི་བོ་གཉིས་ཀྱི’རིགས་པའི་གཞུང་ལུགས་ལག་བསྟར་བྱས་ཏེ”ཏང་འཛུགས་སྐྱོང་གི་ཆས་རྟགས་ཧུར་ཐག་བཏོད་དེ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ། “དྲི་བ་དྲུག”དང“གཏན་འགོག་བཅུ”ལ་དཔེ་བསྡུར་ཚད་འཛིན་ནན་མོ་བྱས་ཏེ་གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྒྲིག་གི་གྲུབ་འབྲས་དང་བརྗོད་དོན་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པ་དང་། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་རིམ་པ་བཞིན་དོན་འཁྱོལ་བྱས་ནས་རིམ་པ་གཅིག་མཚུངས་ཀྱི་ལྟ་སྐུལ་དང་ཕྱོགས་གཉིས་ཀྱི་ལྟ་སྐུལ་དང“འགག་རྩའི་ཉུང་ཤས”ལ་ལྟ་སྐུལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཆབ་སྲིད་ཀྱི་ཕན་འབྲས་དང་སྒྲིག་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་མངོན་འགྱུར་བྱུང་བར་ཧུར་བརྩོན་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་ཀྱིས་འཇུ་ལག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། གསུམ་ནས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་བཏང་ནས་བཀོད་སྒྲིག་སོ་སོ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྲོད་ནས་དངོས་སྒྲུབ་འགན་འཁུར་དང་རང་བརྩོན་རང་འབད་བྱེད་པའི་སྟོབས་ཤུགས་བསྡུ་ལེན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལག་བསྟར་དང་དོན་འཁྱོལ་དམ་འཛིན་བྱེད་པའི་ཆབ་སྲིད་དང་བསམ་བློ། བྱ་སྤྱོད་བཅས་ཀྱི་རང་རྟོགས་ངེས་པ་དོན་གྱིས་ཆེ་རུ་གཏོང་དགོས་པ་དང་། ཞིང་ཆེན་ཨུ་ལྷན་གྱི“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ”དང་ཁུལ་ཨུའི“མཚོ་བྱང་ལྔ”འཛུགས་སྐྲུན་གྱི་ཁྱོན་ཡོངས་ལ་རང་འགུལ་གྱིས་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་རྒྱུ་ཡིན་ལ། “དཀའ་ངལ་ཁྲི་སྟོང་འཕྲད་ཀྱང་བློ་མི་འགྱུར། ཁ་ཆར་བུ་ཡུག་འཚུབས་ཀྱང་གདོང་གཏོད་པའི”སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་མཛེས་སྡུག་ལྡན་པའི་འཇུ་ལག་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་ཕན་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་ཡིན་ལ། མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་གྱི་གདམ་ས་དང་པོའི་གསར་གཏོད་དམིགས་ཚད་གཏན་འཁེལ་བྱས་ཏེ་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་པ་དང་སེམས་ཤུགས་ཡོད་རྒུས་དམངས་འཚོའི་སྤྱི་ཚོགས་ལས་དོན་དམ་འཛིན་བྱས་ཏེ་དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ཇེ་མཐོར་གཏོང་རྒྱུ་ཡིན། ཞིང་ཆེན་ཏང་ཨུའི་བདེ་འཇགས་འཛུགས་སྐྲུན་སྐོར་གྱི“གཅིག་ཅན་བཅུ”ཡི་བླང་བྱ་དང་ཁུལ་ཨུའི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་སྐོར་གྱི་བྱེད་ཐབས60ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང”གི་གསར་སྐྲུན་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་ལ། སྤྱི་ཚོགས་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། དངོས་སྒྲུབ་འགན་འཁུར་གྱིས་ཁུལ་ཨུའི་འཆར་གཞི་ཡག་པོ་དེ་གསོན་ཉམས་ལྡན་པའི་དོན་དངོས་སུ་ཏན་ཏིག་སྒྱུར་བ་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་གསར་པ་རྩོམ་པར་འཇུ་ལག་གི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注