མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་། རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས།



དཔྱིད་ཀྱི་དཔལ་ཡོན་ཤར་ནས་ཟླ་བ་ཁ་ཤས་འགོར་རྗེས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་དུ་སླར་ཡང་སྤྲོ་སྣང་ལྡན་པར་གྱུར་ཅིང་། རི་མཐོན་པོའི་བྲག་རྡོའི་སྟེང་སྐོར་ཞིབ་བྱེད་པའི་གསའ་དང་རྩྭ་ཐང་དུ་རྩེད་འཇོར་རོལ་བའི་ཝ་མོ། མཚེའུ་འགྲམ་དུ་སྐད་ཅོར་སྒྲོག་པའི་ཁྲུང་ཁྲུང་སྐེ་ནག དགུང་སྔོན་སྤྲིན་དཀར་ཁྲོད་རང་དབང་ངང་འཕུར་བའི་ཁྲ། ད་དུང……



སྐྱེ་ཁམས་ཁོར་ཡུག་ལེགས་པོ་དང་ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་མ་ལག་གིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ནི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྐྱེ་འཚར་གྱི་སྤྲོ་སྣང་ལྡན་པའི་ཞིང་ཁམས་སུ་བསྒྱུར་ཡོད།



ཉེ་བའི་ལོ་ཤས་རིང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་གྱིས་ཚོད་ལྟའི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་ཐབས་ལ་ཤུགས་བསྣན་པས། སྲུང་སྐྱོང་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་ཕྱིན་པ་དང་། ལྟ་ཞིབ་ཚད་ལེན་ལམ་སྲོལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ། དོ་དམ་ནུས་པ་ཆེ་རུ་ཕྱིན་ནས་མདོ་ལ་རི་བོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ས་མཐོའི་ཁྱད་ཆོས་སྔར་བས་ཇེ་ལེགས་སུ་སོང་ཡོད།



ད་ལྟ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་གྲངས་གཞི་ཆེན་མོའི་ལྟེ་གནས་ཀྱིས་གནམ་ས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་དྲ་བ་བསྐྲུན་ཡོད་ཅིང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ8000ཟིན་ལ་ལྟ་ཞིབ་ཚད་ལེན་ས་ཚིགས226བཙུགས་ཡོད། དེའི་ནང་རྩི་ཤིང་ལྟ་ཞིབ་ཚད་ལེན་གྱི་དཔེ་སྟོན་ཁུལ98དང་། སྲོག་ཆགས་ལྟ་ཞིབ་ཚད་ལེན་གྱི་དཔེ་སྟོན་ལམ་ཐིག37བཙུགས་ཡོད་དེ། ཕན་ནུས་ཆེ་ལ་བརྟན་པོའི་ངང་ས་ཆུའི་སོལ་རླངས་འདྲེན་གཏོང་སོགས་སྐྱེ་ཁམས་དམིགས་ཚད་ཁག་གི་དུས་ཐོག་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་བཟོས་ཡོད་པ་རེད།



ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། ཚོད་ལྟའི་ལས་དོན་མ་སྤེལ་གོང་དང་བསྡུར་ན་ས་ཁོངས་ནང་གི་སྔོ་ཁེབས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ51.27ཇེ་མང་དུ་ཕྱིན་པ་དང་། 2%ཡན་གྱི་སྔོ་ཁེབས་སྤྱིའི་ཆ་ནས་ཇེ་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡོད་ལ། སྔོ་ཁེབས་ཀྱི་དམའ་རིམ་ཐོན་སྐྱེད་ནུས་ཤུགས12.67%མཐོ་རུ་ཕྱིན་པ་དང་། སྐྱེ་ཁམས་མ་ལག་གི་ཐཱན་དང་གསོ་རླུང་གཏོང་ཚད7.7%མང་དུ་ཕྱིན་པ། སྔོ་ཁེབས་སྐྱེ་ཁམས་སྤུས་ཚད་སྟོན་གྲངས7.3%མང་དུ་ཕྱིན་པ་བཅས་རེད། སྐྱེ་ཁམས་ཁོར་ཡུག་ལེགས་པོ་རྒྱུན་མི་ཆད་པར་བསྐྲུན་ནས་སྲོག་ཆགས་དང་རྩི་ཤིང་ལ་ཚེ་སྲོག་གི་ཞིང་ཁམས་ཤིག་མཁོ་འདོན་བྱས་ཡོད།



ཡོང་ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号