མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་འཇུ་ལག་ཆུ་རྒྱུད་ནི་ཆུ་བྱའི་ཚོགས་ཀྱི་ལྷ་ཡུལ་དུ་གྱུར་པ།

ཞོགས་པའི་ཉི་ཟེར་མཁའ་ནས་ཤར་དུས་གཙང་པོའི་ངོས་སུ་འདབ་ཆགས་རྩེན། དགོང་ཁའི་མཚམས་སྤྲིན་མིག་ལ་འཚེར་དུས་འདབ་ལྡན་གཤོག་ཐོག་ཚང་ལ་བྲེལ། དགུན་གྱི་དུས་ཚིགས་འདིར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་འཇུ་ལག་རྫོང་འཇུ་ལག་ཆུ་བོའི་བཞུར་རྒྱུད་དུ། ངང་བའི་ཚོགས་ཀྱིས་ལྡེམ་ལྡེམ་གར་ལ་རྩེན་ཞིང་། བྱ་གག་སྣ་ཚོགས་ཆུ་ཁར་རྩེད་མོར་གཡེང་བས། ཡིད་འོང་གི་དགུན་དུས་ཀྱི་མཐོ་སྒང་གི་སྐྱེ་ཁམས་རི་མོ་ཞིག་མིག་སྔར་དུ་བསྟར་ཡོང་།

ཉེ་བའི་ལོ་འགའི་རིང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བ་དང་། གནས་འདིའི་དུས་བྱ་སྣ་ཚོགས་ཀྱང་རིམ་གྱིས་ཇེ་མང་དུ་སོང་སྟེ། བྱ་གག་དམར་ནག་དང་མགོ་ལྗང་བྱ་གག སྐྱར་མོ་སོགས་ཆུ་བྱ་མང་པོ་ནི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མགྲོན་པོར་གྱུར་ཡོད།

ཆུ་བྱ་སྣ་ཚོགས་འཇུ་ལག་ཆུ་བོའི་འགྲམ་རྒྱུད་དུ་ཡོད་པ།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་བྱ་རིགས།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དུ་དགུན་བསྐྱལ་བའི་ཆུ་བྱ།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཇུ་ལག་ཆུ་བོའི་བྱ་རིགས།

འཇུ་ལག་ཆུ་བོའི་འགྲམ་རྒྱུད་ཀྱི་ངང་དཀར།

མདོ་ལ་རི་བོ་ནས་དགུན་བསྐྱལ་བའི་མཚོ་གླག

འཇུ་ལག་ཆུ་བོའི་བྱ་རིགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号