མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གཉིས་པའི་འགྲན་མཚམས་གསུམ་པ་སྟེ་ཁྲི་ཀ་ནས་དགོན་ལུང་བར་གྱི་འགྲན་མཚམས་མཇུག་སྒྲིལ་པ།
ཟླ7པའི་ཚེས11ཉིན་གྱི་ཕྱི་དྲོར། 2023ལོའི“ཀྲུང་གོའི་ལུས་རྩལ་རྒྱན་ཤོག”མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གཉིས་པའི་འགྲན་མཚམས་གསུམ་པ(ཁྲི་ཀ—དགོན་ལུང)མཇུག་སྒྲིལ་ལ། ཛ་དྲག་གི་འགྲན་བསྡུར་བརྒྱུད། དབྱི་ཐ་ལིའི་ཁེ་ལུའོ་ཏི་ཁེའི་རུ་ཁག་གི་འགྲན་ཞུགས་པ་ཨང62པ་པཱ་ཨར་ཏ་ཆི་ཉི·ཏ་ཝུའེ་ཏེ་ཡིས་འགྲན་མཚམས་འདིའི་བྱ་དགའ་ཨང་དང་པོ་བླངས་ཤིང་། སི་ཕེན་གྱི་པུར་ཀེ་སིBHརུ་ཁག་གི་འགྲན་ཞུགས་པ་ཨང55པ་ཧྥ་ཀུང་ཏེ་སི·ཨའེ་ལི་ཁེ་ཡིས་འགྲན་མཚམས་འདིའི་བྱ་དགའ་ཨང་གཉིས་པ་བླངས་ལ། ནོར་ཝེའིCoopལེ་ཕུའུ་སུར་རུ་ཁག་གི་འགྲན་ཞུགས་པ་ཨང183པ་ཏེ་ལུའེ་ཅི·ཨན་ཏེ་ལེ་ཡིས་བྱ་དགའ་ཨང་གསུམ་པ་བླངས།
ཐེངས་འདིའི་འགྲན་མཚམས་མཇུག་སྒྲིལ་རྗེས། ཚི་ལེན་སྔོན་པོ་དེ་སྔར་བཞིན་ཀྲུང་གོའི་ཧྭ་ཞིན་གླིང་སྐྱོད་རུ་ཁག་གི་འགྲན་ཞུགས་པ་ལིས་ཞན་ཅིན་ལ་ཐོབ་པ་དང་། ཚི་ལེན་སེར་པོ་དང་ལྗང་ཁུ། ཁྲ་ཐིག་ཅན་བཅས་ཚང་མས་རང་རང་གི་བདག་པོ་བརྗེས། དེའི་ཁྲོད་ཚི་ལེན་སེར་པོ་དེ་ནོར་ཝེའིCopལེ་ཕུའུ་སུའོ་ཨར་རུ་ཁག་གི་འགྲན་ཞུགས་པ་སི་ཐན་སི་པི·ཨན་ཏུང་ལ་ཐོབ་པ་དང་། ཚི་ལེན་ལྗང་ཁུ་དང་ཁྲ་ཐིག་ཅན་སོ་སོར་དབྱི་ཐ་ལིའི་པ་ཏི་ཡ་ཉི་རུ་ཁག་གི་འགྲན་ཞུགས་པ་ཨང81པ་མོ་ལུའུ་པུའུ་ལན·ཧེང་ནོ་ཁེ་དང་ཨང84པ་ལ་སི་ཐེ་ལི·ལུའུ་ཁ་ལ་ཐོབ་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注