2023ལོའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གཉིས་པ

གཅིག འགྲན་ཞུགས་ཀྱི་ལྕགས་རྟ་རུ་ཁག

སྐབས་འདིའི་འགྲན་བསྡུར་ལ་ཁྱོན་སྡོམ་ལྕགས་རྟ་རུ་ཁག22ཞུགས་ཡོད་པ་དང་། དེའི་ནང་རྒྱལ་ཁབ་རུ་ཁག2དང་། གླིང་མཚམས་ཆེད་ལས་རུ་ཁག5། གླིང་མཚམས་རུ་ཁག15བཅས་ཡོད།

1 རྒྱལ་ཁབ་རུ་ཁག
ཀྲུང་གོ་རུ་ཁག  ཐེ་ལན་རུ་ཁག
2 གླིང་མཚམས་ཆེད་ལས་རུ་ཁག
པ་སི་ཁེ་གློག་འཕྲིན་ལྕགས་རྟ་རུ་ཁག་དང་། པོ་འེར་ཏུན་ལྕགས་རྟ་རུ་ཁག པ་ཏི་ཡཱ་ཉི་ལྕགས་རྟ་རུ་ཁག ཁེ་ལོ་ལྕགས་རྟ་རུ་ཁག པུར་ཀེ་སི་ལྕགས་རྟ་རུ་ཁག 
3 གླིང་མཚམས་རུ་ཁག
(1)ནང་ཁོངས་ལྕགས་རྟ་རུ་ཁག  མཚོ་སྔོན་ཐེན་ཡིའུ་ཏེ་ལྕགས་རྟ་རུ་ཁག་དང་། ཧྭ་ཞིན་ལྕགས་རྟ་རུ་ཁག ལི་ཉིན་ཀྲི་ཞིན་ལྕགས་རྟ་རུ་ཁག ཧོ་ནན་པ་ཏི་རུའེ་རུ་ཁག ཧྲན་ཏུང་ལུའི་ཁྲེང་ལྕགས་རྟ་རུ་ཁག ཀོང་ཀྲོའུ་ཐོག་རླུང་ལྕགས་རྟ་རུ་ཁག་བཅས་ཡིན་པ།
(2)མཚམས་ཕྱིའི་ལྕགས་རྟ་རུ་ཁག 
འཛམ་གླིང་ཡོངས་ཀྱི་ལྕགས་རྟ་རུ་ཁག6དང་། 7-11ལྕགས་རྟ་རུ་ཁག ཧྲེང་ཆའོ་ཀྲི་ལྕགས་རྟ་རུ་ཁག མའེ་ཏེ་ལིན་ལྕགས་རྟ་རུ་ཁག ཨའེ་སུའོ་ལེ་སིའི་ལྕགས་རྟ་རུ་ཁག ལེ་ཕུའུ་སོར་ལྕགས་རྟ་རུ་ཁག Ablocལྕགས་རྟ་རུ་ཁག ནུའུ་སང་ཐ་ལ་ལྕགས་རྟ་རུ་ཁག ས་ཕུའུ་ལ་ལྕགས་རྟ་རུ་ཁག་བཅས་སོ།
སྐབས་འདིའི་འགྲན་བསྡུར་ནང་གཟི་བརྗིད་ལྡན་པའི་འོག་འཇུག་བཞི་བཀོད་སྒྲིག་བྱས་པ་དེ་དག་ནི། སྤྱིའི་མཇུག་འབྲས་ཐད་ཀྱི་འོག་འཇུག་སེར་པོ་དང་། མཐའ་མའི་གདོང་མཆོང་དང་པོའི་ཐད་ཀྱི་འོག་འཇུག་ལྗང་ཁུ། གྱེན་འཛེག་དང་པོའི་ཐད་ཀྱི་སྒོར་ཐིག་འོག་འཇུག་མ། ཨེ་ཤེ་ཡའི་འཐབ་ཕྱོགས་ཡག་ཤོས་ཀྱི་འོག་འཇུག་སྔོན་པོ་བཅས་རེད།

གཉིས། འགྲན་བསྡུར་བརྒྱུད་གཏོང་།

སྐབས་འདིའི་འགྲན་བསྡུར་གྱིUC12.Proརིམ་པ་སླར་གསོ་བྱུང་བ་དང་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་དང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དབར་མཉམ་འབྲེལ་བྱས་ཏེ་ལམ་ཚད་ཧྲིལ་པོའི་འགྲན་མཚམས་བརྒྱད་ཀྱི་བརྒྱུད་གཏོང་བྱས་ཤིང་། CCTV5དང་མཚོ་སྔོན་སྲུང་སྐར་འཕྲིན་ལམ་གྱིས་བརྙན་འཕྲིན་ཐད་གཏོང་གི་འགན་འཁུར་བ་མ་ཟད། རྒྱལ་ནང་གི་དྲ་རྒྱའི་སྨྱན་སྦྱོར་དང་དེ་བཞིན་མཚམས་ཕྱིའི་ཆེད་ལས་སྨྱན་སྦྱོར་ལ་བརྙན་འཕྲིན་བརྒྱུད་གཏོང་བརྡ་རྟགས་མཁོ་འདོན་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཆེད་ལས་སྨྱན་སྦྱོར་གདན་འདྲེན་བྱས་ཡོད།

འགྲན་བསྡུར་གྱི་བཀྲ་ཤིས་མཚོན་རྟགས།--ལིང་ལིང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号