ཀྲུང་དབྱང་ཉེ་འཁོར་བྱ་བའི་གྲོས་ཚོགས་པེ་ཅིང་དུ་བསྡུས།
ཟླ4པའི་ཚེས8ཉིན་ཚེས9ཉིན་བར། ཀྲུང་དབྱང་ཉེ་འཁོར་བྱ་བའི་གྲོས་ཚོགས་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།
ཟླ4པའི་ཚེས8ཉིན་ཚེས9ཉིན་བར། ཀྲུང་དབྱང་ཉེ་འཁོར་བྱ་བའི་གྲོས་ཚོགས་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་བཅས་གྲོས་ཚོགས་སུ་ཞུགས།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་དུས་རབས་གསར་པའི་ཚུན་ལ་རང་རྒྱལ་གྱི་ཉེ་འཁོར་བྱ་བའི་གྲུབ་འབྲས་དང་ཉམས་མྱོང་སྤྱི་བསྡོམས་བྱས་པ་དང་། གནས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་ཏེ། རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བྱ་བའི་དམིགས་འབེན་འགན་འཁྲི་དང་བསམ་གཞིགས་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས་ལ། ཉེ་འཁོར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་དམིགས་ནས། ཧུར་ཐག་གིས་ཉེ་འཁོར་བྱ་བའི་རྣམ་པ་གསར་པ་བསྐྲུན་དགོས་པ་ནན་གྱིས་བསྟན་ཡོད། ལིས་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཉེ་འཁོར་བྱ་བ་སྣ་ཚོགས་ཀྱི་འགན་འཁྲི་དངོས་འབེབས་ཏན་ཏིག་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། རང་རྒྱལ་གྱི་ས་ཁོངས་རྒྱ་ཆེ་ཞིང་རྒྱལ་མཚམས་རིང་ལ། ཉེ་འཁོར་ས་ཁུལ་ནི་དར་རྒྱས་གོང་འཕེལ་མངོན་འགྱུར་བྱེད་པའི་རྨང་གཞི་གལ་ཆེན་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་གཙོ་གནད། ཕྱི་འབྲེལ་གྱི་ཆེ་ཕྱོགས་ལ་གཅིག་འདོམས་བྱེད་པའི་གནད་ས་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་གནད་འགག་ཡིན། འཛམ་གླིང་གི་མཐོང་ལམ་ནས་ཉེ་འཁོར་ས་ཁུལ་ལ་ཞིབ་བཤེར་བྱེད་དགོས་པ་དང་། ཉེ་འཁོར་བྱ་བའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།
གྲོས་ཚོགས་ལས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ང་ཚོས་ཉེ་འཁོར་རྒྱལ་ཁབ་བར་མཛའ་མཐུན་གཉིས་ཕན་བྱེད་པའི་འདུ་ཤེས་བཏོན་ནས། ཉེ་འཁོར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་བ་དང་། གཙོ་འཛིན་གྱི་ཕྱི་འབྲེལ་སྣེ་ཁྲིད་དུ་བྱས་ཏེ། ཉེ་འཁོར་རྒྱལ་ཁབ་བར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་བ་དང་། མངའ་ཁོངས་སོ་སོའི་བར་གྱི་བརྗེ་རེས་ལ་ཤུགས་སྣོན། ཞི་བདེ་དང་བརྟན་བརླིང་ལ་མཉམ་དུ་སྲུང་སྐྱོབ་བཅས་བྱས་ཏེ། དངོས་སྒྲུབ་ནུས་མཐོའི་མཐའ་འཁོར་གྱི་བྱ་བའི་སྒྲོམ་གཞི་ཆགས་པ་དང་། མཐའ་འཁོར་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། ལག་ལེན་ཁྲོད་འཚོལ་ཞིབ་བྱས་ནས་གྲུབ་པའི་ཉམས་མྱོང་དེ་དག་རྒྱུན་འཁྱོངས་ཡག་པོ་དང་བཀོལ་སྤྱོད་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱེད་དགོས་པར་འདོད།
གྲོས་ཚོགས་ལས་བསྟན་དོན། མིག་སྔར་རང་རྒྱལ་ཉེ་འཁོར་གྱི་འབྲེལ་བ་དེང་རབས་ཚུན་གྱི་ཆེས་བཟང་པོའི་དུས་སྐབས་སུ་གནས་ཡོད། དེ་དང་ཆབས་ཅིག ཉེ་འཁོར་གྱི་རྣམ་པ་དང་འཛམ་གླིང་གི་རྣམ་པ་གཏིང་ཟབ་མཉམ་སྒུལ་བྱེད་པའི་གལ་ཆེན་གྱི་དུས་རིམ་ལ་ཚུད་པར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་དང་འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཞི་བདེ་དང་བརྟན་བརླིང་། དར་རྒྱས། མཛེས་སྡུག མཛའ་མཐུན་བཅས་ལྔ་ལྡན་ཁྱིམ་ཚང་གི་ཐུན་མོང་རེ་འདུན་འཛུགས་སྐྲུན་བྱས་ནས། ཁྱིམ་མཚེས་བཟང་བོའི་མཛའ་བརྩེ་དང་ལས་དབང་གཅིག་མཐུན་གྱི་འདུ་ཤེས་བཟུང་ནས། ཞི་བདེ་དང་མཉམ་ལས། སྒོ་འབྱེད། ཁོངས་ཡངས་ཀྱི་ཨེ་ཤ་ཡའི་རིན་ཐང་ལྟ་བ་གཞི་རྩའི་རྩ་དོན་དུ་བཟུང་ནས། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྟེགས་བུ་གལ་ཆེན་ལ་བརྟེན་ནས། སྐྱིད་སྡུག་མཉམ་མྱོང་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཏེ། གྲོས་མོལ་གྱི་ཨེ་ཤ་ཡའི་བདེ་འཇགས་རྣམ་པའི་འཐབ་ཇུས་འདེགས་སྐྱོར་དུ་བྱེད་པ་དང་། ལག་གདང་སྦྲེལ་ནས་ཉེ་འཁོར་རྒྱལ་ཁབ་ཀྱི་མཛེས་སྡུག་གི་མ་འོངས་པ་མཉམ་སྐྲུན་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཉེ་འཁོར་ས་ཁུལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་དགོས་ན། ཉེ་འཁོར་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྲ་བརྟན་དུ་གཏོང་དགོས་པ་དང་། ས་ཁུལ་དང་རྒྱལ་ཁབ་བརྟན་བརླིང་གི་འཕེལ་རྒྱས་བགྲོད་ལམ་དུ་སྙེག་པར་རྒྱབ་སྐྱོར་བྱས་ནས། འགལ་བ་སྣ་ཚོགས་དོ་དམ་ཚོད་འཛིན་ནན་མོ་བྱེད་དགོས། མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་ནས། ཆུ་ཚད་མཐོ་བའི་མཉམ་སྦྲེལ་དྲ་རྒྱ་འཛུགས་པ་དང་། ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་གྱི་མཉམ་ལས་ལ་ཤུགས་སྣོན་དགོས། ས་ཁུལ་གྱི་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། བདེ་འཇགས་དང་ཁྲིམས་བསྟར་མཉམ་ལས་སྤེལ་ཏེ། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་དགོས་ཤིང་། འགྲོ་འོང་བརྗེ་རེས་རྒྱ་བསྐྱེད་དེ་མི་སྣ་འགྲོ་འོང་ལ་སྟབས་བདེ་བཟོ་དགོས།
གྲོས་ཚོགས་ལས་བསྟན་དོན། ཉེ་འཁོར་གྱི་བྱ་བ་བཟང་པོར་སྒྲུབ་དགོས་ན། ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། ཕྱོགས་སོ་སོའི་མཐུན་སྦྱོར་གཞོག་འདེགས་ལ་ཤུགས་སྣོན་དགོས། ལམ་ལུགས་རྐྱེན་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས། ཕྱི་ཕྱོགས་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་དགོས། ནུས་པ་དང་དཔུང་སྡེའི་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། ཉེ་འཁོར་གྱི་བྱ་བའི་གཞུང་ལུགས་དང་ལག་ལེན་གསར་སྐྲུན་ལ་སྐུལ་འདེད་གཏོང་དགོས།
ཝང་དབྱི་ཡིས་སྤྱི་བསྡོམས་གཏམ་བཤད་གནང་།
ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注