ཧོ་ནན་དང་། ཀྲེ་ཅང་། ཧུའུ་པེ་སོགས་ས་གནས་ཀྱིས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།

མུ་འབྲེལ་ལེ་ཚན་༼ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཐོག་ནས་དོན་འཁྱོལ་བྱེད་༽ཅེས་པ་ལས།  དེ་རིང་ཧོ་ནན་དང་། ཀྲེ་ཅང་། ཧུའུ་པེ་སོགས་ས་གནས་ཀྱིས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བའི་སྐོར་ཞུ་རྒྱུ་ཡིན། 

ཉིན་ཤས་རིང་།  ཧོ་ནན་དང་། ཀྲེ་ཅང་། ཧུའུ་པེ་སོགས་ས་གནས་ཀྱིས་བརྗོད་གཙོར་དམིགས་པ་དང་། ཕན་འབྲས་ལ་དང་དོད་བྱེད་པའི་ཐོག་ནས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཐོག་ནས་དོན་འཁྱོལ་བྱེད་པར་ཁྲིད་སྟོན་དང་སློབ་གསོ་བཏང་ཡོད།  

ཧོ་ནན་ཞིང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་།  སྣེ་ཁྲིད་ནས་སློབ་སྦྱོང་དང་།  རང་སྦྱོང་།  ཞིབ་བསྡུར་དང་བགྲོ་གླེང་སོགས་ཀྱི་ཐབས་ལམ་བརྒྱུད་དེ་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་གཏན་འབེབས་དང་དེ་བཞིན་དེའི་ལག་བསྟར་བྱེད་པའི་ཞིབ་ཕྲའི་དོན་ཚན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཞིབ་པར་བླངས་ཡོད།  ཧོ་ནན་ཞིང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཀོ་ཡུའེ་ལི་ཡིས།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་བྱེད་པའི་ཞིབ་ཕྲའི་དོན་ཚན་གྱི་དགོངས་དོན་ལས་འགལ་བའི་གནད་དོན་གྱི་གསལ་ཐོར་གསེད་འགྲོལ་ནན་ཏན་བྱེད་པ་དང་།  གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་ཀའི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོ་བ་བརྒྱུད།  ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཚོའི་སྣེ་ཁྲིད་ནས་སློབ་སྦྱོང་དང་། ཞིབ་བཤེར།  བཅོས་སྒྲིག་བཅས་བྱེད་པར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། དམངས་འཚོའི་བྱ་བ་ངོ་མ་ཏན་ཏན་ཏིག་ཏིག་ཐོག་ནས་བསྒྲུབ་པ་བརྒྱུད། མང་ཚོགས་ནས་མཐོང་ཐུབ་པ་དང་ཚོར་ཐུབ་པ་བྱེད་བཞིན་ཡོད་ཅེས་གསུངས་ཡོད། 

ཧོ་ནན་ཞིང་ཆེན་ཨན་ཡང་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་སུ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  མཚམས་ཚིགས་གཅིག་དང་ཆེད་དོན་གཅིག་གི་སློབ་གསོའི་ཉེན་བརྡ་དང་། ལྟ་སྐུལ་ཞིབ་བཤེར།  གྱོད་དོན་དཔེ་ལ་བཞག་ནས་བཅོས་སྒྲིག  བརྡ་ཁྱབ་གཏོང་བ་དང་ཐེར་འདོན་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྒྲོལ་འཐུས་ཚང་འཛུགས་པ་བརྒྱུད།  སྤྱི་ཚོགས་ཀྱི་ཁོར་ཡུག་གཙང་མ་ཞིག་ཆགས་པར་སྐུལ་འདེད་གཏོང་བཞིན་ཡོད།

ཀྲེ་ཅང་ཧེང་ཀྲོའུ་རུ།   ཞི་ཧུའུ་ཡི་མཛེས་ལྗོངས་བཅུའི་གྲས་སུ་གྱུར་བའི་ཆུས་ཡོན་ཧྥེང་ཧོ་ཞེས་པའི་སྐྱེད་ཚལ་ར་བའི་ཉེ་འགྲམ་དུ་ཆགས་པའི་ཇ་ཁང་ཞིག་ནང་མཛེས་ལྗོངས་ལ་ལྟད་མོ་བལྟ་བ་དང་ཇ་འཐུང་བར་སླེབས་པའི་འགྲུལ་པས་ཁེངས་ཡོད།  ཉེ་འཁོར་གྱི་གྲོང་མི་སྐུ་ཞབས་ཀྲང་ལགས་ནི་རྟག་པར་ཇ་ཁང་དེའི་ནང་གསོལ་ཇར་ཕེབས་ཀྱི་ཡོད།  ཁོང་གིས།  ལོ་བཅུ་ལྷག་གོང་ས་ཆ་འདི་ནི་རིམ་པ་མཐོ་བའི་མི་འདུ་ཚོགས་ཁང་ཞིག་རེད།  ཕྱིས་སུ་ཇ་ཁང་དུ་གྱུར་བ་རེད་ཅེས་གསུངས་ཡོད།  

སྐུ་ཞབས་ཀྲང་ལགས་ཀྱིས།  གྲོགས་པོ་ཚོ་ངའི་རྩར་སླེབས་རིམ་བཞིན་ཁོང་ཚོ་འདི་གར་འཁྲིད་ཡོང་གི་ཡོད།  ཇ་ཁང་འདི་རུ་ཡུལ་ལྗོངས་ལ་བལྟ་ཆོག་པ་མ་ཟད།  འདི་གའི་འཛད་སྤྱོད་ཀྱི་འགྲོ་གྲོན་སོགས་ཀྱང་ང་ཚོ་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པོ་འདུག་ཅེས་གསུངས་ཡོད། 

ཇ་ཁང་གི་སྤྱི་གཉེར་ཝང་ཞང་གིས།  ཇ་ཁང་འདི་ཉིད་ད་ཆ་ཧེང་ཀྲོའུ་ཡི་མང་ཚོགས་མང་པོས་རྟག་ཏུ་ཡོང་ས་ཞིག་ཏུ་གྱུར་ཡོད།  ང་ཚོས་ཇ་ཕོ་པ་གང་ལ་སྒོར་ཉི་ཤུ་མ་གཏོགས་ལེན་གྱི་མེད་ལ་གོང་ཚད་དེ་ལོ་བཅུ་ལྷག་རིང་སྤར་མེད་ཅེས་གསུངས་ཡོད།  

རིམ་པ་མཐོ་བའི་མི་འདུ་ཚོགས་ཁང་མེད་པ་བཟོ་བ་དེ་ནི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱེད་པ་དང་སྤྱོད་ཚུལ་ངན་པ་བཞི་ཡོ་བསྲང་བྱེད་པའི་འགག་གཏོར་བྱ་ཡུལ་གལ་ཆེན་ཞིག་རེད།  ཀྲེ་ཅང་གི་ས་གནས་ཁག་གིས་སྔ་བར་ཕྱི་གསུམ་དུ་གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་དང་།  སྒྲིག་སྲོལ་དང་འགལ་བའི་ཐོག་ནས་འཛུགས་སྐྲུན་བྱས་པ་དང་རྒྱས་སྤྲོས་ཐོག་ནས་མཛེས་བཟོ་བྱས་པའི་ཐོག་ཁང་དང་མི་འདུ་ཚོགས་ཁང་དང་།  སྦྱོང་བརྡར་ལྟ་སྐོར་དང་ཏང་འཛུགས་བྱེད་སྒོ་སོགས་ལ་ཁ་གཡར་ཏེ་གཞུང་དངུལ་སྤྱད་ནས་ཡུལ་སྐོར་དུ་བསྐྱོད་པ་དང་སྒྲིག་སྲོལ་དང་འགལ་བའི་ཐོག་ནས་གཞུང་དོན་སྣེ་ལེན་བྱེད་པའི་རིགས་ཡོ་བསྲང་བཅོས་སྒྲིག་གཏིང་ཟབ་བྱེད་བཞིན་ཡོད།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་།  ཀྲེ་ཅང་གི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཕྱོགས་གཅིག་ནས་སློབ་སྦྱོང་དང་།  ཕྱོགས་གཅིག་ནས་ལྟ་བསྡུར།  ཕྱོགས་གཅིག་ནས་ཕན་ཚུན་བལྟ་བ།  ཕྱོགས་གཅིག་ནས་བཅོས་སྒྲིག་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། སློབ་སྦྱོང་སློབ་གསོའི་ཕན་འབྲས་ངོ་མར་བརྟེན་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་བློ་ཡིད་ཚིམ་ཚད་ཆེ་རུ་གཏོང་བཞིན་ཡོད།    ཀྲེ་ཅང་ཞིང་ཆེན་སྒྲིག་ཨུད་ཀྱི་རྒྱུན་ཨུད།  ཞིང་ཆེན་ལྟ་ཨུད་ཀྱི་ཨུ་ཡོན་ཡེ་ཆང་གིས།  ང་ཚོས་གཏན་འཁེལ་གཉིས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་།  སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཚད་མཐོའི་རང་རྟོགས་ལ་བརྟེན་པ་དང་།  བསྒྱུར་བཅོས་ཀྱི་སྙིང་སྟོབས་དང་ནན་པའི་ཚད་གཞི་གཞིར་བཟུང་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།  སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ།  སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཉིད་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་པའི་ལས་ཀའི་ཕན་འབྲས་ངོ་མར་འགྱུར་བ་བྱེད་བཞིན་ཡོད་ཅེས་གསུངས་ཡོད། 

མིག་སྔའི་ཆར།  ཝུའུ་ཧན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་པ་དང་།  ཏང་ཡོན་ལས་བྱེད་པས་སྤྱོད་ཚུལ་རྒྱུན་མཐུད་བརྗེ་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་བ།  སྟོབས་ཤུགས་གཅིག་སྡུད་བྱས་ནས་གོང་འཕེལ་བརྗེ་སྒྱུར་བྱེད་པ་བརྒྱུད།  མང་ཚོགས་ཀྱིས་གོང་འཕེལ་གྱི་གྲུབ་འབྲས་ཚོར་ཐུབ་པ་སྤྱོད་ཐུབ་པ་བྱེད་བཞིན་ཡོད།  ཝུའུ་ཧན་གྲོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཁྲེན་ཞའོ་ཧུང་གིས།  གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་3ཁྲི་6སྟོང་སྒྲིག་འཛུགས་བྱས་ནས་བརྗོད་གཙོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་།  ཧྲུའུ་ཅི་ཡིས་སྣེ་ཁྲིད་ནས་སློབ་སྦྱོང་དང་།  ཏང་ཡོན་གྱིས་རང་སྦྱོང་།  བགྲོ་གླེང་ཞིབ་སྦྱོང་།  སྒོ་རྩར་བསྐྱོད་ནས་སློབ་སྦྱོང་བྱ་རོགས་སོགས་ཀྱི་ཐབས་ལམ་བརྒྱུད་ནས།  ཏང་ཡོན་ལས་བྱེད་པ་ཚོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་བྱེད་པའི་ཞིབ་ཕྲའི་དོན་ཚན་གྱི་དགོངས་དོན་ལས་བསྟན་པའི་ལྟེ་བའི་དོན་སྙིང་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་།  སྤྱོད་ཚུལ་བཟང་པོའི་ཐོག་ནས་སེམས་ནུས་གཅིག་བསྡུས་བྱས་ཏེ་ལས་ཀ་ངོ་མ་བསྒྲུབ་པ་དང་བྱ་གཞག་གསར་གཏོད་བྱེད་པར་སྣེ་ཁྲིད་བྱ་དགོས་ཞེས་གསུངས་ཡོད།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号