སྡེ་ཚན་མང་པོས་མ་རྩའི་ཁྲོམ་ར་བརྟན་པོའི་ངང་འཁོར་སྐྱོད་བྱ་རྒྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན་པ།

ཚེས8ཉིན་ཀྲུང་གོ་མི་དམངས་དངུལ་ཁང་དང་། དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་སོགས་སྡེ་ཚན་མང་པོ་དང་དེ་བཞིན་ཀྲུང་དབྱང་དངུལ་གཏོང་ཀུང་སི་དང་ཀྲུང་དབྱང་ཁེ་ལས་མང་པོ་ཞིག་གིས། མ་རྩའི་ཁྲོམ་ར་བརྟན་པོའི་ངང་འཁོར་སྐྱོད་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

ཀྲུང་གོ་མི་དམངས་དངུལ་ཁང་གིས། ཀྲུང་དབྱང་དངུལ་གཏོང་ཀུང་སིས་རྐང་དངུལ་ཁྲོམ་རའི་སྟོན་གྲངས་ཀྱི་ཐེབས་རྩ་འཛིན་རྒྱུ་ཤུགས་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་མ་ཟད། དགོས་ངེས་སྐབས་སུ་ཀྲུང་དབྱང་དངུལ་གཏོང་ཀུང་སིར་དངུལ་བུན་བསྐྱར་གཏོང་བྱ་རྒྱུར་རྒྱབ་སྐྱོར་འདང་ངེས་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

རྒྱལ་ཡོངས་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ལས་འཛིན་ལྷན་ཚོགས་ཀྱིས། ཉེ་དུས་རང་འགུལ་ངང་རྒྱལ་ནང་གི་རྐང་དངུལ་འཛིན་རྒྱུ་མང་དུ་གཏོང་བ་དང་། མིག་སྔར་མུ་མཐུད་ནས་མང་དུ་གཏོང་བཞིན་ཡོད་པ་རེད། རྐང་དངུལ་ཐད་མ་འཇོག་ཧུར་ཐག་བྱེད་པ་དང་ཆབས་ཅིག་ཐེབས་རྩའི་བདེ་འཇགས་དང་རིན་ཐང་བརྟན་པོ་ཡོང་བ་དང་འཕར་བ་བྱ་རྒྱུར་ཧུར་ཐག་གཞོལ་བཞིན་ཡོད་ཅེས་བསྟན་འདུག

ཀྲུང་གོ་ཁྲེང་ཐུང་དང་། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པ། སན་ཞ་ཚོགས་པ། རྒྱལ་ཁབ་གློག་དྲ། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ། མཚོན་ཆ་བཟོ་ལས་ཚོགས་པ། རྒྱལ་ཁབ་མ་འཇོག་ཚོགས་པ་སོགས་ཀྲུང་དབྱང་ཁེ་ལས་མང་པོས་གཅིག་མཇུག་གཉིས་མཐུད་ངང་བརྡ་ཐོ་བཏང་ནས། རྐང་དངུལ་འཛིན་རྒྱུ་མང་དུ་གཏོང་རྒྱུ་མ་ཟད་ཚུར་ཉོ་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས། ཀྲུང་དབྱང་ཁེ་ལས་དང་དེ་བཞིན་དེས་མ་རྐང་ཚོད་འཛིན་བྱེད་པའི་ཁྲོམ་ཞུགས་ཀུང་སིས་རྐང་དངུལ་འཛིན་ཤུགས་ཆེ་རུ་གཏོང་བ་དང་ཚུར་ཉོའི་ཤུགས་ཚད་ཆེ་རུ་གཏོང་བ་བརྒྱུད། མ་རྐང་བདག་པོའི་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་། རྒྱུན་མཐུད་སྒོ་ནས་ཁྲོམ་ཞུགས་ཀུང་སིའི་སེམས་ཤུགས་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号