ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་ཀྱི་བྱེད་སྒོར་ཞུགས་སྐབས་མཛེས་པའི་ཀྲུང་གོ་མཉམ་སྐྲུན་བྱེད་པའི་བླ་མེད་སྟོབས་ཤུགས་གཅིག་སྡུད་བྱས་ནས་མེས་རྒྱལ་ས་གཞི་ཆེན་མོ་སྔར་ལས་ལྗང་མདོག་དང་གསོན་ཉམས་ལྡན་པར་བྱེད་དགོས་པར་ནན་གྱིས་བསྟན།
ལི་ཆང་དང་ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲིན་སོགས་བྱེད་སྒོར་ཞུགས།
ཟླ4པའི་ཚེས3ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲིན་སོགས་པེ་ཅིན་གྲོང་ཁྱེར་ཧྥིན་ཐེ་ཆུས་ཡུང་ཏིན་གཙང་འགྲམ་དུ་ཕེབས་ནས་རྒྱལ་སའི་འོས་འགན་སྡོང་འཛུགས་ཀྱི་བྱེད་སྒོར་ཞུགས། འདི་ནི་ཞི་ཅིན་ཕིང་གིས་ཚང་མ་དང་མཉམ་དུ་སྡོང་བོ་འཛུགས་པའི་རྣམ་པ་རེད།
ཟླ4པའི་ཚེས3ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་ཀྱི་བྱེད་སྒོར་ཞུགས་སྐབས་ནན་གྱིས་བསྟན་དོན། སྡོང་འཛུགས་ནགས་བསྐྲུན་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གོ་རིམ་གལ་ཆེན་ཞིག་ཡིན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་སྔར་ལས་འགུལ་སྐྱོད་སྤེལ་ཏེ། རྒྱ་ཆེའི་ལས་བྱེད་མང་ཚོགས་སྐུལ་སློང་རྩ་འཛུགས་བྱས་ནས་ལྗང་བསྒྱུར་ནགས་བསྐྲུན་ཁྲོད་ཟབ་ཞུགས་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་དུ་བསྟར་བ། སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་བ། མཛེས་པའི་ཀྲུང་གོ་མཉམ་བསྐྲུན་བྱེད་པའི་བླ་མེད་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ནས། མེས་རྒྱལ་ས་གཞི་ཆེན་མོ་སྔར་ལས་ལྗང་མདོག་དང་གསོན་ཉམས་ལྡན་པར་བྱེད་དགོས།
དུར་མཆོད་དུས་ཆེན་གྱི་སྐབས་འདིར། རྒྱལ་ས་པེ་ཅིན་དུ་དཔྱིད་ཀྱི་རྣམ་པ་ཤར་ཞིང་བསིལ་རླུང་འཇམ་པོས་ཁྱབ་ཡོད། སྔ་དྲོའི་དུས་ཚོད10དང་སྐར་མ30ཙམ་གྱི་སྟེང་། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲིན་སོགས་ལྷན་དུ་རླངས་འཁོར་ལ་བཞུགས་ཏེ་ཧྥིན་ཐེ་ཆུས་ཡུང་ཏིན་གཙང་འགྲམ་དུ་ཕེབས་ནས། ལས་བྱེད་མང་ཚོགས་དང་མཉམ་དུ་འོས་འགན་སྡོང་འཛུགས་ཀྱི་བྱེད་སྒོར་ཞུགས།
སྡོང་བོ་འཛུགས་ས་ནི་ཡུང་ཏིན་གཙང་པོའི་ལྗང་མདོག་བགྲོད་ལམ་དཔེ་སྟོན་ལམ་དུམ་ཡིན་ལ། ས་ཁུལ་འདིའི་ཆུ་ལག་གི་རྣམ་པ་སྣ་ཚོགས་ཡིན་ཞིང་། བསྟུད་མར་སྤྱི་ལེ7རིང་གི་ཆུ་འགྲམ་བར་སྟོང་ཡོད་པས། སྐྱེ་ཁམས་གསོ་སྐྱོང་དང་ལྷོད་གཡེང་ལུས་སྦྱོང་གི་བྱེད་ནུས་གཅིག་ཏུ་འཛོམས་པའི་མཛེས་སྡུག་ལྡན་པའི་བར་ཁྱམས་ཤིག་བསྐྲུན་བཞིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་བ་ན། སྡོང་བོ་འཛུགས་བཞིན་པའི་ལས་བྱེད་མང་ཚོགས་རྣམས་དགའ་སྤྲོས་ཁེངས་ནས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་བྱས། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གནང་སྟེ། ལྕགས་ཁེམ་བཟུང་ནས་སྡོང་བོ་འཛུགས་སར་བསྐྱོད་པ་དང་། ཡུལ་དངོས་སུ་ཡོད་པའི་པེ་ཅིན་གྲོང་ཁྱེར་དང་། རྒྱལ་ཁབ་ནགས་རྩྭ་ཅུས་ཀྱི་འགན་ཁུར་བློ་མཐུན་དང་ལས་བྱེད་མང་ཚོགས། ན་ཆུང་གདོང་ལེན་རུ་མི་དང་མཉམ་དུ་སྡོང་འཛུགས་ཀྱི་ལས་ལ་བྲེལ།
ཟླ4པའི་ཚེས3ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲིན་སོགས་པེ་ཅིན་གྲོང་ཁྱེར་ཧྥིན་ཐེ་ཆུས་ཡུང་ཏིན་གཙང་འགྲམ་དུ་ཕེབས་ནས་རྒྱལ་སའི་འོས་འགན་སྡོང་འཛུགས་ཀྱི་བྱེད་སྒོར་ཞུགས། འདི་ནི་ཞི་ཅིན་ཕིང་གིས་ན་ཆུང་གདོང་ལེན་པ་དང་མཉམ་དུ་སྡོང་ཕྲུག་ལ་ཆུ་གཏོར་བའི་རྣམ་པ་རེད།
ཞི་ཅིན་ཕིང་གིས་སྔ་གཞུག་ཏུ་གསོམ་ཕྲུག་དང་། ཚོས་སེར་སྡོང་ཕྲུག དངུལ་སྡོང་སོགས་སྡོང་ཕྲུག་གང་མང་ཞིག་བཙུགས། ཞི་ཅིན་ཕིང་གིས་ལས་ཀ་བྱེད་ཞོར། བྱིས་པ་ཚོར་སློབ་སྦྱོང་དང་འཚོ་བ། ངལ་རྩོལ་སྦྱོང་བརྡར་སོགས་ཀྱི་གནས་ཚུལ་དྲིས། ཁོང་གིས་ནན་གྱིས་བསྟན་དོན། མཛེས་སྡུག་འཚོ་བ་ནི་ངལ་རྩོལ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། རྒྱ་ཆེའི་ན་གཞོན་ལོ་ཆུང་རྣམས་ཀྱིས་ངལ་རྩོལ་ལ་དགའ་ཞེན་དང་རང་བྱུང་ཁམས་ལ་དགའ་ཞེན་བཅངས་ཏེ། སྡོང་འཛུགས་ནགས་བསྐྲུན་སོགས་སྤྱི་ཕན་བྱེད་སྒོའི་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། ངལ་རྩོལ་ཁྲོད་ནས་ལུས་ཕུང་སྦྱོང་བརྡར་དང་བློ་རྩ་ཇེ་བརྟན་དུ་གཏོང་བ། ཤེས་བྱའི་རྒྱ་བསྐྱེད་པ་བཅས་ཀྱིས་ཀུན་སྤྱོད་དང་། བློ་གྲོས། ལུས་རྩལ། མཛེས་རྩལ། ངལ་རྩོལ་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་དགོས།
ཟླ4པའི་ཚེས3ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲིན་སོགས་པེ་ཅིན་གྲོང་ཁྱེར་ཧྥིན་ཐེ་ཆུས་ཡུང་ཏིན་གཙང་འགྲམ་དུ་ཕེབས་ནས་རྒྱལ་སའི་འོས་འགན་སྡོང་འཛུགས་ཀྱི་བྱེད་སྒོར་ཞུགས། འདི་ནི་ཞི་ཅིན་ཕིང་གིས་ཚང་མ་དང་མཉམ་དུ་སྡོང་བོ་འཛུགས་པའི་རྣམ་པ་རེད།
ཟླ4པའི་ཚེས3ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲིན་སོགས་པེ་ཅིན་གྲོང་ཁྱེར་ཧྥིན་ཐེ་ཆུས་ཡུང་ཏིན་གཙང་འགྲམ་དུ་ཕེབས་ནས་རྒྱལ་སའི་འོས་འགན་སྡོང་འཛུགས་ཀྱི་བྱེད་སྒོར་ཞུགས། འདི་ནི་ཞི་ཅིན་ཕིང་གིས་ཡུལ་དངོས་ཀྱི་ལས་བྱེད་མང་ཚོགས་དང་ན་ཆུང་གདོང་ལེན་པ་དང་མཉམ་དུ་བྱམས་བརྩེའི་ཁ་བརྡ་བྱེད་པའི་རྣམ་པ་རེད།
ཟླ4པའི་ཚེས3ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲིན་སོགས་པེ་ཅིན་གྲོང་ཁྱེར་ཧྥིན་ཐེ་ཆུས་ཡུང་ཏིན་གཙང་འགྲམ་དུ་ཕེབས་ནས་རྒྱལ་སའི་འོས་འགན་སྡོང་འཛུགས་ཀྱི་བྱེད་སྒོར་ཞུགས། འདི་ནི་ཞི་ཅིན་ཕིང་གིས་ཡུལ་དངོས་ཀྱི་ལས་བྱེད་མང་ཚོགས་དང་ན་ཆུང་གདོང་ལེན་པ་དང་མཉམ་དུ་བྱམས་བརྩེའི་ཁ་བརྡ་བྱེད་པའི་རྣམ་པ་རེད།
སྡོང་བོ་འཛུགས་པའི་སྐབས་སུ། ཞི་ཅིན་ཕིང་གིས་ཡུལ་དངོས་ཀྱི་ལས་བྱེད་མང་ཚོགས་དང་བྱམས་བརྩེའི་ཁ་བརྡ་བྱས། ཁོང་གིས་གསུངས་རྒྱུར། མིག་སྔར་རང་རྒྱལ་གྱི་ནགས་ཚལ་ཁེབས་ཚད25%ལས་བརྒལ་བ་དང་། འཛམ་གླིང་ལྗང་བསྒྱུར་ཐད་རྒྱ་ཁྱོན25%ཙམ་གྱི་བྱས་རྗེས་བཞག་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཐ་ཁི་ལ་མ་ཀན་བྱེ་ཐང་གིས་ལྗང་མདོག་གི་སྐེ་དཀྲིས་མནབས་ཤིང་། ཁི་ཨར་ཆིན་བྱེ་འགྱུར་ས་ཁུལ་དུ་ཡང་བསྐྱར་རྩྭ་ཐང་གི་གཟི་ཉམས་མངོན་བཞིན་ཡོད་པས་གྲུབ་འབྲས་འདི་དག་ནི་ཐོབ་སླ་བ་ཞིག་མིན། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱས་པའི་འབྲས་བུ། མི་དམངས་མང་ཚོགས་ཀྱི་མིག་མཐོང་ལག་ཟིན་དུ་གྱུར་ཡོད། རང་རྒྱལ་གྱི་ནགས་རྩྭའི་ཐོན་ཁུངས་ཀྱི་སྤྱི་འབོར་སྔར་བཞིན་མི་འདང་བ་དང་སྤུས་ཚད་ཕན་འབྲས་ད་རུང་མཐོན་པོ་ཞིག་ལེན་ཐུབ་ཀྱིན་མེད་པས། འབུར་ཐོན་གནད་དོན་འདི་ཐག་གཅོད་བྱེད་དགོས་ན་ལོ་རེ་བཞིན་སྔར་ལས་བཟང་བ་ཞིག་བསྒྲུབ་ཐུབ་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། མེས་རྒྱལ་ལྗང་མདོག་ཅན་དུ་གཏོང་ན་ངེས་པར་དུ་ལྗང་མདོག་རྒྱ་བསྐྱེད་དང་ལྗང་མདོག་དར་སྤེལ། ལྗང་མདོག་སྲུང་སྐྱོབ་བཅས་ལྗང་མདོག་གསུམ་གྱི་ལས་དོན་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ། ནགས་ཚལ་ཆུ་མཛོད་དང་། དངུལ་མཛོད། འབྲུ་མཛོད། ཐཱན་མཛོད་བཅས་མཛོད་ཁང་བཞིའི་མཉམ་འབྲེལ་ལ་སྐུལ་འདེད་གཏོང་དགོས། སྤུས་འདེགས་ཐད་སྔར་ལས་དོ་སྣང་བྱས་ཏེ། ནགས་ཁོངས་སྒྲིག་གཞི་ལེགས་སྒྱུར་དང་ནགས་ཚལ་དོ་དམ་བྱ་བ་ལེགས་པོར་སྒྲུབ་པ། དུས་མཉམ་དུ་རྩྭ་ཐང་སྐྱེ་ཁམས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་དགོས། ཐོན་ལས་དར་སྤེལ་ལ་སྔར་ལས་དོ་སྣང་བྱས་ཏེ། བཅོས་སྒྱུར་གྱི་བྱེད་ཐབས་མང་དུ་སྤྱད་ནས་ནགས་རྩྭའི་ཐོན་ཁུངས་བེད་སྤྱོད་ཡག་པོ་གཏོང་བ་དང་། ནགས་རྩྭའི་ཐོན་ལས་རྒྱ་བསྐྱེད་དགོས། དམངས་ལ་ཕན་བདེ་བསྐྲུན་པར་སྔར་ལས་དོ་སྣང་བྱས་ཏེ། མང་ཚོགས་ཀྱི་མཐོང་སྣང་དེ་ལྗང་མདོག་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་དགོས་ལ། ནགས་རྩྭའི་ལས་ཞུགས་ཡོང་འཕར་གྱི་བར་སྟོང་གི་རྒྱ་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འོས་འགན་སྡོང་འཛུགས་ནི་དམངས་ཡོངས་ཀྱི་འགུལ་སྐྱོད་ཞིག་ཡིན་པས་ལས་དོན་འདི་མི་རབས་ནས་མི་རབས་བར་སྤེལ་དགོས། འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཟབ་ཞུགས་བྱེད་ཐབས་གསར་གཏོད་དང་། ཞབས་ཞུ་འདེགས་སྐྱོར་ཤུགས་དྲག་ཏུ་བཏང་ནས། བྱེད་སྒོ་འདི་ནན་ཏན་གྱིས་སྤེལ་ཐུབ་དགོས་ཤིང་། ལྗང་བསྒྱུར་ནགས་བསྐྲུན་གྱི་དངོས་འབྲས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས།
པེ་ཅིན་དུ་སྡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་སོགས་ང་བྱེད་སྒོར་ཞུགས།