ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་ངང་འཛུགས་དགོས་པའི་སྐོར་གྱི2024ལོ་ནས2035ལོའི་བར་གྱི་འཆར་འགོད》དཔར་འགྲེམ་བྱས།

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་ངང་འཛུགས་དགོས་པའི་སྐོར་གྱི2024ལོ་ནས2035ལོའི་བར་གྱི་འཆར་འགོད》དཔར་འགྲེམ་བྱས། འཆར་འགོད་ནང་བསྟན་དོན། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་དགོས་ན་ངེས་པར་དུ་སྔོན་ལ་ཞིང་ལས་སྟོབས་ལྡན་དུ་གཏོང་དགོས་པ་དང་། ཞིང་ལས་སྟོབས་ལྡན་དུ་བཏང་བ་ཡིན་ན་གཞི་ནས་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་ཐུབ། ཞིང་ལས་སྟོབས་ལྡན་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཀྱི་རྨང་གཞི་ཡིན། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་ནས། “ཀྲུང་གོ་པའི་ཟས་ཕོར”རང་ཉིད་ཀྱི་ལག་ཏུ་སྔར་ལས་དམ་པོར་འཛིན་དགོས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་བརླིང་དང་བདེ་འཇགས་ངང་མཁོ་སྤྲོད་ཐུབ་པར་འགན་ལེན་བྱ་རྒྱུ་དེ་ནི་དོན་ཆེན་གཙོ་བོ་ཞིག་ཏུ་བརྩིས་ནས། ས་ཞིང་ལ་བརྟེན་ནས་འབྲུ་རིགས་གསོག་ཉར་བྱེད་པ་དང་ལག་རྩལ་ལ་བརྟེན་ནས་འབྲུ་རིགས་གསོག་ཉར་བྱེད་པའི་འཐབ་ཇུས་དོན་འཁྱོལ་བྱས་ཏེ། རྨོ་ཞིང་མུའུ་དུང་ཕྱུར18.65དང་གཞི་རྩའི་ས་ཞིང་མུའུ་དུང་ཕྱུར15.46ལ་སྲུང་སྐྱོབ་བྱེད་དགོས་པའི་ཉེན་མཚམས་བརྟན་སྲུང་བྱེད་དགོས། ཁྱབ་ཁོངས་ཡོངས་ནས་ཞིང་ལས་ཚན་རྩལ་སྒྲིག་ཆས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་ཞིང་ལས་ཚན་རྩལ་གྱི་རང་སྟོབས་རང་སྤེལ་གང་མགྱོགས་སྒོས་མངོན་འགྱུར་ཡོང་བར་འབད་དགོས། ལྷུ་ཚིགས་ཚང་མར་དེང་རབས་ཀྱི་ཞིང་ལས་གཉེར་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས། ཞིང་ལས་ཁྱིམ་ཚང་ཆུང་བ་དང་དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་གཉིས་འབྲེལ་མཐུད་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཕྲེང་འབྲེལ་ཧྲིལ་པོའི་ཞིང་ལས་ཐོན་ལས་མ་ལག་གི་རིམ་སྤོར་ལ་སྐུལ་འདེད་བཏང་ནས། ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས། ཞིང་ལས་ཀྱི་ཕྱི་ཕྱོགས་མཉམ་ལས་སྔར་ལས་ཟབ་སྤེལ་བཏང་ནས། ཞིང་ལས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་གསོ་སྐྱོང་བྱེད་དགོས། འཚོ་བ་དང་ལས་རིགས་ལ་འཚམ་ཞིང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་དེང་རབས་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་སྔར་ལས་ཇེ་ཆུང་དུ་གཏོང་དགོས། དམིགས་འབེན་གཙོ་བོ་ནི2027ལོར་བསླེབ་སྐབས། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ལས་དོན་ལ་འཕེལ་རྒྱས་མངོན་གསལ་ཡོང་བར་བྱ་རྒྱུ་དང་། 2035ལོར་བསླེབ་སྐབས། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ཕན་འབྲས་མངོན་གསལ་ཅན་ལེན་རྒྱུ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་ཐད་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་འབྱུང་བ་དང་། ཞིང་ལས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བ། གྲོང་གསེབ་ལ་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་གཞི་རྩའི་ཆ་ནས་འཛོམས་པ་བཅས་མངོན་འགྱུར་བྱ་དགོས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号