《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྒྱས་བཤད་གནད་བསྡུས》ཀྱི་སི་ཕན་ཡི་གེའི་པར་གཞི་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།
ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྒྱས་བཤད་གནད་བསྡུས》ཀྱི་སི་ཕན་ཡི་གེའི་པར་གཞི་ཉེ་ལམ་ཀྲུང་དབྱང་སྒྲིག་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ། རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་བྱས།
《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྒྱས་བཤད་གནད་བསྡུས》ཞེས་པ་ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་ཤིང་། དེའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གཞིགས་ནས་སྤེལ་བའི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་བསྡུ་སྒྲིག་བྱས་ཡོད། དཔེ་དེབ་འདིའི་སི་ཕན་ཡི་གེའི་པར་གཞི་དང་ཡར་སྔོན་པར་སྐྲུན་བྱས་པའི་དབྱིན་ཡིག་དང་ཧྥ་རན་སིའི་ཡི་གེ ཨ་རབ་ཀྱི་ཡི་གེ འཇར་པན་གྱི་ཡི་གེའི་པར་གཞི་བཅས་ཀྱིས་ཕྱི་རྒྱལ་གྱི་ཀློག་མཁན་རྣམས་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ལུགས་མ་ལག་དང་ལག་ལེན་བླང་བྱར་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་གསར་པར་བསྐྱོད་པ་དང་། མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་བསྐྲུན་པ། དེང་རབས་ཅན་གྱི་ལྗོངས་རྣམ་གསར་པ་མངོན་པ་བཅས་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་བགྲོད་ལམ་དུ་མཉམ་སྐྱོད་བྱེད་པ་དང་། ཞི་བདེའི་འཕེལ་རྒྱས་དང་གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་མངོན་འགྱུར་བྱེད་པའི་འཛམ་གླིང་གི་དེང་རབས་ཅན་གྱི་ཐུན་མོང་ངོས་འཛིན་ཇེ་དྲག་ཏུ་གཏོང་བར་དོན་སྙིང་གལ་ཆེན་ལྡན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注