ཏེན་ཞུའེ་ཞང་གིས་སོ་སོར་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2025ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་རྒྱལ་ཁབ་ཁ་ཤས་ཀྱི་ཆབ་སྲིད་མི་སྣར་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས26ཉིན་ཧའེ་ནན་པའོ་ཨོ་རུ་སོ་སོར་ཀྲུང་གོར་ཕེབས་ནས་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2025ལོའི་ལོ་ཚོགས་ལ་ཞུགས་མཁན་གྱི་མུས་ཁི་ལོ་ནི་ཞི་ཡཱ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་གཞོན་པ་ཕཱ་ལིས་ཁི་དང་། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་དང་པོ་དང་དཔལ་འབྱོར་འཕེལ་རྒྱས་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཀང་ཐུའུ་མུའུ་ཨར་ལ་མཇལ་འཕྲད་གནང་།

ཕཱ་ལིས་ཁི་ལ་མཇལ་འཕྲད་གནང་སྐབས། ཏེན་ཞུའོ་ཞང་གིས་བསྟན་དོན། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཞི་མུས་ནཱ་དང་བཞུགས་མོལ་བྱས་ནས་ཐུན་མོང་གི་ངོས་འཛིན་བྱུང་ཡོད་ལ། ཀྲུང་གོ་དང་མུས་ཁི་ལོ་ནི་ཞི་ཡཱ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད་པས། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་གལ་ཆེན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ། ཉོ་ཚོང་དངུལ་གཏོང་དང་རྨང་གཞིའི་སྒྲིག་ཆས། རྒྱ་མཚོའི་དཔལ་འབྱོར་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་ཧུར་ཐག་གིས་རྒྱ་བསྐྱེད་པ་དང་། ལག་རྡང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་ཏེ་ཀྲུང་གོ་དང་མུས་ཁི་ལོ་ནི་ཞི་ཡཱའི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་མུ་མཐུད་དུ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། 

ཕཱ་ལིས་ཁི་ཡིས་བསྟན་དོན། མུས་ཁི་ལོ་ནི་ཞི་ཡཱ་རྒྱལ་ཕྲན་མཉམ་འབྲེལ་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་དང་གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་འགོ། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་ལ་ཚད་མཐོའི་བསྟོད་བསྔགས་བྱེད་ཀྱིན་ཡོད་ལ། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐའེ་ཝན་དང་ཞང་ཀང་། ཞིན་ཅང་། ནན་ཧའེ་སོགས་དང་འབྲེལ་བའི་སྲོག་ཤིང་ཁེ་ཕན་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན།

ཀང་ཐུའུ་མུའུ་ཨར་ལ་ཐུག་འཕྲད་གནང་སྐབས། ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཡུན་རིང་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཡོངས་སུ་མཐུན། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། ཞི་བདེ་མཉམ་གནས་དང་ཕན་ཚུན་རོགས་རམ། མཉམ་ལས་མཉམ་རྒྱལ་ཀྱི་ཀྲུང་གོ་དང་མོང་གོལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་རྒྱུར་སྣེ་ཁྲིད་དུ་བྱེད་པ། ཆབ་སྲིད་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་མཉམ་ལས་མུ་མཐུད་དུ་རྒྱ་ཆེར་བཏང་ནས་ཀྲུང་གོ་དང་མོང་གོལ་གྱི་འབྲེལ་བ་མུ་མཐུད་དུ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ཀང་ཐུའུ་མུའུ་ཨར་གྱིས་བསྟན་དོན། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་འབྲེལ་མཐུད་དང་ནུས་ཁུངས་གཏེར་ཐོན། མཐོ་གསར་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མཉམ་དུ་ཕན་ཁེ་བསྐྲུན་འདོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号