ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་ལ་འབྲེལ་གཏུག་བྱས།

ཟླ3ཚེས26ཉིན་ནས་ཚེས27ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་རུ་ཁག་གི་སྣེ་ཁྲིད་དེ་པེ་ཅིང་དུ་སློབ་གསོ་པུའུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཆུ་བེད་པུའུ། རྒྱལ་ཁབ་བསྡོམས་རྩིས་ཅུའུ།    རྒྱལ་ཁབ་ནུས་ཁུངས་ཅུའུ་བཅས་ལ་སོང་ནས། འབྲེལ་གཏུག་འབྲེལ་མཐུད་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་པ་དང་། དངོས་སྒྲུབ་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་བཏང་།     སློབ་གསོ་པུའུ་ཡི་པུའུ་ཀྲང་ཧོའེ་ཅིན་ཕིན་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་ལིའུ་ཝེ།    ཆུ་བེད་པུའུ་ཡི་པུའུ་ཀྲང་ལིས་ཀའོ་དབྱིན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་ཅུའུ་ཀྲང་ཁང་དབྱི། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་ཅུའུ་ཀྲང་ཝང་ཧུང་ཀྲི་སོ་སོར་གྲོས་མོལ་ལ་ཞུགས།

ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་ཡིས་དུས་ཡུན་རིང་པོར་མཚོ་སྔོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་འཕེལ་རྒྱས་ལ་དོ་ཁུར་ཧ་ཅང་ཆེན་པོ་གནང་བཞིན་ཡོད།    ན་ནིང་ཟླ་དྲུག་པར་སླར་ཡང་མཚོ་སྔོན་ལ་གཟིགས་ཞིབ་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དམིགས་གནས་གསར་པ་གཏན་འཁེལ་དང་འགན་འཁྲི་གསར་པ་སྤྲད་ཡོད། མིག་སྔར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དྲིན་ཚོར་འབད་བརྩོན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ།    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྲ་ཞིང་བརྟན་པོའི་གོམ་སྟབས་གསར་པ་སྤོ་རྒྱུར་སྐུལ་འདེད་གཏོང་དགོས། པུའུ་ཨུ་སོ་སོས་སྔར་བཞིན་མཚོ་སྔོན་གྱི་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་དང་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་བཅོས་སྒྱུར་འཕེལ་རྒྱས་ཀྱི་དགོས་མཁོ་གཙོ་བོར་དམིགས་ནས། སྲིད་ཇུས་དང་མ་རྩ། ལས་གཞི། འཇོན་མི་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། ཞིང་ཆེན་དང་པུའུ་ཡི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུའི་འགན་འཁུར་བློ་མཐུན་གཙོ་བོས་མཚོ་སྔོན་གྱི་འབྲེལ་ཡོད་བྱ་བར་ཁས་ལེན་གང་ལེགས་བྱས་ནས། ཧུར་ཐག་གིས་རང་ཞིང་ལ་རྒྱབ་སྐྱོར་བྱེད་པའི་བྱ་བར་ལན་བཟང་བོ་སྤྲད། ཁོ་ཚོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱལ་ཡོངས་འཕེལ་རྒྱས་ཁྱོན་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་འཐབ་ཇུས་ངེས་གནས་ལ་དམ་པོར་དམིགས་ནས། མཚོ་སྔོན་གྱི་འཕེལ་རྒྱས་དགོས་མཁོར་སྔར་ལས་མཐུན་སྦྱོར་གང་ལེགས་བྱས་ཏེ། སྟོབས་ཤུགས་སྔར་ལས་ཆེ་བ་དང་བྱེད་ཐབས་དངོས་ཀྱི་ཐོག་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་བླངས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལེའུ་མཉམ་དུ་འབྲི་རྒྱུ་ཡིན།

ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཅིན་ཀང་དང་། ཀྲུའུ་ཞང་ཧྥུན། དབྱང་ཀྲི་ཝུན། ཁྲིན་ཅི་ཝའེ་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号