ལའོ་ཏུང་ཁྲོན་གྱིས་ལྟ་ཞིབ་ཚན་ཆུང་ཁྲིད་དེ་པེ་ཅིང་གྲོང་ཁྱེར་གྱི་ཚན་རྩལ་གསར་གཏོད་ཁེ་ལས་སྐོར་ཞིག་ལ་ལྟ་ཞིབ་བྱས།

ཟླ3པའི་ཚེས26ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་ལྟ་ཞིབ་ཚན་ཆུང་ཁྲིད་དེ་པེ་ཅིང་གྲོང་ཁྱེར་དུ་སོང་ནས། ཧྲུའུ་ཀོང་ཆ་འཕྲིན་ཐོན་ལས་མ་རྐང་ཚད་ཡོད་ཀུང་ཟི་དང་ལེན་ཞང་སྡེ་ཚོགས། ཁི་ཏཱ་ཞུན་ཧྥེ་མ་རྐང་ཚད་ཡོད་ཀུང་ཟི་སོགས་ཚན་རྩལ་གསར་གཏོད་ཁེ་ལས་ལ་ལྟ་ཞིབ་བྱས་པ་དང་། བརྗེ་རེས་སྦྲེལ་མཐུད་ལ་སྔར་ལས་ཤུགས་བསྣོན་བྱས་ནས། ལྗང་མདོག་རྩིས་གློག་དང་མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་།

ལྟ་ཞིབ་བྱེད་སྐབས། ལའོ་ཏུང་ཁྲོན་སོགས་ཀྱིས་ཁེ་ལས་ཀྱི་མིས་བཟོས་རིག་ནུས་ཁྱབ་ཁོངས་ཀྱི་མདུན་གྲལ་ལག་རྩལ་དང་ཐོན་རྫས་ཞབས་ཞུའི་གནས་ཚུལ་ལ་ལྟ་སྐོར་དང་རྒྱུས་ལོན་བྱས་པ་དང་། རིགས་མི་འདྲ་བའི་མིས་བཟོས་རིག་ནུས་ཀྱི་དཔེ་སྟོན་བཀོལ་སྤྱོད་སྣང་ཚུལ་ཉམས་ལེན་བྱས་པར་མ་ཟད། སྔ་གཞུག་ཏུ་ཀྲུང་ཁི་ཧྲུའུ་ཀོང་ཆ་འཕྲིན་ཐོན་ལས་མ་རྐང་ཚད་ཡོད་ཀུང་ཟིའི་མཐོ་རིམ་ཙུང་ཚའེ་གཞོན་པ་ཧྲ་ཁྲའོ་ཆུན་དང་ལེན་ཞང་སྡེ་ཚོགས་ཀྱི་མཐོ་རིམ་ཙུང་ཚའེ་གཞོན་པ་ཏའེ་ཝེ། ཁི་ཏཱ་ཞུན་ཧྥེའི་རྐང་གཉེར་དབུ་གཙོ་ལིའུ་ཆིན་ཧྥིན་སོགས་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་དང་བཞུགས་མོལ་བརྗེ་རེས་བྱས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད་པ་དང་། ན་ནིང་གི་ཟླ་དྲུག་པའི་ནང་ཡང་བསྐྱར་མཚོ་སྔོན་དུ་གཟིགས་ཞིབ་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་གནས་ཚད་གསར་བ་གཏན་ཁེལ་བྱས་པ་དང་འགན་འཁྲི་གསར་བ་བསྩལ། མིག་སྔར། མཚོ་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་འབད་འཐབ་མདུན་སྐྱོད་བྱེད་ཀྱིན་ཡོད་པ་དང་། ནུས་ཤུགས་གཅིག་ཏུ་བསྡུས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་་གནས་བཞི་འཛུགས་སྐྲུན་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་ལྗང་མདོག་རྩིས་ནུས་སྣེ་ཁྲིད་དུ་བྱས་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་དགོས། ཕྱོགས་སོ་སོའི་བར་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ་དང་། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་དང་རྩིས་གློག་མཉམ་ལས་ཚོད་ལྟ་སོགས་ཕྱོགས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། རིན་ཐང་ཆེ་བ་དང་བསྐྱར་བཀོལ་བྱེད་ཆོག་པ། ཁྱབ་གདལ་བྱེད་ཆོག་པའི་ལྗང་མདོག་རྩིས་གློག་མཉམ་ལས་ཀྱི་དཔེ་སྟོན་སྣང་ཚུལ་དང་དངོས་སྤྱོད་སྔར་ལས་མང་པོ་གསར་སྐྲུན་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཉིས་མཉམ་བསྲེས་ངང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུའི་རེ་བ་བཅངས་ཡོད། མཚོ་སྔོན་གྱིས་རྒྱུན་མཐུད་ངང་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱིའི་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་འཛུགས་སྐྲུན་བྱས་ནས། ཁེ་ལས་མཚོ་སྔོན་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ཆ་རྐྱེན་སྔར་ལས་བཟང་བོ་བསྐྲུན་པ་དང་ཞབས་ཞུ་སྔར་ལས་བཟང་བོ་འདོན་སྤྲོད་བྱེད་རྒྱུ་ཡིན།

ཧྲ་ཁྲའོ་ཆུན་དང་ཏའེ་ཝེ། ལིའུ་ཆིན་ཧྥིན་བཅས་ཀྱིས། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་དགེ་མཚན་འབུར་ཐོན་ཡིན་པ་དང་སྦས་ཤུགས་ཧ་ཅང་ཆེ་ལ། ནུས་པ་འདོན་ས་མང་བས། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཁྲོད་འདྲེས་པར་བྱེད་པ་དང་། དངུལ་གཏོང་དང་ལས་གཞི། འཇོན་མི་སྔར་ལས་མང་པོ་མཚོ་སྔོན་དུ་འདྲེན་པ། སྲིད་གཞུང་དང་ཁེ་ལས་ཀྱི་མཉམ་ལས་ཁྱབ་ཁོངས་རྒྱུན་མ་ཆད་པར་རྒྱ་སྐྱེད་པ་དང་མཉམ་ལས་གཞི་ཁྱོན་རྒྱུན་ཆད་པར་ཆེར་སྐྱེད་པ། མཉམ་ལས་རིམ་པ་རྒྱུན་མ་ཆད་མཐོར་འདེགས་བཏང་ནས། མཚོ་སྔོན་དང་མཉམ་དུ་ལྗང་མདོག་རྩིས་ནུས་མང་པོ་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་མ་དཔེ་གསར་བ་དང་དཔེ་གཞི་གསར་བ་གསར་སྐྲུན་བྱེད་པ་དང་། སྤུས་གསར་མ་འོངས་མཉམ་བསྐྲུན་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་ལྟ་ཞིབ་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号