ཧན་ཀྲིན་གྱིས་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་ཝང་རོས་ཅེ་ལ་ཐུག་འཕྲད་གནང་།
ཟླ3པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་ཝང་རོས་ཅེ་ལ་ཐུག་འཕྲད་གནང་།
ཧན་ཀྲིན་གྱིས་བསྟན་དོན། འདས་པའི་ལོ་ངོ་གཅིག་གི་རིང་། ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་ཕྱིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སིང་ག་ཕོར་གྱི་མགོ་ཁྲིད་དང་མཉམ་དུ་གྲོས་མོལ་མང་པོ་མཛད་པ་དེས་གོ་རིམ་རྗེས་མའི་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོའི་འཕེལ་རྒྱས་དེ་བཅོས་སྒྱུར་སྒོ་འབྱེད་ལས་བྱུང་བ་དང་། མ་འོངས་པར་བློ་རྩ་བརྟན་པོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཐད་མུ་མཐུད་དུ་ཤུགས་བཏོན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་སོ་ལྔ་འཁོར་བ་གོ་སྐབས་སུ་བརྩིས་ཏེ། ཕྱོགས་གཉིས་ཀྱི་མཉམ་ལས་རྐྱེན་སྲོལ་གྱི་བྱེད་ནུས་མུ་མཐུད་དུ་འདོན་སྤེལ་ལེགས་པོ་བྱེད་པ་དང་། ཀྲུང་གོ་དང་སིང་ག་ཕོར་གྱི་དུས་རྣམ་ཀུན་གྱི་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཅེས་གསུངས།
ཝང་རོས་ཅེ་ཡིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བསྟོད་བསྔགས་ཚད་མེད་གནང་བ་དང་། མིག་སྔའི་གནས་བབ་འོག་ཏུ། ཕྱོགས་སོ་སོས་སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་མང་རྐྱེན་སྲོལ་སྲུང་སྐྱོང་བྱེད་དགོས། སིང་ག་ཕོར་མུ་མཐུད་དུ་ཀྲུང་གོའི་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་ཧུར་ཐག་གིས་ཞུགས་འདོད་ཡོད་ལ། མ་འོངས་པའི་སིང་ག་ཕོར་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བསྟན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注