ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བྱ་བའི་པུའུ་ཀྲང་དང་འཕྲིན་བཅར་ཅུའུ་ཀྲང་གི་གྲོས་ཚོགས་དང་། གསར་དར་ཁུལ་ཁོངས་ཀྱི་ཏང་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
ཟླ3པའི་ཚེས26ཉིན། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བྱ་བའི་པུའུ་ཀྲང་དང་འཕྲིན་བཅར་ཅུའུ་ཀྲང་གི་གྲོས་ཚོགས་དང་གསར་དར་ཁུལ་ཁོངས་ཀྱི་ཏང་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ལ། ཀྲུང་དབྱང་གི་འབྲེལ་ཡོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་པ་དང་། 2024ལོའི་བྱ་བ་ཕྱོགས་སྡོམ་བྱས་ནས། 2025ལོའི་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུའི་སྤྱི་ཚོགས་བྱ་བའི་སྡེ་ཁག་སྒྲིག་འཛུགས་བྱས་པའི་ཚུན་ལ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་ནན་མོ་བྱས་པ་དང་། དོན་ཆེན་དམ་འཛིན་དང་དོན་ཆེན་འཆར་འགོད། མཉམ་ཤུགས་གཅིག་སྒྲིལ་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྲུན་ལ་ཁྲིད་སྟོན་བྱས་ནས་ཐོད་བརྒལ་གསར་བ་བྱུང་ལ། གསར་དར་ཁུལ་ཁོངས་ཀྱི་ཏང་འཛུགས་བྱ་བར་གྲུབ་འབྲས་གསར་བ་བླངས་ཤིང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བ་གཅིག་སྡུད་བྱས་ཏེ་སྤྱོད་ཚུལ་གསར་བ་མངོན་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བྱ་བའི་མགོ་ཡག་པོ་བརྩམས་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། ཏང་འཛུགས་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་ལ། གཞི་རིམ་གྱི་རྨང་གཞི་སྲ་བརྟན་གཏོང་བ་དང་། བཅོས་སྐྱོང་རྐྱེན་སྲོལ་གསར་གཏོད་བྱས་ཏེ། བྱ་བའི་འགན་འཁྲི་དངོས་འབེབས་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་པར་ཁྲིད་སྟོན་བྱེད་པར་སྐུལ་འདེད་གཏོང་བ་དང་། སྡེ་བ་དང་སྡེ་ཁུལ་གྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཏང་ཀྲི་པུའུ་ཡི་མགོ་ཁྲིད་རབས་བརྗེའི་སྔོན་གྱིས་གྲ་སྒྲིག་བྱ་བ་ནན་ཏན་གྱིས་ལེགས་པོར་བསྒྲུབ་ལ། སྡེ་བ་དང་སྡེ་ཁུལ་གྱི་བྱ་བའི་ཆོག་མཐུས་དོན་འཁྱོལ་ནན་མོ་བྱས་ཏེ། སྡེ་ཁུལ་གྱི་བྱ་བ་བསྒྲུབ་མཁན་གྱི་རུ་ཁག་འཛུགས་པར་ཤུགས་སྣོན་པ་དང་། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་ནས་སྟོབས་ནུས་སྩོལ་དགོས། ནུས་ཤུགས་ཡོད་རྒུས་གསར་དར་ཁུལ་ཁོངས་ཀྱི་ཏང་འཛུགས་བྱ་བ་མཐོར་འདེགས་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་ཁེབས་རྒྱ་ཇེ་ཆེར་བཏང་སྟེ། ཏང་ཡོན་གྱི་སློབ་གསོའི་དོ་དམ་ལེགས་པོར་བསྒྲུབ་ལ། ཐོན་ཁུངས་གཅིག་སྡུད་བྱས་ནས་མཉམ་ཤུགས་ཆགས་པར་བྱེད་པ་དང་། གསར་དུ་ལས་ཞུགས་བྱས་པའི་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གནད་དོན་ཐག་གཅོད་བྱེད་དགོས། ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བ་གཅིག་སྡུད་བྱེད་པར་སྐུལ་འདེད་གཏོང་བ་དང་། འཕྲིན་བཅར་དང་མི་དམངས་ཀྱི་གྲོས་གཞི་བསྡུ་ལེན། དང་བླངས་ཞབས་ཞུ་སོགས་ཀྱི་བྱ་བ་ཞིབ་མོར་བསྒྲུབ་སྟེ། སེམས་ཤུགས་ཡོད་ཚད་བཀོལ་ནས་ཞབས་འདེགས་ཞུ་བ་དང་། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་དུ་ཆེ་རུ་གཏོང་དགོས། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ལམ་ལུགས་རྐྱེན་སྲོལ་འཐུས་ཚང་བཙུགས་ནས། རྟོག་ཞིབ་ཞིབ་འཇུག་གཏིང་ཟབ་བྱེད་ལ། སྔོན་ཐོན་དཔེ་མཚོན་སྐྱེད་སྲིང་བྱེད་པ་དང་། སྤྱི་ཚོགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་སྟེང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཟི་ལིང་གྲོང་ཁྱེར་དང་མཁར་ཤར་ཁུལ་གྱི་ཏཱ་ཀྲུང་སྲང་ལམ། ཟི་ལིང་གི་དམིགས་བསལ་རྣོ་ལྕགས་མ་རྐང་ཚད་ཡོད་ཀུང་ཟི། མཚོ་སྔོན་ཏིས་ཨའེ་དྲ་འབོད་རླངས་འཁོར་ཞབས་ཞུའི་ཚད་ཡོད་ཀུང་ཟི། མེ་ཐོན་མཚོ་སྔོན་ཟི་ལིང་གི་འཁོར་རྒྱུག་ལྟེ་གནས་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་ཨུ་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས། འབྲེལ་ཡོད་མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པའི་འགན་འཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ལས་བགོས་སྤྱི་ཚོགས་བྱ་བའི་འགན་འཁུར་བློ་མཐུན་དང་། སྤྱི་ཚོགས་བྱ་བའི་པུའུ་ཡི་པུའུ་ཀྲང་། འཕྲིན་བཅར་ཅུའུ་ཡི་ཅུའུ་ཀྲང་། ཞིང་ཆེན་ཏང་ཨུའི་གསར་བ་གཉིས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལས་ཁུངས་དང་གཏན་འཁེལ་ཟུར་ཞུགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་རྣམས་གྲོས་ཚོགས་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注