ལིས་ཆང་གིས་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་མི་འཁོར་དང་བཅས་པར་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས23ཉིན་པེ་ཅིང་དུ་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི2025ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཞུགས་ཁང་གི་གྲོས་མི་ཏའེ་ཨན་སི་དང་ཨ་མེ་རི་ཁའི་ཁེ་ལས་ལས་རིགས་ཀྱི་མི་སྣ་ཁ་ཤས་ལ་མཇལ་འཕྲད་གནང་། 

ལིས་ཆང་གིས་བསྟན་དོན། ད་ལོའི་ཟླ1པོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་གཏོང་སྐབས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་བར་ཕུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་དང་མཉམ་ལས་ཀྱི་བར་སྟོངས་རྒྱ་ཆེན་པོ་ཡོད་པས། སྤུན་ཟླ་དང་གྲོགས་པོར་གྱུར་ཆོག་ལ། ཕན་ཚུན་རོགས་རམ་དང་མཉམ་དུ་འཕེལ་རྒྱས་སོང་ནས་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་ཕན་ཁེ་བསྐྲུན་ཆོག ཚོང་གཉེར་འཐབ་རྩོད་ཐད་རྒྱལ་ཁ་ཐོབ་མཁན་མེད། ཨ་མེ་རི་ཁ་ཕྱོགས་ཀྲུང་གོ་ཕྱོགས་དང་སྔར་ལས་མང་པོའི་མཉམ་སྐྱོད་བྱེད་པ་དང་། ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་ལྟར་ལྷག་བསམ་རྣམ་དག་གིས་འབྲེལ་གཏུག་བྱེད་པ་དང་། ཕན་ཚུན་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། རྒྱལ་ཁབ་གཉིས་བར་གྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་འཇགས་དང་བདེ་ཐང་། རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཨ་མེ་རི་ཁའི་མི་སྣས་བསྟན་དོན། ཀྲུང་གོར་ཉེ་བའི་ལོ་བཅུ་ཕྲག་འགའི་རིང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། ཨ་མེ་རི་ཁའི་ཁེ་ལས་ཀྲུང་གོའི་འཕེལ་རྒྱས་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། མུ་མཐུད་དུ་ཀྲུང་གོར་དངུལ་གཏོང་བྱེད་པ་དང་། གྲོས་མོལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱ་རྒྱུ་ཡིན་ཟེར།

ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号