དཀར་མཛེས་ཁུལ་དུ་རྒྱལ་ནང་གི་ས་བབ་མཐོ་ཤོས་ཀྱི་རྡོ་ཆས་རྙིང་པའི་བྲག་བརྐོས་རི་མོའི་ཚོགས་ཤིག་རྙེད་པ་དང་། དེས་མཚོ་བོད་ས་མཐོའི་མིའི་རིགས་ཀྱི་སྒྱུ་རྩལ་བྱེད་སྒོའི་ལོ་རྒྱུས་བསྐྱར་འབྲི་བྱ་སྲིད།

ཉེ་ཆར«དཀར་མཛེས་ཀྱི་བྲག་བརྐོས་རི་མོ»ཞེས་པའི་རིག་གཞུང་ཆེད་རྩོམ་པར་སྐྲུན་བྱས་པ་དང་བསྟུན་ནས། ཀྲུང་གོའི་སྒྱུ་རྩལ་ལོ་རྒྱུས་བསྐྱར་འབྲིའི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་ཤིག་ཀྱང་བཏོན་པ་སྟེ། རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི4721ཡོད་པའི་ལི་ཐང་རྫོང་གི་མཚོ་མང་སྒང་ནས་དགེ་བསྙེན་བར་གྱི་ས་ཁོངས་སུ་གནའ་རྫས་རྟོག་ཞིབ་རིག་པ་མཁས་ཅན་གྱིས་ད་བར་ལོ8000ཟིན་པའི་རྡོ་ཆས་རྙིང་པའི་དུས་རབས་ཀྱི་བྲག་བརྐོས་རི་མོའི་ཚོགས་ཤིག་གཏན་འཁེལ་བྱས་ཡོད། ཀྲུང་གོ་ཚན་རིག་ཁང་གིས་ལོ་འཇལ་དང་རྡོ་ཆས་རྙིང་པའི་ཡོ་བྱད་ཀྱིས་ར་སྤྲོད་བྱས་པ་བརྒྱུད། བྲག་བརྐོས་རི་མོའི་ཚོགས་དེ་རྒྱལ་ནང་གི་ས་བབ་མཐོ་ཤོས་ཀྱི་རྡོ་ཆས་རྙིང་པའི་བྲག་བརྐོས་རི་མོའི་རྗེས་ཤུལ་ཡིན་པ་དང་། དེས་མཚོ་བོད་ས་མཐོའི་མིའི་རིགས་ཀྱི་སྒྱུ་རྩལ་བྱེད་སྒོའི་ལོ་རྒྱུས་དེ་སྔར་བས་ཐག་རིང་དུ་གཏོང་བ་མ་ཟད། ཀྲུང་ཧྭའི་ཤེས་དཔལ་འབྱུང་ཁུངས་འཚོལ་ཞིབ་ལས་གྲྭ་ལ་འགག་རྩའི་དོན་དངོས་ཤིག་ཀྱང་མཁོ་འདོན་བྱས་ཡོད།

མཚོ་མང་སྒང་ནས་དགེ་བསྙེན་བར་གྱི་བྲག་བརྐོས་རི་མོའི་རྗེས་ཤུལ་དང་པོ།

རིག་གཞུང་ཆེད་རྩོམ«དཀར་མཛེས་ཀྱི་བྲག་བརྐོས་རི་མོ»

ད་ཐེངས་ཀྱི་ཐོད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་དེ་སྤྱི་ལོ2023ལོར་སྤེལ་འགོ་ཚུགས་པའི“དཀར་མཛེས་ཁུལ་གྱི་གནའ་བོའི་བྲག་བརྐོས་རི་མོའི་བརྟག་དཔྱད་ཞིབ་འཇུག་རྣམ་གྲངས”ལས་བྱུང་བ་ཞིག་རེད་ལ། དེ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་དང་དཀར་མཛེས་ཁུལ་གྱི་མཉམ་འབྲེལ་ཚོགས་པས་ལི་ཐང་རྫོང་གི་ས་བབ་མཐོ་ཚད་སྨི3575ནས་སྨི4721བར་གྱི་ས་བབ་མཐོ་བའི་ས་ཁོངས་སུ་མ་ལག་རང་བཞིན་གྱི་བརྟག་དཔྱད་བྱས་རྗེས། བྲག་བརྐོས་རི་མོའི་གནས70ལྷག་ཙམ་ཤེས་རྟོགས་བྱུང་བ་ཞིག་ཡིན་པ་དང་། དེའི་ཁྲོད་མཚོ་མང་སྒང་ནས་དགེ་བསྙེན་བར་གྱི་བྲག་བརྐོས་རི་མོའི་ཚོགས་ནི་མངོན་གསལ་དོད་ཤོས་དེ་ཡིན་ཞིང་། ཚན་རིག་དང་མཐུན་པའི་ལོ་འཇལ་བྱས་པ་བརྒྱུད། བྲག་བརྐོས་རི་མོའི་ཚོགས་དེ་སྔ་ཤོས་ལ་ལོ8000གོང་བར་འདེད་ཆོག་པ་དང་དེ་སྔོན་ཤེས་རྟོགས་བྱུང་བའི་མཚོ་བོད་ས་མཐོའི་ཤར་རྒྱུད་ཀྱི་ལོ4000ཡི་བྲག་བརྐོས་རི་མོ་ལས་ལོ་ངོ་ཉིས་སྟོང་ཙམ་གྱི་སྔ་བ་ཡོད། སྤྱི་ལོ2024ལོའི་ལོ་མཇུག་ཏུ། ས་གནས་ས་ཐོག་ནས་ཐོན་པའི་རྡོ་ཆས་རྙིང་པའི་གཞོག་ཆས་དང་རྩེ་ལྡན་ཡོ་ཆས་སོགས་ཀྱིས་དེ་དག་རྡོ་ཆས་རྙིང་པའི་ཁོངས་སུ་གཏོགས་པ་སྔར་བས་ར་སྤྲོད་བྱས་ཡོད།

མཚོ་མང་སྒང་ནས་དགེ་བསྙེན་བར་གྱི་བྲག་བརྐོས་རི་མོའི་རྗེས་ཤུལ་གཉིས་པ།

ཀྲུང་དབྱང་མི་རིགས་སློབ་ཆེན་ཀྲུང་གོའི་བྲག་བརྐོས་རི་མོ་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་ཀྲང་ཡ་ཧྲ་ཡིས། ད་ཐེངས་གསར་རྙེད་བྱུང་བ་དེས་མཚོ་བོད་ས་མཐོའི་ཤར་རྒྱུད་ཀྱི་རྡོ་ཆས་རྙིང་པའི་བྲག་བརྐོས་རི་མོའི་སྟོང་ཆ་དེ་བསྐངས་ཡོད་ལ། རིག་གཞུང་ལས་རིགས་ཀྱིས་གནའ་བོའི་མིའི་རིགས་ཀྱི་བྱེད་སྒོའི་ཁྱབ་ཁོངས་ཀྱི་སྲོལ་རྒྱུན་ལྟ་བར་ཡང་གསར་བརྗེ་བྱས་ཡོད་ཅེས་ངོ་སྤྲོད་གནང་བ་དང་། ཁོང་གིས། བྲག་བརྐོས་རི་མོ་དེ་དག་ནི་ཚོན་རྫས་དམར་པོས་བྲིས་པའི་ཤྭ་བ་རྭ་ཆེན་དང་། གནའ་བ། ལག་ཏུ་ཅ་དངོས་བཟུང་བའི་མིའི་དབྱིབས་སོགས་ཀྱི་རི་མོས་གཙོ་བོར་བྱས་ཤིང་། ཡི་གེ་མ་བྱུང་གོང་གི་མིའི་རིགས་ཀྱིས་རང་བྱུང་སྣོད་བཅུད་ལ་ལྟ་ཞིབ་དང་བསམ་པའི་འཇིག་རྟེན་མཚོན་པར་བྱས་ཡོད་ཅེས་གསུངས་པ་རེད།

མཚོ་མང་སྒང་ནས་དགེ་བསྙེན་བར་གྱི་བྲག་བརྐོས་རི་མོའི་རྗེས་ཤུལ་གསུམ་པ།

མཚོ་མང་སྒང་ནས་དགེ་བསྙེན་བར་གྱི་བྲག་བརྐོས་རི་མོའི་རྗེས་ཤུལ་བཞི་པ།

ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ་གྱི་བྲག་བརྐོས་རི་མོའི་ཐོན་ཁུངས་ཀྱི་མ་ལག་རང་བཞིན་གྱི་ཞིབ་འཇུག་དེ་སྤྱི་ལོ2016ལོར་སེར་ཤུལ་རྫོང་ཐང་བོད་གནའ་ལམ་རྡོ་བརྐོས་རིག་གནས་གླེང་སྟེགས་ནས་འགོ་ཚུགས་པ་དང་། སྐབས་དེར་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་དང་སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་སོགས་ལས་ཁུངས་ཀྱིས་སེར་ཤུལ་རྫོང་དུ་གནའ་བོའི་བྲག་བརྐོས་རི་མོ་ཡོད་པ་ཐེངས་དང་པོར་གཏན་འཁེལ་བྱས་པ་རེད། སྤྱི་ལོ2019ལོ་ནས་བཟུང་། དཀར་མཛེས་ཁུལ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་བྲག་བརྐོས་རི་མོའི་ཁུངས་སྣེ་བསྡུ་རུབ་ལས་དོན་ནང་ཞུགས་རྒྱུར་མངག་སྐུལ་བྱས་ཏེ་ཆ་སྙོམས་ཀྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི3500ཡན་གྱི་བྲག་ངོས་དང་བྲག་ཕུག་ཏུ་བྲག་བརྐོས་རི་མོ་འབོར་ཆེན་སྔ་རྗེས་སུ་རྙེད་མོད། འོན་ཀྱང་ཆེད་ལས་ལག་རྩལ་སྟོབས་ཤུགས་ཀྱི་ཚད་བཀག་ཐེབས་པའི་དབང་གིས་ཐོན་ཁུངས་དེ་དག་དུས་ཡུན་རིང་པོར་ཚན་རིག་དང་མཐུན་པའི་ངོས་འཛིན་ཐུབ་མེད། ད་ཐེངས་ཀྱི«དཀར་མཛེས་ཀྱི་བྲག་བརྐོས་རི་མོ»པར་སྐྲུན་བྱས་པ་དེའི་ཐོག་ནས་དཀར་མཛེས་ཁུལ་གྱིས་བྲག་བརྐོས་རི་མོའི་ཞིབ་འཇུག“གསར་རྙེད”ནས“རིན་ཐང་གསལ་འགྲེལ”གྱི་དུས་མཚམས་སུ་སླེབས་པ་མཚོན་གྱི་ཡོད།

མཚོ་མང་སྒང་ནས་དགེ་བསྙེན་བར་གྱི་བྲག་བརྐོས་རི་མོའི་རྗེས་ཤུལ་ལྔ་པ།

དཀར་མཛེས་ཁུལ་གྱིས་བྲག་བརྐོས་རི་མོའི་ཐོན་ཁུངས་རྩ་ཆེན་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ལས་དོན་ལ་སྐུལ་འདེད་གང་མགྱོགས་གཏོང་མུས་ཡིན་ཞིང་། གསར་འགོད་པས་དཀར་མཛེས་ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་དཀར་མཛེས་ཁུལ་གྱིས་མཚོ་མང་སྒང་ནས་དགེ་བསྙེན་བར་གྱི་བྲག་བརྐོས་རི་མོའི་ཚོགས་དེ་དགེ་བསྙེན་ཡུལ་སྐོར་ཁུལ་གྱི་རིག་གནས་འགྲེམས་སྟོན་མ་ལག་ནང་བཅུག་ཐོག རིག་གཞུང་གྲུབ་འབྲས་དེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སུ་འགྱུར་བར་སྐུལ་འདེད་གཏོང་རྩིས་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号