2025ལོའི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་མི་སྣའི་ལྟ་སྐུལ་བྱ་བའི་མཉམ་འབྲེལ་ཚོགས་འདུ་བསྡུས།

ཟླ3པའི་ཚེས20ཉིན། ཞིང་ཆེན་ཡོངས་ཀྱི་ལས་བྱེད་མི་སྣའི་ལྟ་སྐུལ་བྱ་བའི་མཉམ་འབྲེལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་དང་། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། 2024ལོའི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་མི་སྣའི་ལྟ་སྐུལ་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ། 2025ལོའི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། འགན་འཁྲི་ཁག་ཁུར་ལ་ཤུགས་སྣོན་པ་དང་། གནད་དོན་ལ་དམིགས་ནས་གནད་འཁེལ་ཤུགས་འདོན་བྱེད་པ། ནུས་ཤུགས་ཡོད་རྒུས་མཉམ་སྡེབ་འབྲེལ་མཐུད་གེགས་མེད་མིན་ལ། དུས་ཐོག་ཏུ་ལྟ་སྐུལ་གྲུབ་འབྲས་མཉམ་སྤྱོད་དང་ཆ་འཕྲིན་འབྲེལ་འདྲིས་མ་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ། ལྟ་སྐུལ་སྟོབས་ཤུགས་མཉམ་སྡེབ་མཉམ་འགུལ་ལ་རྒྱུན་མཐུད་སྒོས་ཤུགས་བསྣན་ནས། ནུས་ཤུགས་ཡོད་རྒུས་མཉམ་འཛིན་སྤྱི་འདོམས་དང་ནུས་མཐོའི་འཁོར་རྒྱུག་གི་ལྟ་སྐུལ་ཆེན་པོའི་རྣམ་པ་བསྐྲུན་དགོས། ཆ་འཕྲིན་མཉམ་སྤྱོད་དང་གནད་དོན་མཉམ་གྲོས། དྲིས་ལན་མཉམ་འདེབས་བཅས་ཡག་པོ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་གཞི་གྲངས་ཀྱི་བཀག་རྒྱ་དང་ཆ་འཕྲིན་གྱི་སྒེར་སྤྱོད་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ལ། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་དང་། སྒྲིག་ཁྲིམས་ལག་བསྟར་སོགས་སྡེ་ཁག་གི་སྟོབས་ཤུགས་དང་གྲུབ་འབྲས་སྤྱད་དེ། དོ་དམ་ལྟ་སྐུལ་བྱ་བའི་མ་ལག་རང་བཞིན་དང་ཧྲིལ་བོའི་རང་བཞིན། མཉམ་སྡེབ་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་དགོས།

ཚོགས་འདུ་ལས་བསྟན་དོན། ཁོངས་གཏོགས་ལས་ཁུངས་ཀྱིས་རང་གི་ནུས་པ་འདོན་སྤེལ་དང་ལས་འགན་དང་དུ་བླངས་ནས་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་པ་དང་། མཉམ་འབྲེལ་ཚོགས་འདུའི་རྐྱེན་སྲོལ་གྱི་རྒྱུན་རྣམ་ཡུན་ཕན་འཁོར་རྒྱུག་ལ་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ཀྱི་ལྟ་བ་དམ་པོར་འཛུགས་པ་དང་། ལྟ་སྐུལ་ཆེན་མོའི་བསམ་ཕྱོགས་དང་འདུ་ཤེས་ཀྱིས་ཆབ་སྲིད་ཀྱི་ལྟ་སྐུལ་འགན་འཁྲི་དངོས་འབེབས་བྱེད་པ། མཉམ་འགུལ་སྦྲེལ་མཐུད་ལ་མུ་མཐུད་དུ་ཤུགས་སྣོན་པ། མཉམ་སྡེབ་སྒོས་མཉམ་འབྲེལ་ཞིབ་འཇུག་བྱེད་པ། འགན་འཁྲི་དངོས་འབེབས་དང་བཀོད་གཏོང་ལ་ཤུགས་བསྣན་ནས།  འཐབ་རྩོད་བྱེད་ཕོད་པ་དང་། མཉམ་འབྲེལ་ཚོགས་འདུའི་རྐྱེན་སྲོལ་གྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱེད་དགོས། སྤྱོད་ཚུལ་མི་ལེགས་པ་དང་བྱ་བ་མི་བསྒྲུབ་པར་དམིགས་ནས་ལྡོག་ཕྱོགས་ཚོད་འཛིན་ལ་ཤུགས་སྣོན་པ་དང་། ལས་འབྲས་ལྟ་བ་ནོར་འཁྲུལ་ཅན་སྔ་ས་ནས་མཐོང་བ་དང་སྔ་ས་ནས་ཐག་གཅོད་བྱེད་ལ། ལྟ་སྐུལ་གྲུབ་འབྲས་དེ་མགོ་ཁྲིད་དང་ལས་བྱེད་མི་སྣའི་དཔུང་སྡེ་སྒྲིག་འཛུགས་བྱེད་པའི་དངོས་ཡོད་ཕན་འབྲས་སུ་བསྒྱུར་དགོས། ལས་བྱེད་མི་སྣའི་ལྟ་སྐུལ་བྱ་བའི་མཉམ་འབྲེལ་ཚོགས་འདུའི་ཁོངས་གཏོགས་ལས་ཁུངས་རྣམས་ཚོགས་འདུར་ཞུགས་པ་དང་། མཉམ་འབྲེལ་ཚོགས་འདུའི་གཞུང་སྒྲུབ་ཁང་གི་ཁོངས་མི་རྣམས་ཚོགས་འདུར་ཟུར་ཞུགས་བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号