མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས།
ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་མུ་མཐུད་དུ་གྲོས་ཞིབ་བྱས། ཝུའུ་ཞའོ་ཅུན་དང་ལིའུ་ཆི་ཧྥན། ཝང་ལིས་མེན། ཀྲང་ཅིན་ཀང་བཅས་ཚང་འཛོམས་གྲོས་ཚོགས་སུ་ཞུགས་པ་དང་། ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས།
འཐུས་མི་ལིའུ་གོ་ཆང་དང་། ཏིས་ཆིན་ཡུན། ཝང་ཧྭ་ཅེ། ཞུའུ་ཆིན་མེན། པིས་ཧྲིན་ལུང་། ཆའོ་ཡ་ཆུན། རིན་ཆེན་བཀྲ་ཤིས། ཅང་ཀྲི་ཀང་། ཏུང་ཆོན་མེན་བཅས་ཀྱིས་གཏམ་བཤད། འཐུས་མི་རྣམས་ཀྱིས་གཅིག་གྱུར་གྱིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཡོད་ལ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད་ཅིང་། གྲུབ་འབྲས་སྤྱི་བསྡོམས་བྱས་པ་ཆ་ཚང་བ་དང་གནད་དོན་ལ་དབྱེ་ཞིབ་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་ཞིང་། བྱ་བ་བཀོད་སྒྲིག་བྱས་པ་མིག་རྒྱང་རིང་ཞིང་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་ཟབ་མོ་བྱས་ཡོད་ལ། ཁྲིམས་སྐྱོང་གི་སྟོབས་ཤུགས་དང་དྲོད་ཁོལ་མངོན་པར་གསལ་བ་ཞིག་ཡིན་པས། ཆབ་སྲིད་ཀྱི་ལངས་གནས་མཐོ་ཞིང་། མི་དམངས་བསམ་པའི་བརྩེ་དུང་གིས་ཕྱུག་པ། བྱ་བའི་བྱེད་ཐབས་དོན་དངོས་དང་མཐུན་པའི་སྙན་ཞུ་བཟང་པོ་ཞིག་རེད། དེར་ཡོངས་སུ་འཐད་པ་ཡིན་ཟེར།
ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བློ་མཐུན་གྲོས་ཞིབ་ཁྲོད་ཞུགས་ནས་འཐུས་མིས་བསམ་ཚུལ་དང་གྲོས་གཞི་བཏོན་པར་ཉན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注