རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཟླ3པའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་དང་། སྲིད་གྲོས་ཨུ་ཡོན14ཡིས་ཚོགས་ཆེན་སྟེང་གཏམ་བཤད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ་དང་། རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཧུང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་གདན་ཞུས་ལྟར་ཚོགས་འདུར་ཞུགས་ནས་གཏམ་བཤད་ལ་ཉན།

ཨུ་ཡོན་ཀི་ཧོས་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་དེས་མི་དམངས་སྲིད་གྲོས་བྱ་གཞག་འཕེལ་རྒྱས་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སྲིད་གྲོས་ཨུ་ཡོན་གྱིས་ལས་འགན་སྒྲུབ་པའི་ནུས་པ་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་རྒྱུ་དང་། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དཀྱིལ་སྙིང་དུ་བཟུང་ནས་སྲིད་གླེང་ཇུས་འདོན་གྱི་ནུས་པ་འདོན་སྤེལ་བྱེད་པ། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ནུས་པ་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལྟེ་མཐུན་སྒོར་དབྱིབས་ཆེ་ཤོས་འབྲི་བའི་ནུས་པ་བཅས་ལ་དམ་པོར་དམིགས་ཏེ། རླབས་ཆེན་གྱི་བྱ་གཞག་མཉམ་དུ་སྒྲུབ་པ་དང་འོད་སྟོང་མཉམ་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་རྒྱ་ཁྱབ་ཏུ་གཅིག་སྡུད་བྱེད་དགོས་པའི་གྲོས་གཞི་བཏོན།

ཨུ་ཡོན་ཁྲིན་ཧུང་གིས་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཚབ་ཞུས་ཏེ། ཁྲིམས་ལྟར་སྲིད་འཛིན་བྱེད་པར་སྐུལ་འདེད་ནན་མོ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། རིགས་སོ་སོའི་ཚོང་གཉེར་རང་བདག་གི་བར་དྲང་གཞག་འགྲན་རྩོད་ཡོང་བར་འགན་ལེན་བྱེད་པ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཁེ་ལས་འཕེལ་རྒྱས་དང་སྟོབས་ལྡན་དུ་གཏོང་བར་འདྲ་མཉམ་ངང་རྒྱབ་སྐྱོར་བྱེད་པ། སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་ཆོས་ཉིད་ཅན། སྟབས་བདེ་ཅན་བཅས་ལ་སྐུལ་འདེད་གཏོང་བ། སྲིད་འཛིན་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་བ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ལེགས་ཆ་ཕན་ཚུན་གསབ་རེས་དང་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་གྲོས་གཞི་བཏོན།

ཨུ་ཡོན་ཐུའུ་ཧའེ་མེན་གྱིས་ཉེ་བའི་ལོ་འདི་དག་གི་རིང་ལ། ཞང་ཀང་ལ་ཀུན་གྱིས་མཐོང་རྒྱུ་ཡོད་པའི་དགའ་འོས་པའི་འགྱུར་ལྡོག་བྱུང་ཡོད་ཅིང་། མེས་རྒྱལ་ནི་ནམ་ཡང་ཞང་ཀང་གི་རྒྱབ་རྟེན་བཀན་མོ་ཡིན་པ་དོན་དངོས་ཀྱིས་ར་སྤྲོད་གསལ་བོ་བྱས་ཡོད། མགོ་རྩོམ་ས་གསར་པའི་སྟེང་ལངས་ནས་ལས་འགན་གསར་པ་ཕྲག་སྟེང་དུ་ལེན་པར་ཅིས་ཀྱང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་སློབ་གསོ་ཟབ་སྤེལ་གཏོང་བ་དང་། འགན་འཁྲི་ འཁུར་ཤུགས་ཆེ་རུ་གཏོང་བ། རིག་གནས་ཀྱི་ཡིད་ཆེས་དང་རྒྱལ་ཁབ་ལ་མོས་མཐུན་བྱེད་པའི་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་ནུས་ཤུགས་གཅིག་སྡུད་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་སྒོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་བརླིང་དང་ཡུན་རིང་ཡོང་བར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།

ཨུ་ཡོན་ཁྲིན་ཅུན་གྱིས་ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཚབ་ཞུས་ནས་བཤད་རྒྱུར། རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭའི་རིག་གནས་ནི་འགྲམ་གཉིས་ཀྱི་སྤུན་ཟླ་ཐུན་མོང་གི་རྩ་བ་དང་བླ་སྲོག་ཡིན། འགྲམ་གཉིས་ཀྱི་རིག་གནས་བརྗེ་རེས་མཉམ་ལས་ལ་སྲ་བརྟན་དང་ཡངས་ཤིང་རྒྱ་ཆེ་བའི་ལས་སྟེགས་འབད་པས་བསྐྲུན་ཏེ། འགྲམ་གཉིས་ཀྱི་སྤུན་ཟླ་ཚོས་མཚོ་འགག་འགྲམ་གཉིས་ཀྱི་ལོ་རྒྱུས་དང་རིག་གནས། ཁྲག་རྒྱུད་བཅས་ཀྱི་རང་བྱུང་གི་འབྲེལ་འདྲིས་ཤེས་རྟོགས་ཟབ་མོ་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་མི་རིགས་ཀྱི་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་བ། སེམས་ཀྱི་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེ་ངང་འཕེལ་རྒྱས་གཏོང་བ་དང་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བའི་དམངས་འདོད་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་བ། མེས་རྒྱལ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས་པའི་གྲོས་གཞི་བཏོན།

ཨུ་ཡོན་ལིའུ་ཡ་ཧུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ན་ནིང་གི་ཟླ12པར་ཨའོ་མིན་དུ་དངོས་སུ་ཕེབས་དུས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མངོན་གསལ་དོད་པོའི་ལམ་ལུགས་ཀྱི་ལེགས་ཆ་དང་སྐྱེ་སྟོབས་ཆེན་པོར་འགྲེལ་བཤད་གཏིང་ཟབ་གནང་ནས། ང་ཚོར་འབད་འཐབ་ཀྱི་གནས་ཚད་གསར་པ་བསྟན་ཡོད། དུས་རབས་གསར་པའི་ཨའོ་མོན་གྱིས་འཕེལ་རྒྱས་ཀྱི་གནས་ཐིག་གཏན་འཁེལ་ཁ་གསལ་གཏོང་བ་དང་། དཔལ་འབྱོར་འོས་འཚམ་དང་སྣ་མང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ། བཅོས་སྐྱོང་མ་ལག་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། ལམ་ལུགས་དང་དཔལ་འབྱོར། ཚོང་དོན། འཇོན་མི་སོགས་སྟེགས་བུ་ཡག་པོ་བསྐྲུན་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་སྐར་ཁུང་བཏོད་དེ།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལེགས་འགྲུབ་བྱུང་བའི་ལག་ལེན་དྲིལ་སྒྲོག་དང་ངོ་སྤྲོད་བྱས་ཏེ། ཨའོ་མིན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་གྲུབ་འབྲས་རླབས་ཆེན་གསར་པ་མུ་མཐུད་སྐྲུན་དགོས་པའི་གྲོས་གཞི་བཏོན།

ཨུ་ཡོན་ཉེ་ཞིན་གྱིས་ཏང་ཁག་གང་ལའང་མི་གཏོགས་མི་སྣའི་ལས་རིགས་ཀྱི་ཚབ་ཞུས་ཏེ། སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ནང་དོན་དང་རྣམ་པའི་ཐད་གསར་གཏོད་བྱེད་དགོས། དཔེ་མཚོན་གྱི་རྒྱུ་ཆ་བེད་སྤྱོད་གང་ལེགས་བྱས་ཏེ། གློག་བརྙན་དང་མུ་འབྲེལ་བརྙན་འཕྲིན་ཟློས་གར། དངོས་བཤུས་གློག་བརྙན་སོགས་ཀྱི་རྣམ་པར་བརྟེན་ནས། ཁྲིམས་སྐྱོང་གི་གཏམ་རྒྱུད་ཡག་པོ་འཆད་དེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་ཁྲོད་འདུས་པའི་ཕུན་སུམ་ཚོགས་པའི་ཁྲིམས་སྐྱོང་བསམ་བློ་དང་རྒྱ་ཆེ་བའི་ཆབ་སྲིད་བློ་གྲོས་བསྡུ་ལེན་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།

ཨུ་ཡོན་སུན་ཡེ་ལིས་ཀྱིས་རིག་གནས་ཐོན་རྫས་དང་རིག་རྩལ་བརྩམས་ཆོས་ཀྱིས་གཏིང་ཟབ་ཅིང་སྟབས་བདེའི་སྒོ་ནས་གནས་ལུགས་གསལ་འགྲེལ་བྱས་ནས། ཏང་གི་གསར་གཏོད་གཞུང་ལུགས་མི་སེམས་ཀྱི་ཟབ་སར་འཇུག་པར་ སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་རང་རྟོན་རང་བཞིན་ཚད་མཐོན་པོའི་སྒོ་ནས་དར་སྤེལ་བཏང་ནས། མི་རིགས་སོ་སོའི་མི་སེམས་ཆིག་སྒྲིལ་དང་སྙིང་སྟོབས་ཕན་ཚུན་བརྟེན་རེས་ཡོང་བར་སྐུལ་འདེད་གཏོང་དགོས། རིག་གནས་ཀྱི་མི་མངོན་པའི་བག་ཆགས་འཇོག་སྟངས་འདོན་སྤེལ་ལེགས་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྒྱུ་རྩལ་ཅན་དང་བྱེ་བྲག་ཅན་དུ་འགྱུར་བར་འབད་དགོས། རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ལ་རོགས་རམ་བྱེད་པའི་ཁྲོད་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱོགས་ཡོངས་དང་རིམ་ངོས་མང་པོའི་སྒོ་ནས་རིག་གནས་བརྗེ་རེས་ཀྱི་སྣ་མང་ཅན་དང་ཕུན་སུམ་ཚོགས་པའི་ཆ་སྐྲུན་དགོས་པའི་གྲོས་གཞི་བཏོན།

ཨུ་ཡོན་ཀྲང་ཀོང་ཧན་གྱིས་རིག་གནས་ཤུལ་བཞག་གིས་འོད་སྟོང་འཕྲོ་བའི་ཤེས་རིག་མངལ་དུ་སྦྲུམ་ཡོད་པར་བརྟེན། ལོ་རྒྱུས་རིག་གནས་རྒྱུན་འཛིན་བྱེད་རྒྱུ་དང་། མི་རིགས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་རྒྱུ་ནི་སླར་སྐྱེས་མི་ཐུབ་པ་དང་ཚབ་བྱེད་མི་ཐུབ་པའི་ཐོན་ཁུངས་རྩ་ཆེན་ཞིག་ཡིན། རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་ཆེན་པོ་བྱེད་པའི་རྣམ་པ་མགྱོགས་མྱུར་ངང་འཛུགས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་དོ་དམ་བྱེད་ཐབས་གསར་གཏོད་བྱེད་པ། དམངས་ཡོངས་ཀྱི་ངོས་འཛིན་ཇེ་མཐོར་གཏོང་བ། སྤྱི་ཚོགས་ཡོངས་མཉམ་དུ་རིག་གནས་ཤུལ་བཞག་གི་མ་ལག་རང་བཞིན་གྱི་སྲུང་སྐྱོབ་དང་གཅིག་གྱུར་གྱི་ལྟ་སྐུལ་དོ་དམ་ནང་ཞུགས་པར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།

ཨུ་ཡོན་ཏུའུ་ཀྲན་ཡོན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱ་ཁྱབ་ངང་དྲིལ་སྒྲོག་དང་ངོ་སྤྲོད་བྱེད་རྒྱུ་དང་། དུས་རབས་གསར་པའི་ཀྲུང་གོའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་གཏམ་རྒྱུད་ཡག་པོ་འཆད་པ། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་གཞུང་རིག་གནས་བརྗེ་རེས་ལ་རྒྱབ་སྐྱོར་བྱེད་པ། ཚན་རྩལ་གྱི་ནུས་ཤུགས་རྒྱལ་སྤྱིའི་སྟེང་ཁྱབ་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་གནས་བབ་དང་འཚམ་པའི་རིག་གནས་ཀྱི་ཤུགས་རྐྱེན་ནུས་པ་གྲུབ་པར་བྱེད་དགོས་པའི་གྲོས་གཞི་བཏོན།

ཨུ་ཡོན་ཀྲང་ཁོན་གྱིས་གུང་གཞོན་ཚོགས་པ་དང་གཞོན་ནུ་མཉམ་འབྲེལ་ལས་རིགས་ཀྱི་ཚབ་ཞུས་ཏེ། གཞོན་ནུ་ཚོས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་ཧྭའི་ཤེས་རིག་སླར་ཡང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་ཡོད། གཞོན་ནུའི་ཁྱད་ཆོས་དང་ཉེ་བའི་བསམ་བློ་དང་རིག་གནས་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞོན་ནུའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་བ། རིག་གནས་ཞིབ་འཇུག་དང་གསར་གཏོད། ཁྱབ་སྤེལ་སོགས་ཐད་ཀྱི་གཞོན་ནུ་འཇོན་མི་གསོ་སྐྱོང་ཤུགས་ཆེན་བྱས་ཏེ། ཀྲུང་ཧྭའི་རིག་གནས་རྒྱུན་མཐུད་བྱས་ནས་དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་སྔར་ལས་ལེགས་པའི་སྒོ་ནས་འཁུར་དགོས་པའི་གྲོས་གཞི་བཏོན།

ཨུ་ཡོན་སུན་ཝེ་ཡིས་དེ་རིང་གི་འབྲི་ཆུའི་དཔལ་འབྱོར་ཁུལ་དུ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མི་སེམས་སུ་སིམ་ཡོད། སྦགས་བཙོག་འགོག་བཅོས་དང་སྣོད་བཅུད་སྲུང་སྐྱོབ་ཕྱོགས་གཉིས་མཉམ་སྤྱོད་བྱེད་རྒྱུ་དང་། ཕན་ནུས་ལྡན་པའི་སྲིད་གཞུང་དང་ནུས་ལྡན་ཁྲོམ་ར་ཕྱོགས་གཉིས་ཀྱིས་ཤུགས་འདོན་པ། ནད་རྟགས་བཅོས་དང་རྩ་བཅོས་ཕན་ཚུན་འབྲེལ་མཐུད་བཅས་རྒྱུན་འཁྱོངས་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།

ཨུ་ཡོན་ཨོའུ་དབྱང་ཙི་ཧྭ་ཡིས་གོ་མིན་ཏང་གསར་བརྗེའི་ཀྲུང་དབྱང་གི་ཚབ་ཞུས་ཏེ། ནུས་ཁུངས་འཛད་སྤྱོད་གསར་བརྗེ་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ཚུལ་སྒྱུར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བར་ཅིས་ཀྱང་། བློ་རིག་གི་ནུས་ཁུངས་སྤྱོད་པའི་ལག་རྩལ་གསར་གཏོད་དང་ཁྱབ་སྤེལ་ཇེ་མགྱོགས་སུ་གཏོང་བ་དང་། ནུས་ཁུངས་བེད་སྤྱོད་ལས་ཆོད་མཐོར་འདེགས་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བར་སྐུལ་འདེད་གཏོང་བ། ནུས་ཁུངས་འཛད་སྤྱོད་ཀྱི་སྔོན་ཐོན་ལག་རྩལ་དང་སྒྲིག་ཆས། རྣམ་པ་བཅས“ཕྱི་རོལ་དུ་བསྐྱོད་པར”རྒྱབ་སྐྱོར་བྱེད་པ། འཛམ་གླིང་ཧྲིལ་པོའི་ཁྱབ་ཁོངས་ཀྱི་ལྗང་མདོག་ནུས་ཁུངས་འཛད་སྤྱོད་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ནུས་ཁུངས་འཛད་སྤྱོད་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ། ལྗང་མདོག་འཛད་སྤྱོད་དེ་འཚོ་བ་སྐྱེལ་སྟངས་གསར་པ་ཞིག་ཏུ་འགྱུར་བ་བཅས་བྱེད་དགོས་པའི་གྲོས་གཞི་བཏོན།

ཨུ་ཡོན་ཀྲའོ་དབྱིན་མེན་གྱིས་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས་ན་ཅིས་ཀྱང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་དམིགས་འབེན་བླང་བྱ་དང་བསྟུན་ནས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་དམིགས་ཏེ། སྲིད་ཇུས་ཀྱི་སྟོང་ཆ་དང་ལམ་ལུགས་ཀྱི་ཞན་ཆ་ཁ་གསབ་གང་མགྱོགས་བཏང་ནས། ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་སྲུང་ཆེན་པོ་འདོན་སྤྲོད་བྱེད་དགོས་པའི་གྲོས་གཞི་བཏོན།

ཨུ་ཡོན་ཕུའུ་ཧྲི་ལུང་གིས་ལྗང་མདོག་ཐཱན་ཉུང་གི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ནི། “ཐཱན་གཉིས”དམིགས་འབེན་མངོན་འགྱུར་བྱེད་པ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བཅས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་ཤུགས་བསྣན་ནས། ལྗང་མདོག་དང་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་གཏོང་བར་མཁོ་བའི་གསར་གཏོད་འཇོན་མི་རྩེར་སོན་གསོ་སྐྱོང་དང་། ལྗང་མདོག་དང་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་རྒྱབ་སྐྱོར་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་ར་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ། རྒྱལ་ཡོངས་ཀྱི་དྲོད་ཁང་གིས་རླུང་གཟུགས་རང་མོས་ངང་བཙོག་འབུད་ཇེ་ཉུང་དུ་གཏོང་བའི་ཉོ་ཚོང་ཁྲོམ་ར་འཛུགས་སྐྲུན་ལ་སྐུལ་འདེད་གང་ལེགས་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་རང་བདག་གིས་བཙོག་འབུད་ཉུང་དུ་གཏོང་བ་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཡོང་བར་ཞབས་འདེགས་ཞུ་དགོས་པའི་གྲོས་གཞི་བཏོན།

ཐེངས་འདིའི་ཚོགས་འདུར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུའུ་ཧོས་ཀྱིས་མགོ་འཛིན་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་ཧྲིན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆང་། ཧི་ཧོའུ་ཧྭ། ལེའང་ཀྲིན་དབྱིན། པཱ་ཐར། ཧྲའོ་ཧུང་། ཀའོ་ཡུན་ལུན། ཁྲིན་ཝུའུ། མུའུ་ཧུང་། ཞན་ཧོས། ཝང་ཏུང་ཧྥུན། ཅང་ཞིན་ཀྲི། ཅང་ཙའོ་ཅུན། ཧི་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号