ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་མ་དངུལ་སྒོར་དུང་ཕྱུར1བཏང་སྟེ་བོད་ལྗོངས་ཀྱི་ས་ཡོམ་རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་འཕྲལ་བསྟུན་དོ་དམ་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ1པོའི་ཚེས7ཉིན། ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཀྲུང་དབྱང་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར1བཏང་སྟེ། བོད་ལྗོངས་ཀྱིས་ས་ཡོམ་གནོད་འཚེའི་རྒུད་སྐྱོབ་བྱ་བ་ལེགས་པོར་སྒྲུབ་པར་རྒྱབ་སྐྱོར་བྱས། འཕྲལ་བསྟུན་འཕྲལ་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་པའི་བྱ་བའི་ཐད་གཅིག་གྱུར་སྒོས་བཀོལ་སྤྱོད་བྱས་ཏེ། གནོད་འཚེ་ཕོག་པའི་མི་སྣ་འཚོལ་སྐྱོབ་སྤོ་སྒྱུར་བཀོད་སྒྲིག་དང་། ཉེན་ཁ་སེལ་བ་སོགས་འཕྲལ་བསྟུན་ཐག་གཅོད། ཞོར་ཐོན་གནོད་འཚེའི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་འཕྲལ་བསྟུན་བཅོས་སྐྱོང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཁང་པ་ཉམས་གསོ་སོགས་ཀྱི་ལས་དོན་གཙོ་གནད་དུ་ལེགས་པོར་བསྒྲུབ་དགོས།  །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号