ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་ཟི་ལིང་དང་མཚོ་ཤར་དུ་རྟོག་ཞིབ་བྱས།
ཟླ1ཚེས2ནས་ཚེས3ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ལའོ་ཏུང་ཁྲོན་གཉིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་ཟི་ལིང་གྲོང་ཁྱེར་ཝུན་ཐིན་སྡེ་ཁུལ། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་། མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ས་ཡོམ་གནས་སྤོར་གཅིག་བསྡུས་བདེ་འགོད་གནས་སོགས་སུ་སོང་ནས་རྟོག་ཞིབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་མངགས་བཅོལ་ནན་མོར་ཕྱིར་དྲན་བྱས་ལ། རིགས་སོ་སོའི་ལས་བྱེད་མང་ཚོགས་རྣམས་ལ་ལོ་གསར་གྱི་འཚམས་འདྲི་བྱས། ཁོ་ཚོས་དྲིན་བསམ་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ཟབ་སྤེལ་བྱེད་པ། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་ནན་མོ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་འཆར་འགོད་ཆེན་མོ་དེ་མཛེས་སྡུག་གི་མངོན་སུམ་དུ་འགྱུར་བར་འབད་དགོས་པ་ནན་གྱིས་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་མཐོང་ཆེན་ཚད་མེད་གནང་གྱིན་ཡོད། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་སོང་ནས། རྒྱང་བསྟེན་དྲ་རྒྱའི་བརྙན་རིས་ལྟ་ཞིབ་ཚད་ལེན་མ་ལག་བརྒྱུད་དེ། མཚོ་སྔོ་རེངས་དང་འབྲི་ཆུའི་ཁུགས་སོ་དང་པོ། རྣམ་སྲས་བྲག་རོང་སོགས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་གཞི་རིམ་ལས་བྱེད་པ་དང་སྐྱེ་ཁམས་ལྟ་སྲུང་པར་བརྙན་རིས་ལམ་ནས་འབྲེལ་གཏུག་བྱས་ཏེ་འབྲེལ་ཡོད་གནས་ཚུལ་ལ་ཉན། སྔོན་ཆད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བརྙན་རིས་ལམ་ནས་འབྲེལ་གཏུག་བྱས་པའི་སྐྱེ་ཁམས་ལྟ་སྲུང་པ་བསོད་བསོད་ཀྱིས་བཤད་རྒྱུར། རི་སྔར་ལས་སྔོ་ཞིང་ཆུ་སྔར་ལས་དྭངས་ལ། སྲོག་ཆགས་སྔར་ལས་མང་པས། ང་ཚོའི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་རེད་ཟེར། འབྲི་སྟོད་རྫོང་གི་པད་མ་སྒྲོན་དཀར་དང་སྒྲོལ་མ་ཚེ་མཚོ་ཡིས་ལག་ལ་ཁ་བཏགས་བཟུང་ནས་བདེ་སྐྱིད་ཀྱི་གླུ་དབྱངས་བླངས། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་ཁོ་ཚོའི་ལས་གནས་བརྟན་སྲུང་གི་སྤོབས་པར་ཁས་ལེགས་གང་ལེགས་བྱས་པ་དང་། ཚང་མར་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ་དང་། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས། གཙང་ཆབ་སྔོན་མོ་ཤར་དུ་བཞུར་བར་འགན་སྲུང་བྱེད་པ་དང་མཉམ་དུ། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་དགོས་པའི་སྐུལ་མ་བཏང་།
ཟི་ལིང་གྲོང་ཁྱེར་ཝུན་ཐིན་སྡེ་ཁུལ་གྱི་རི་མོ་དང་ཡིག་གཟུགས་ཁང་དུ་སྡོད་དམངས་རྣམས་ཀྱིས་ལོ་གསར་གྱི་ཆ་ཚིག་སྟེ“ལག་རྡང་དམ་པོས་ལོ་གསར་བསུས་ཏེ་མི་རིགས་མཐུན་སྒྲིལ་རིས་སུ་འགོད།། སེམས་ཤུགས་མཐུན་པོས་བྱ་གཞག་བསྐྲུན་ནས་འཆམ་མཐུན་བདེ་སྐྱིད་གླུ་རུ་གྱེར། ། ”ཞེས་པ་འབྲི་བཞིན་འདུག ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་ཁོ་ཚོའི་འགྲམ་དུ་སོང་ནས་ཚང་མའི་སེམས་གཏིང་གི་སྐད་ཆ་དང་མཛེས་སྡུག་གི་འཚོ་བ་ཆ་ཚིག་ཏུ་བྲིས་པར་བསྟོད་བསྔགས་བྱས། ལས་སྒྲུབ་ཞབས་ཞུའི་ཚོམས་ཆེན་དུ། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གཉིས་ཀྱིས་མང་ཚོགས་རྣམས་དང་བྱམས་བརྩེའི་ཁ་བརྡ་བྱས་ཤིང་། སྡེ་ཁུལ་གྱི་ཞབས་ཞུ་དང་རིག་གནས་འཚོ་བ་སོགས་ཀྱི་གནས་ཚུལ་དྲིས། དྲ་རྒྱ་ཅན་གྱི་དོ་དམ་ལ་ཤུགས་སྣོན་པ་དང་། རིམ་པ་ལྔའི་ཧྲུའུ་ཅིའི་བཅོས་སྐྱོང་མ་ལག་འཐུས་ཚང་བཟོ་བ། སྡེ་ཁུལ་གྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རིགས་སོ་སོའི་མང་ཚོགས་རྣམས་ཀྱི་སེམས་སུ་འཇགས་པར་བྱེད་དགོས་པ་ནན་གྱིས་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་དང་རེ་བ་ནན་མོ་བཅོལ་ཡོད་པའི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ནི། ཧྲང་ཧེ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་སློབ་གསོའི་ལས་གཞི་གལ་ཆེན་ཞིག་ཡིན། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་བསམ་བློ་ཆབ་སྲིད་སློབ་ཁྲིད་ལས་དོན་ཁང་དུ་སོང་ནས། དགེ་རྒན་གྱི་འཐུས་ཚབ་ཀྱིས་སློབ་རའི་ཕྱི་ནང་དང་དྲ་ལམ་དྲ་ཕྱི། ཆེད་ལས་ཞོར་ལས། སྲོལ་རྒྱུན་དང་གཞི་གྲངས་བཅས་ཟུང་འབྲེལ་བྱེད་པ་སོགས་ཀྱི་ཕྱོགས་ལ་དམིགས་ནས་སློབ་ཁྲིད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་པར་ཉན་པ་དང་། ཁོ་ཚོས་ཕྱོགས་སོ་སོའི་ཐོན་ཁུངས་ལེགས་བསྡུས་གང་ལེགས་བྱེད་པ་དང་། སྔར་ལས་གསོན་ཉམས་ལྡན་པའི་བསམ་བློ་ཆབ་སྲིད་སློབ་ཁྲིད་བརྒྱུད་དེ། སློབ་མ་ཚོས་ཕ་ཡུལ་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་མེས་རྒྱལ་གཕེལ་རྒྱས་ཀྱི་འགྱུར་ལྡོག་མྱོང་ཚོར་བྱེད་དུ་འཇུག་རྒྱུའི་མངགས་བཅོལ་བྱས། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་མཐོ་གཉིས་འཛིན་གྲྭ་དང་པོའི་སློབ་ཁང་དུ་སོང་ནས། ཨ་མྱེས་ཞི་ཅིན་ཕིང་ངའི་གམ་དུ་ཕེབས་སོང་ཞེས་པའི་བརྗོད་དོན་བསམ་བློ་ཆབ་སྲིད་སློབ་ཁྲིད་ལ་ལྟ་སྦྱོང་བྱས་པ་དང་། སློབ་གྲོགས་ཚོས་རང་ཉིད་ཀྱིས་ཨ་མྱེས་ཞི་ཅིན་ཕིང་ལ་བཤད་འདོད་པའི་སེམས་གཏམ་བཤད། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་སློབ་གྲོགས་ཚོས་ཐོབ་དཀའ་བའི་བདེ་སྐྱིད་ཀྱི་འཚོ་བར་སྔར་ལས་གཅེས་སྤྲས་བྱེད་པ་དང་། སློབ་སྦྱོང་ལ་འབད་པ་བྱེད་པ་དང་བདེ་ཐང་ངང་འཚར་ལོངས་བྱུང་ནས། དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་བྱེད་དགོས་པའི་སྐུལ་མ་བཏང་། མི་ཐབས་རིག་ནུས་སློབ་གསོའི་ཚོད་ལྟ་ཁང་དུ། ཧྲང་ཧེ་དང་མགོ་ལོག་གི་དགེ་སློབ་ཚོས་བརྙན་རིས་བརྒྱུད་དེ་མཉམ་དུ་སློབ་ཁྲིད་བྱེད་བཞིན་པ་མཐོང་རྗེས། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་སློབ་གྲྭས་བློ་མཐུན་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པར་འགན་ཁུར་ནས། མཐོ་སྒང་གི་བྱིས་པ་ཚོར་སྤུས་ལེགས་སློབ་གསོའི་ཐོན་ཁུངས་སྔར་ལས་མང་པོ་མཉམ་སྤྱོད་བྱེད་དུ་འཇུག་པ་དང་། ཕྱོགས་ཡོངས་ནས་འཚར་ལོངས་དང་ཤེས་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་སྐུལ་མ་བཏང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཡོམ་གྱི་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་ས་ཡོམ་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ལ་དུས་ནམ་ཡང་ཐུགས་ཁུར་ཟབ་མོ་གནང་བཞིན་ཡོད། མེན་ཧི་རྫོང་ཀྲུང་ཁྲོན་ཡུལ་ཚོ་ཅིན་ཐེན་སྡེ་བ་དང་ཚའོ་ཐན་སྡེ་བའི་གནས་སྤོར་གཅིག་བསྡུས་བདེ་འགོད་བྱེད་གནས་སུ། དགའ་སྤྲོའི་དུས་ཆེན་གྱི་རྣམ་པས་ཁེངས་ཡོད། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་མེན་ཧི་རྫོང་གི་ཡོམ་འགོག་རྒུད་སྐྱོབ་དང་ཡོམ་རྗེས་སླར་གསོ་བསྐྱར་འཛུགས་རྗེས་དྲན་འགྲེམ་སྟོན་ལ་བལྟས་པ་དང་། སྔ་གཞུག་ཏུ་སྡེ་དམངས་དབྱང་ཀྲུང་ཚའེ་དང་ཀྲང་ཆེན་ཞ་ཚང་གི་ཁང་པ་གསར་པའི་ནང་སོང་ནས། ཁང་པའི་གྲུབ་ཚུལ་དང་ཁྱིམ་ཆས་གློག་ཆས་ཀྱི་གནས་ཚུལ་ལ་བལྟས། དེའི་རྗེས། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་དྲིན་བསམ་ཐང་ཆེན་གྱི་ལོ་གསར་གྱི་ཚོང་ཟོག་བཙོང་ས་རུ་སོང་ནས། དུས་ཆེན་སྐབས་ཀྱི་ཚོང་རའི་མཁོ་འདོན་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཁྱད་ཆོས་ལྡན་པའི་ལོ་སར་རིག་གནས་ཉམ་སུ་མྱངས། ལོ་ལོན་བྱ་འགུལ་ལྟེ་གནས་སུ། ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་ཚབ་མི་སྣ་དང་མཉམ་དུ། འཁྲབ་སྟོན་ལ་བལྟས་པ་དང་ལོ་གསར་པའི་འཆར་གཞི་གླེང་།
རྟོག་ཞིབ་བྱེད་སྐབས། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་ད་དུང་ཀོན་ཐེན་ཧོར་རིགས་སློབ་འབྲིང་དུ་སོང་ནས། སློབ་གསོ་སློབ་ཁྲིད་སྤེལ་བའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། བྱིས་པ་ཚོར་སློབ་སྦྱོང་གི་ཡོ་བྱད་བཅུག་པའི་བརྩེ་སེམས་དཔེ་ཁུག་བྱིན།
ཝང་ཝེ་ཏུང་དང་ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན་བཅས་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注