ཞི་ལ་རྒྱལ་ཁབ་ཀྱི་ཙུང་ལི་ཟུར་པ་ཞི་མི་ཏི་སི་སྐུ་གཤེགས་པ།
ཞི་ལ་གསར་འགྱུར་ཁང་གིས་བསྒྲགས་པའི་གསར་འགྱུར་ལྟར་ན། ཞི་ལ་རྒྱལ་ཁབ་ཀྱི་ཙུང་ལི་ཟུར་པ་ཁང་སི་ཏན་ཏིན·ཞི་མི་ཏི་སི་ཚེས5ཉིན་སྐུ་གཤེགས་ལ། དགུང་ལོ88རེད།
རྒྱུས་ལོན་པ་ལྟར་ན། ཚེས5ཉིན་གྱི་སྔ་དྲོར། ཞི་མི་ཏི་སི་སྨན་ཁང་དུ་བསྐྱལ་དུས་དྲན་ཤེས་ཉམས་ཡོད་པས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ལོན་སྟབས་ཚེ་ལས་འདས་པ་ཁྱབ་བསྒྲགས་བྱས།
ཞི་མི་ཏི་སི་ནི1936ལོར་ཞི་ལའི་གྲུ་ཁ་གྲོང་ཁྱེར་པི་ལའེ་ཨའེ་ཧྥུ་སུ་རུ་སྐྱེས་ཤིང་། ཁོང་ནི་ཞི་ལའི་སྤྱི་ཚོགས་རིང་ལུགས་ལས་འགུལ་ཏང་གི་གསར་གཏོད་པའི་གྲས་ཡིན་ལ། 1996ལོའི་ཟླ6པ་ནས2004ལོ་བར་ཏང་ཁག་དེའི་ཀྲུའུ་ཞི་ཡི་འགན་འཁུར་ཞིང་། 1996ལོ་ནས2004ལོ་བར་ཐེངས་གཉིས་ལ་ཞི་ལའི་ཙུང་ལི་ཡི་འགན་འཁུར་བ་རེད། ཞི་ལའི་སྨྱན་སྦྱོར་གྱིས། ཞི་མི་ཏི་སི་ཙུང་ལི་ཡི་འགན་འཁུར་བའི་རིང་དཔལ་འབྱོར་བཅོས་སྒྱུར་དང་ཡོ་རོབ་གླིང་གཞི་གཅིག་ཅན་དུ་གཏོང་བར་སྐུལ་སྤེལ་བཏང་སྟེ་ཞི་ལ་ཡོ་སྒོར་ས་ཁུལ་དུ་ཞུགས་པའི་ཐད་ལ་ནུས་པ་བླ་ལྷག་བཏོན།
ཞི་མི་ཏི་སི་ལ་མྱ་ངན་ཞུ་ཆེད། ཞི་ལ་ནང་སྲིད་པུའུ་ཡིས་ཚེས4ཉིན་རྒྱལ་ཡོངས་ཀྱི་མྱ་ནང་ཞུ་བའི་ཉིན་མོ་ཡིན་པ་གཏན་ཁེལ་བྱས་པ་རེད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注